མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་ཕྱག་དེབ་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་བོད་ཀྱི་སྨན་རྩིས་ཁང་ཚོགས་ཁང་དུ་༸གོང་ས་མཆོག་གི་ཕྱག་དེབ་ ༢༨༠ ཙམ་འགྲེམས་སྟོན་དང་འབྲེལ་བགྲོ་གླེང་ཞིག་ཚོགས་སོང་།

༸གོང་ས་མཆོག་གི་ཕྱག་དེབ་ཕྱོགས་བསྡུ་གནང་མཁན་མགོན་པོ་རྒྱལ་ལགས་ཀྱིས་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢ པའི་སྟེང་། བོད་ཀྱི་སྨན་རྩིས་ཁང་ཚོགས་ཁང་དུ་༸གོང་ས་མཆོག་གི་གསུང་རྩོམ་བོད་ཡིག་ནང་ཡོད་པའི་དེབ་ ༡༡༦ ཙམ་དང་། དབྱིན་ཡིག་ཐོག་ཡོད་པ་ ༡༣༨། དེ་བཞིན། རྒྱ་ཡིག་དང་རྒྱ་གར། ཀོ་རི་ཡ་སོགས་ཀྱི་ཡི་གེའི་ནང་ཡོད་པ་བཅས་ཁྱོན་ཕྱག་དེབ་ ༢༨༠ ཙམ་འགྲེམས་སྟོན་གནང་བ་དང་འབྲེལ། རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་བཅས་གདན་འདྲེན་གྱིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་ལག་ལེན་བར་གྱི་ཁྱད་པར་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་གལ་ཆེན་རང་བཞིན། དེ་བཞིན་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་༸གོང་ས་མཆོག་ལ་ལྟ་སྟངས་སོགས་ཀྱི་ཐོག་གཏམ་བཤད་གནང་སོང་།  

སྐབས་དེར་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་༧གོང་ས་མཆོག་གིས་བོད་སྤྱི་དོན་ལ་སྐུ་ངལ་མང་པོ་བསྐྱོན་ཡོད་པ་དང་། ཁོང་གི་ལམ་སྟོན་དགོངས་བཞེད་ཁག་ཧ་ཅང་ཕུགས་རྒྱང་རིང་བོ་དང་རྩ་ཆེན་པོ་ཡིན་ཡང་བོད་མི་ཚོས་ཁོང་ལ་དད་པ་དག་སྣང་ཅི་ཙམ་བྱེད་ཀྱི་ཡོད་པ་དེ་ལྟ་བུ་ཞིག་ཁོང་གི་དགོངས་གཞི་བསྒྲུབ་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་། ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་༧གོང་ས་མཆོག་གིས་བཀའ་སློབ་གནང་བཞིན་པ་དེ་དག་ཧ་ཅང་རྩ་ཆེན་པོ་དང་གཏིང་ཟབ་མོ་ཡིན་པ་དང་། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སྟོན་པ་ཤཀྱཱ་ཐུབ་པས་བཀའ་གནང་བ་དེ་དག་ཀྱང་འདི་ལས་ལྷག་ཅིག་མིན་སྐོར་བརྗོད་བྱུང་། དེ་བཞིན། ཨ་འབྲུག་དཀོན་མཆོག་ལགས་ཀྱིས་དེང་སྐབས་རྒྱ་ནག་ནང་༧གོང་ས་མཆོག་གི་བཀའ་རྩོམ་སྐོར་ལ་སློབ་སྦྱོང་དང་ཉམས་ཞིབ་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་བོད་པ་རང་ངོས་ནས་བྱིན་རླབས་ཆེན་པོ་དང་རྩ་ཆེན་པོ་ཡིན་རབས་ཙམ་ལས། ཁོང་གི་བཀའ་སློབ་དང་ཕྱག་རྩོམ་ཁག་ལ་སློབ་སྦྱོང་དང་དཔྱད་ཞིབ། སྤྱི་ཚོགས་རང་བཞིན་གྱི་བགྲོ་གླེང་སོགས་གནང་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་། 

མཇུག་ཏུ་གསར་འགོད་པས་ཕྱག་དེབ་ཕྱོགས་བསྡུ་གནང་མཁན་མགོན་པོ་རྒྱལ་ལགས་སུ་ཕྱག་དེབ་ཕྱོགས་བསྡུས་ཀྱི་དམིགས་ཡུལ་དང་། མ་འོངས་པར་ལས་གཞི་འདིར་འཆར་གཞི་ཅི་ཡོད་སྐོར་དྲིས་པར། ཁོང་གིས། “ང་རང་གིས་ད་ལྟའི་བར་༸གོང་ས་མཆོག་གི་ཕྱག་དེབ་ ༥༧ ཙམ་བཀླགས་པ་དང་། དེའི་བརྒྱུད་རིམ་ཁྲོད་དུ་༸གོང་ས་མཆོག་ལ་ཕྱག་དེབ་ག་ཚོད་ཅིག་ཡོད་དམ་བསམ་པའི་དྲི་བ་ཞིག་བསླེབས་སོང་། དེ་ནས་སྒེར་ངོས་ནས་འགྲོ་སོང་བཏང་ཏེ་སྐུ་སྒེར་ཡིག་ཚང་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་། དེ་བཞིན་སློབ་གྲྭ་ཁག་གི་དཔེ་མཛོད་སོགས་སུ་སྐོར་བ་བརྒྱབ་ནས་ཕྱག་དེབ་མང་པོ་བསྡུ་རུབ་བྱས་ཏེ་ལོ་ ༡ ལྷག་ཕྱིན་པ་དང་།  ད་ལྟའི་བར་ས་གནས་ཁག་ ༡༥ ཙམ་ནང་ཕྱག་དེབ་འགྲེམས་སྟོན་བྱས་ཡོད་ལ། མ་འོངས་པར་མུ་མཐུད་དུ་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་འགྲེམས་སྟོན་བྱ་རྒྱུ་དང་། ལྷག་པར་དུ་རྒྱ་གར་གྱི་མཐོ་སློབ་ ༥ ཡི་ནང་འགྲེམས་སྟོན་བྱེད་པར་འབྲེལ་བ་བྱེད་བཞིན་པའི་སྒང་ཡིན། ལས་གཞི་འདི་འགྲེམས་སྟོན་ཁོ་ན་ལ་དམིགས་པ་ཞིག་མིན། ༸གོང་ས་མཆོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་བོད་མི་ཚོས་ཁོང་གི་དགོངས་གཞི་དང་མཛད་འཕྲིན་རྣམས་ཤེས་རྟོགས་དང་ལག་ལེན་ཡོང་ཐབས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་མ་འོངས་པར་བོད་ལ་ལོག་ཐུབ་ཚེ། གཞན་ཡུལ་ནས་༸གོང་ས་མཆོག་གིས་བོད་སྤྱི་བའི་དོན་དུ་སྐུ་ངལ་ཅི་ཙམ་བསྐྱོན་ཡོད་པ་དང་། མཛད་པ་འཕྲིན་ལས་ཇི་ལྟར་བསྐྱངས་པ་སོགས་བོད་རང་གི་སྐད་ཡིག་གི་ཐོག་ནས་ངོ་འཕྲོད་པ་དང་རྩིས་སྤྲོད་ཐུབ་པའི་རེ་བ་བཅངས་ཡོད། ” ཞེས་དང་།

ཁོང་གིས་མུ་མཐུད་བརྗོད་དོན། “ ངས་ལས་འཆར་ལྔ་ཙམ་ཡིག་ཐོག་ཏུ་བསྒྲིགས་ཡོད། དང་པོ་༸གོང་ས་མཆོག་གི་ཕྱག་དེབ་འགྲེམས་སྟོན། གཉིས། ༸གོང་ས་མཆོག་གི་དགོངས་གཞིའི་ཐོག་མཁས་པའི་བགྲོ་གླེང་། གསུམ། གསུང་རྩོམ་འགྲེམས་སྟོན་ཁང་འཛུགས་རྒྱུ། བཞི། གསུང་རྩོམ་ཡིག་བསྒྱུར་སྡེ་ཚན་འཛུགས། ལྔ། རྒྱལ་སྤྱིའི་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་ཞིག་འཛུགས་ཐུབ་པའི་རེ་བ་ཡོད། ” ཅེས་བརྗོད་སོང་།

གནས་ཚུལ་རྒྱས་པ་བོད་ཀྱི་དུས་བབ་ཚགས་པར་སྟེང་འགོད་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༨ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་“ ངས་ལས་འཆར་ལྔ་ཙམ་ཡིག་ཐོག་ཏུ་བསྒྲིགས་ཡོད། དང་པོ་༸གོང་ས་མཆོག་གི་ཕྱག་དེབ་འགྲེམས་སྟོན། གཉིས། ༸གོང་ས་མཆོག་གི་དགོངས་གཞིའི་ཐོག་མཁས་པའི་བགྲོ་གླེང་། གསུམ། གསུང་རྩོམ་འགྲེམས་སྟོན་ཁང་འཛུགས་རྒྱུ། བཞི། གསུང་རྩོམ་ཡིག་བསྒྱུར་སྡེ་ཚན་འཛུགས། ལྔ། རྒྱལ་སྤྱིའི་ཏཱ་ལའི་བླ་མའི་དཔེ་མཛོད་ཁང་ཞིག་འཛུགས་ཐུབ་པའི་རེ་བ་ཡོད། ” ་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese