མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ། ཞི་བདེའི་དམག་མི་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་བ་བེ་ཇི་ཀ་རན་ཌེ་ལགས་ཀྱིས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་བོད་ཀྱི་གནས་ཚུལ་སྐོར་རི་མོའི་ལམ་ནས་བྲིས་པའི་བྱིས་སྒྲུང་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་སྟེང་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བོད་སྨྱུག་ཚོགས་པའི་གོ་སྒྲིག་འོག རྒྱ་གར་བོད་ཀྱི་གྲོགས་པོ་བེ་ཇི་ཀ་རན་ཌི་(  Vijay Kranti) ལགས་ཀྱིས་དབྱིན་ཇིའི་སྐད་ཡིག་ནང་ཡོད་པའི་རི་མོའི་ལམ་ནས་བྲིས་བའི་བྱིས་སྒྲུང་༼ཏཱ་ལའི་བླ་མ། ཞི་བདེའི་དམག་མི་ཞིག ༽ཅེས་པ་དེ་སློབ་གྲྭའི་སློབ་སྤྱི་གཙོས་དགེ་སློབ་ཚོ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་མཉམ་ཞུགས་ཐོག་དབུ་འབྱེད་གནང་སོང་།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐུ་ཞབས་བེ་ཇི་ཀ་རན་ཌེ་ལགས་ངོ་སྤྲོད་གནང་བར། ཁོང་ནི་ཆེད་ལས་པར་རྒྱག་མཁན་དང་གསར་འགོད་པ། རྩོམ་པ་པོ་བཅས་ཡིན་པ་དང་། ད་ལྟ་བར་ཁོང་གིས་དཔེ་དེབ་ ༩ ཙམ་བཏོན་ཡོད་འདུག འདས་པའི་ལོ་ ༣༠ རིང་ཁོང་གིས་བོད་དང་བོད་དོན་སྐོར་གྱི་པར་དང་རྩོམ་ཡིག་མང་པོ་རྒྱ་གར་གྱི་ཚགས་པར་དང་དུས་དེབ། དྲ་ཚིགས་སོགས་སུ་བཀོད་དེ་རྒྱ་གར་མི་མང་ལ་བོད་སྐོར་ལ་གོ་རྟོགས་སྤེལ་ཡོད་འདུག  བསྟན་འཛིན་བརྩོན་ལགས་ཀྱིས། “ ང་སྔོན་ཆད་སློབ་མ་ཡིན་དུས་ཁོང་གིས་བྱིས་སྒྲུང་དཔེ་དེབ་ཅིག་བརྩམས་ཡོད་པའི་ནང་ངས་བོད་ཀྱི་འཐབ་རྩོད་དང་ལོ་རྒྱུས་སྐོར་གྱི་གནད་འགག་མང་པོ་ཞིག་མཐོང་སྟེ་སློབ་སྦྱོང་བྱས་མྱོང་ཡོད” ཅེས་བརྗོད་བྱུང་།

དེ་རྗེས་རྩོམ་པ་པོ་ཁོང་ད་རེབ་དབུ་འབྱེད་གནང་བའི་བྱིས་སྒྲུང་དེའི་སྐོར་ངོ་སྤྲོད་གནང་རྒྱུར། དཔེ་དེབ་འདི་ཁྱེད་རང་ཚོ་དགའ་ཤོས་ཀྱི་མི་ ༧གོང་ས་མཆོག་གི་སྐོར་ཡིན། ༡༩༨༢ ལོར་ངས་བྱིས་སྒྲུང་དཔེ་དེབ་དང་པོ་དེ་འབྲི་སྐབས་ངའི་བསམ་བློ་ནང་ཏཱ་ལའི་བླ་མ་སུ་ཡིན་མིན་དང་ཁོང་རྒྱ་གར་ནང་ཕེབས་དགོས་དོན། བོད་ཟེར་བའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་མིན་སྐོར་སོགས་བྲིས་ཡོད། དེང་སང་རྒྱ་གར་གཙོས་འཛམ་གླིང་མི་མང་གིས་ ༧གོང་ས་ཏཱ་ལའི་བླ་མའི་སྐོར་གྱི་གནས་ཚུལ་མང་པོ་ཤེས་ཀྱི་ཡོད་ཀྱང་། ད་རུང་འཛམ་གླིང་ནང་གི་མི་མང་པོ་ཞིག་གིས་ཁོང་དང་བོད་པའི་སྐོར་དེ་ལས་མང་བ་ཤེས་འདོད་ཡོད་མཁན་མང་པོ་ཡོད་སྟབས།  ངས་ཁོ་ཚོའི་རེ་འདོད་སྐོང་ཆེད་ལ་བསམ་བློ་བཏང་བ་ཡིན། བོད་ཀྱི་གནད་དོན་སྐོར་ཆབ་སྲིད་ཀྱི་ངོ་བོའི་ཐོག་མང་ཚོགས་ལ་བཤད་པ་ཡིན་ན་དཀའ་ངལ་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་བ་མང་པོས་དཔེ་དེབ་སྣ་མང་བརྩམས་ཏེ། བོད་དོན་ཁྱབ་བསྒྲགས་བྱེད་པ་ནང་བཞིན། ངས་བྱིས་སྒྲུང་དཔེ་དེབ་འདི་བྲིས་ཏེ་བོད་དོན་ཁྱབ་བསྒྲགས་ལ་ཕན་ཐོགས་གང་ལེགས་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ཅེས་སོགས་བརྗོད་བྱུང་།

བྱིས་སྒྲུང་དཔེ་དེབ་དེའི་ནང་དོན་གཙོ་བོ། ༧གོང་ས་སྐུ་བཅུ་གསུམ་པའི་ཡང་སྲིད་འཚོལ་སྟངས་སྐོར་དང་། བོད་དེ་ཨེ་ཡ་ཤའི་ས་ཆ་གང་དུ་ཡོད་པ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་གང་དག་ཡིན་པ། ༡༩༤༩ ལོའི་སྔོན་དུ་བོད་པར་རང་ཉིད་ཀྱི་ཤོག་དངུལ་དང་ཊམ་ཀ སྦྲག་རྟགས་བཅས་ཡོད་པའི་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་ཇི་ལྟར་བྱས་མིན་སོགས་བཀོད་འདུག  

རྩོམ་པ་པོས་ངོ་སྤྲོད་གནང་བ་ལྟར་ན། ཁོང་སློབ་ཕྲུག་ཡིན་སྐབས་ཁོ་ཚོའི་སློབ་དེབ་ནང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྐོར་གྱི་སློབ་ཚན་ཞིག་ཡོད་པ་དང་། དེའི་ནང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ནི་བོད་ཡིན་སྐོར་བཀོད་ཡོད་འདུག དེ་ནི་ཁོས་བོད་ཅེས་པའི་ཐ་སྙད་དེ་ཆེས་ཐོག་མར་མཐོང་བ་ཡིན་པ་དང་། ཁོ་རང་གིས་ཆེས་དགའ་མོས་བྱེད་ཡུལ་ནི། བོད་པའི་རྒྱལ་བོ་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས། བོད་ཀྱི་བླ་མ་དང་གཞུང་གི་དཔོན་རིགས་ཚོས་ཁོང་གི་ཡང་སྲིད་བྱིས་པ་ཆུང་ཆུང་དེ་ཇི་ལྟར་འཚོལ་ཞིབ་གནང་བ་དང་། ཡང་སྲིད་ཐག་གཅོད་གནང་རྗེས་བྱིས་པ་ཆུང་ཆུང་དེ་ཇི་ལྟར་བོད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བསྐོ་བཞག་བྱས་པ་དེ་ཡིན་འདུག

ཁོང་རང་སློབ་མཐར་ཕྱིན་རྗེས་གསར་འགོད་པའི་ཕྱག་ལས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་ཚགས་ཤོག་ཁག་གིས་ཁོ་ལ་བོད་པའི་སྐོར་མང་ཙམ་འབྲི་བའི་རེ་སྐུལ་ཞུས་ཡོད་ཀྱང་། སྐབས་དེར་ཁོས་བོད་དང་ཏཱ་ལའི་བླ་མ། བོད་ཀྱི་ལག་སྐོར་མ་ཎི། ལྕེ་བསྣར་བའི་གུས་སྲོལ་མ་གཏོགས་ཤེས་ཀྱི་མེད་པ་དང་། དེའི་རྗེས་༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་བཀླགས་ཏེ་བོད་སྐོར་ལ་མང་པོ་ཤེས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    དེང་སྐབས་བོད་མི་ཚོས་བོད་རང་བཙན་མིན་པར་སྒྲུབ་གང་ནུས་བྱེད་པའི་དུས་འདིར་ཕྱི་རྒྱལ་བ་ཚོས་བོད་རང་བཙན་ཡིན་པར་སྒྲུབ་པའི་དུས་ཚོད་ཅིག་འཆར་ནས་ཡོང་གིན་པ་འདི་ཡང་དེང་རབས་ཆབ་སྲིད་ཀྱི་འགྱུར་འགྲོས་ཤིག་ཡིན་རྒྱུ་རེད་པ།

    སྔར་བོད་མི་སྟོང་ཕྲག་མང་པོས་རང་བཙན་ཤོར་འགྲོ་སྐབས་སྲོག་བསྡོས་ཀྱིས་ཤི་འཛིངས་བྱས་པ་རེད་མོད། སྐབས་དེར་ཕྱི་རྒྱལ་གྱི་གཞུང་སྒེར་ནང་དུ་རྒྱབ་སྐྱོར་བྱེད་མཁན་རེ་གཉིས་ལས་མ་བྱུང་སྐད། དེང་སྐབས་བོད་མི་གཞུང་སྒེར་གཉིས་ཐད་ནས་བོད་རང་བཙན་མི་འདོད་པ་མ་ཟད། བོད་རང་བཙན་གླེང་བ་ཙམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ལ་འགལ་སོང་བར་མཐོང་བའི་དུས་འདིར། ཕྱི་རྒྱལ་བ་ཚོས་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་རྡོ་སྒྲིག་སྒྲིག་བྱས་དང་བྱེད་བཞིན་འདུག

    ད་ནམ་ཞིག་བོད་པས་བོད་རང་བཙན་མིན་ཞེས་སྒྲུབ་བྱེད་ཁོངས་ལུང་རྡོ་སྒྲིག་སྒྲིག་བྱས་ནས་བོད་རང་བཙན་མིན་པར་སྒྲུབ་གང་ནུས་བྱས་ན། ཕྱི་རྒྱལ་བ་ཚོས་ལུང་དང་རིག་པ། ཡིག་ཆ་སོགས་མང་དུ་དྲངས་ཏེ་བོད་རང་བཙན་ཡིན་པར་སྒྲུབ་གང་ནུས་ཅི་ཐུབ་བྱེད་པའི་ཉི་མ་ནག་པོ་ཞིག་འཆར་སྲིད་དམ།
    ངོ་མ་ཆབ་སྲིད་ཟེར་བ་འདི་མགོར་རྡོ་བཞུས་པ་ལྟར་ནག་ཐོམ་མེ་བ་ཞིག་རེད་ཨང་།
    སྐུ་ཞབས་Vijay Kranti ལགས་ལ་ཐུགས་རྗེ་ཆེ་ཞུ།

    གྲོགས་ལྷ་སྐྱབས་རྒྱལ་གྱིས་གསར་འགྱུར་མང་པོ་བྲིས་ཀྱངཁོང་གི་མིང་འཁོད་གསར་འགྱུར་མཐོང་བ་དེ་རིང་གི་འདི་ཐོག་མ་ཡིན།
    བཀའ་དྲིན་ཆེ་གྲོགས་བཟང་པོ། ཚིག་སྦྱོར་དང་དོན་སྟོན་སྟངས་སོགས་གང་ནས་ཐད་ནས་ལེགས་པར་མཐོང་བྱུང་བས་མུ་མཐུད་ནས་འབད་པས་སྒྲུབས་ཤིག་ཀྱེ།

    Reply
  2. བཀྲ་ཤིས་ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་གསར་པ་ལྷ་སྐྱབས་རྒྱལ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། གོང་འཁོད་གསར་འགྱུར་དེ་ཧ་ཅང་གི་ཚིག་འགྲོས་བདེ་བོ་དང་ཁ་གསལ་བོ་ཡག་པོ་འདུག གསར་འགོད་པ་ཚོའི་རྣམ་དཔྱོད་དང་ཉམས་མྱོང་ལ་འགྲན་ཟླ་ཡོད་པ་མ་རེད། ཁྱེད་ཅག་ལ་གུས་ཞབས་ཆེན་པོ་བྱེད་ཀྱིན་ཡོད་ལགས་སོ།།།

    Reply
  3. བཙན་ནག་པས། says:
    ལོ་ 13 སྔོན།

    ཕྱི་མི་ཞིག་གི་བོད་དེ་རང་བཙན་ཡིན་པའི་བསྐོར་གྱི་དེབ་བྲིས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཁོང་ལ་སྙིང་ཐག་པ་ནས་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ བྱིས་སྒྲུང་དཔེ་དེབ་དེའི་ནང་དོན་གཙོ་བོ། ༧གོང་ས་སྐུ་བཅུ་གསུམ་པའི་ཡང་སྲིད་འཚོལ་སྟངས་སྐོར་དང་། བོད་དེ་ཨེ་ཡ་ཤའི་ས་ཆ་གང་དུ་ཡོད་པ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་གང་དག་ཡིན་པ།
    ༡༩༤༩ ལོའི་སྔོན་དུ་བོད་པར་རང་ཉིད་ཀྱི་ཤོག་དངུལ་དང་ཊམ་ཀ སྦྲག་རྟགས་བཅས་ཡོད་པའི་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་ཇི་ལྟར་བྱས་མིན་སོགས་བཀོད་འདུག ་་་་་་་་་་

    Reply
  6. དུས་རབས་གསར་པ། says:
    ལོ་ 13 སྔོན།

    སྐུ་ཞབས་Vijay Krantiཁོང་ལ་བཀའ་དྲིན་ཆེ་ཞུའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese