མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྐུ་ཕྱྭར་གཟབ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་གྲྭ་དཀོན་མཆོག་བསོད་ནམས་ལཊ་ཀྱི་ཆེད་གཞུང་འབྲེལ་ཐོག་བསྔོ་སྨོན་མཆོད་འབུལ་གནང་སོང་།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད་ཡོངས། བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བོད་ནང་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་དང་མ་ལན་ཕྲུག་གཉིས་ཀྱི་བུ། སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་གི་རང་ལོ་ ༡༨ ཡིན་པའི་གྲྭ་དཀོན་མཆོག་བསོད་ནམས་ལཊ་གཙོས། ད་ལྟའི་བར་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་གཞུང་འབྲེལ་ཐོག་བསྔོ་སྨོན་མཆོད་འབུལ་གནང་སོང་།

མཆོད་འབུལ་སྨོན་ལམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་མི་སྐྱ་སེར་ཕོ་མོ་ ༡༢༠ རང་ལུས་མེར་བསྲེཊ་གནང་སྟེ་བོད་མི་ ༡༠༣ འདས་གྲོངས་སུ་གྱུར་ཡོད་པ་དང་། ༢༠༡༣ ལོ་གཅིག་པུའི་ནང་བོད་མི་སྐྱ་སེར་ ༢༢ རང་ལུས་མེར་བསྲེཊ་གནང་ཡོད་པ་ངོ་སྤྲོད་དང་འབྲེལ། ད་ལྟའི་ཆར་རྒྱ་གར་སྤྱི་ཡོངས་དང་། ལྷག་པར་དུ་ཧི་མ་ཅལ་ནང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ནང་ཆོས་དང་འབྲེལ་བའི་དགོན་སྡེ་ཁག ཉེན་ཁ་ཡོད་པའི་ས་གནས་བཅས་སུ་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ཉེ་ཆར་འཇིགས་སྐུལ་རིང་ལུགས་པས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཉེ་འགྲམ་དང་། བོད་པའི་དགོན་པ་བཅས་སུ་འགད་རྫས་གཡུག་ཏེ་གནོད་སྐྱོན་བཟོས་ཡོད་སྟབས། ཚང་མས་ཐུགས་སྣང་དང་གཟབ་གཟབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་།

ཁོང་གིས་༸གོང་ས་མཆོག་སྐུ་ཕྱཱ་དང་མ་འོངས་པར་བོད་མི་ཚོས་དོ་སྣང་གནང་ཕྱོགས་ཐད།  “ བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གནད་ཡོད་མི་སྣར་༸གོང་ས་མཆོག་གཙོས་པའི་དགོན་སྡེ་ཁག་གི་བདེ་འཇགས་ལ་དམིགས་བསལ་འགན་འཁུར་དགོས་ཀྱི་འདུག་ཅེས་ཞུས་པ་ལྟར། ད་ལྟའི་ཆར་རྒྱ་གར་གཞུང་གིས་དམིགས་བསལ་༸གོང་ས་མཆོག་གི་སྐུ་ཕྱཱར་དོ་སྣང་དང་སྲུང་སྐྱོབ་གནང་གི་ཡོད། གཙོ་ཆེ་ཤོས་ང་ཚོའི་གཞིས་ཆགས་ཁག་རྒྱ་གར་ཡུལ་མི་དང་འདྲེས་ཡོད་པ་དང་། ལྷག་པར་དུ་ཁ་ཆེ་དང་འབྲེལ་ཡོད་པའི་གཞིས་ཆགས་ཁག་ གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབོད་སྐུལ་ཞུས་པ་ལྟར་ཕན་ཚུན་གྱི་མཐུན་ལམ་ལ་ཐུགས་སྣང་གནང་རྒྱུ་དང་། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚང་མས་ཡུལ་མི་དང་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་དུ་འཛིན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

༢༠༢༣/༠༩/༢༠
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩
Mobile App

ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གསུམ་པ་འཚོགས།

༢༠༢༣/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist