མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཡིག་གཟུཊ་ཇེ་ནེ་སི་ཟིན་ཐོར་བཀོད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུའི་ཉིན་བོད་ནང་གི་ཡིག་གཟུཊ་འབྲི་མཁན་དགེ་མང་འཇམ་དཔལ་དང་ལྷ་བྲིས་པ་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ཡིག་གཟུཊ་ལ་འཛམ་གླིང་ཇེ་ནེ་སི་ཟིན་ཐོའི་བྱ་དགའ་ཐོབ་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་འཛམ་གླིང་ཇེ་ནེ་སི་ཟིན་ཐོའི་ (World Guinness Record) བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་བསྡུས་ཡོད་པའི་ཐོག བོད་ནང་གི་ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་ལགས་དང་། ལྷ་བྲིས་བ་རྡོ་རྗེ་དོན་འགྲུབ་ལགས་གཉིས་ཀྱིས་བྲིས་པའི་འཛམ་གླིང་ཐོག་ཆེས་རིང་བ་དང་ཡིག་གཟུགས་ཆེས་མང་བའི་བརྩམས་ཆོས་༼བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས༽ཞེས་པར་འཛམ་གླིང་ཇི་ནེ་སི་ཟིན་ཐོའི་བྱ་དགའ་ཐོབ་ཡོད་འདུག

ཡིག་གཟུགས་གཅེས་བསྡུས་དེའི་རིང་ཚད་ལ་སྨི་ ༢༠༦ དང་། མཐོ་ཚད་ལ་ལི་སྨི་ ༨༠ ཡོད་འདུག་ལ། ཐེངས་འདིར་ཁོང་གཉིས་ཀྱིས་ལག་སོན་བྱུང་བའི་བོད་ཀྱི་ལོ་རྒྱུས་རིམ་བྱུང་གི་ཡིག་གཟུགས་རིགས་མི་འདྲ་བ་ ༡༧༧ འགྲེམས་སྟོན་བྱས་ཡོད་པ་དང་། ཡིག་གཟུགས་དེ་དག་ནི་ཀ་མད་སུམ་ཅུ་དང་ལེགས་བཤད། སྙན་ངག་བཅས་ལ་སྦྱར་ཏེ། གནའ་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་སོ་སོ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་རིམ་བཞིན་བཀོད་པ་དང་། བོད་ཀྱི་ཡི་གེ་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་ལོ་ངོ་ ༤༠༠༠ ལྷག་གི་ལོ་རྒྱུས་ཐོག་བྱུང་བའི་ཡིག་གཟུགས་གསར་གཏོད་མཁན་སོ་གཉིས་ཀྱི་སྐུ་བརྙན་གོ་རིམ་བཞིན་བཀོད་པ་བརྒྱུད་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་དེའི་ལོ་རྒྱུས་ལ་ཐོས་བསམ་དབེན་པའི་མིག་སྔའི་སྟོང་ཆ་འདི་བསྐོང་ཅི་ཐུབ་བྱས་ཡོད་འདུག

ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་དང་ལྷ་བྲིས་ཉན་ཤུལ་རྡོ་རྗེ་དོན་གྲུབ་གཉིས་ཀྱིས། ལོ་ངོ་བཞིའི་རིང་ལ་བོད་མདོ་དབུས་ཁམས་གསུམ་གྱི་གྲྭ་ས་དང་དགོན་སྡེ། བཤམས་སྟོན་ཁང་། དེ་མིན་བླ་སྤྲུལ་དང་། དམངས་ཁྲོད་ཀྱི་ཉར་ཚགས་མཁན་ལ་སོགས་པའི་སར་བཅར་ནས་རྒྱུ་ཆ་དཀོན་པོ་དེ་རིགས་འཚོལ་སྡུད་དང་ཕྱོགས་བསྡུས་བྱས་པ་དང་། ཡིག་གཟུགས་དེ་དག་གི་འབྲི་སྟངས་ལ་སྦྱོང་བ་དང་། མཚོན་དོན་ལ་ངོས་འཛིན་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འདི་ཐོག་མར་གེགས་མེད་བདེ་བླག་ངང་ལེགས་འགྲུབ་བྱུང་བ་ཞིག་ཡིན་འདུག

ཡིག་གཟུགས་འབྲི་མཁན་དགེ་མང་འཇམ་དཔལ་ལགས་ནི། ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གླིང་གི་སློབ་དཔོན་དང་། བློ་དེབ་རིག་པའི་ཉིན་བྱེད་ཞེས་པའི་སློབ་དེབ་གསུམ་དང་ཡིག་གཟུགས་མ་ཕྱི་མཁས་པའི་ཕྱག་རྒྱུན་དང་པོ་དང་གཉིས་པ་འབྲི་བ་པོ། ༡༩༩༣ ལོར་རྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་ཀྱི་ཨང་དང་པོ།   བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འབྲི་མཁན་གྱི་མི་སྣ། ཀྲུང་གོའི་སྒྱུ་རྩལ་མཉམ་ཞིབ་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐེན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་བསྒྲུབས་པའི་ཐེངས་དང་པོའི་བི་ཤྭ་ཀརྨ་བུམ་པའི་ཕུལ་བྱུང་རི་མོ་དང་ཡིག་གཟུགས་བཤམ་སྟོན་གདན་ཞུའི་ཚོགས་འདུའི་སྐབས་ཡིག་གཟུགས་ཨང་དང་པོའི་བྱ་དགའ་ཐོབ་མཁན་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. གངས་ལྡོམ། says:
    ལོ་ 13 སྔོན།

    དངོས་གནས་ཡག་པོ་རེད་ཤག ཡིན་ནའི་དེང་སང་ཡིག་གཟུགས་སྣ་ཚོགས་སྦྱོང་པ་ལས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་བསྟུན་པའི་ཤེས་བྱ་སྦྱོང་ན་ལེགས་པར་སེམས།

    Reply
  2. བོད་དགའ། says:
    ལོ་ 13 སྔོན།

    “བོད་ཀྱི་ཡི་གེ་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་ལོ་ངོ་ ༤༠༠༠ ལྷག་གི་ལོ་རྒྱུས་ཐོག་བྱུང་བའི་ཡིག་གཟུགས་གསར་གཏོད་མཁན་སོ་གཉིས་ཀྱི་སྐུ་བརྙན་གོ་རིམ་བཞིན་བཀོད་པ། ” ཟེར།
    ཐོན་མི་སམ་བྷོ་ཊ་བྱུང་ནས་ལོ་ ༤༠༠༠ ལྷག་འགྲོ་བཞིན་པ་ཡིན་ནམ། ཡང་ན་དེ་མིན་བོད་ཀྱི་ཡིག་གཟུགས་གསར་གཏོད་མཁན་ལོ་ ༤༠༠༠ ལྷག་ཕྱིན་ཟིན་པ་སུ་ཞིག་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese