མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཁུ་རྒྱ་སྟག་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྨ་ལྷོ་བོད་རིཊ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཨ་ཁུ་རྒྱ་སྟག་ལཊ་སུ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག  

རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ནང་བོད་མདོ་སྨད་རྨ་ལྷོ་རེབ་གོང་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བར་རྐྱེན་བྱས་ཏེ། རེབ་གོང་མདོ་བ་ཞང་ཁྱུ་ལྔ་འཚོ་བའི་རང་ལོ་ ༦༣ ཡིན་པའི་ཨ་ཁུ་རྒྱ་སྟག་ལགས་འཛིན་བཟུང་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ཕྱི་ཟླ་ ༢ པའི་ཚེས ༨ ཉིན་གྱི་ཕྱི་དྲོར་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཁོང་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་ཐག་དང་། ལོ་གཉིས་ཀྱི་ཚབ་སྲིད་ཁེ་དབང་འཕྲོག་ཡོད་སྐོར་བསྒྲགས་རྗེས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག  

འདིའི་ཐད་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲ་རྒྱའི་སྟེང་གནས་ཚུལ་ཞིག་སྤེལ་བའི་ནང་། འདི་ལོའི་ཟླ་ ༢ པའི་ཚེས་ ༨ ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། རྒྱ་སྟག་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་གྱོད་གཞིར་ཁྲིམས་ར་ནས་ཞིབ་གཅོད་བྱས་པར་མ་ཟད། ཁོས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་ཅིང་ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་འཕྲོག་ལེན་བྱས་ཡོད་ཚུལ་དང་། སྐབས་དེར་རྨ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་རར་མི་མངགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་དང་། ཞུ་སྦྱོར་ཕྱི་མ་རྒྱ་སྟག་དང་དེའི་བཤེར་རྩོད་པ་སོགས་ཁྲིམས་རར་ཕྱིན་ནས་གཏུག་བཤེར་ནང་ཞུགས་བཅུག་ཡོད་པ་དང་། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་གྱོད་གཞིར་ཞིབ་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མ་བའི་གཏུག་བཤེར་དབང་ཆ་འགན་སྲུང་གང་ལེགས་བྱས་ཡོད་པ་མ་ཟད། ཁྲིམས་རར་གཏུག་བཤེར་སྐབས་བོད་སྐད་ཀྱི་ལོ་ཙཱ་བ་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད་སྐོར་བསྒྲགས་འདུག

ཡང་གནས་ཚུལ་ནང་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ༢༠༡༢ ལོའི་ཟླ་ ༡༡ པར་ཐུན་རིན་རྫོང་མདོ་བ་ཞང་ནས་རང་སྲེག་དོན་རྐྱེན་ཐེངས་མང་བྱུང་རྗེས། རྒྱ་སྟག་གིས་མི་གཞན་དང་མཉམ་དུ་སྒོར་མོ་དང་དངོས་རྫས་ཁྱེར་ནས་རང་སྲེག་མཁན་བསྟན་ཆེ་གེ་མོ་དང་སྙིང་ཆེ་གེ་མོ། ལྷུན་ཆེ་གེ་མོ་སོགས་ཀྱི་ཁྱིམ་དུ་འཚམས་འདྲིར་ཕྱིན་སྟེ། རང་སྲེག་མཁན་གྱི་ཁྱིམ་མི་དང་དེར་ཡོད་ཀྱི་མང་ཚོགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པའི་གཏམ་བརྗོད་སྤེལ་ཡོད་པ་དང་། རང་སྲེག་མཁན་གྱི་ཁྱིམ་ནས་ “བོད་རང་བཙན” གྱི་གཏམ་བརྗོད་སྤེལ་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་བསགས་ཡོད་སྟབས། ཉེས་པ་བསགས་པའི་དོན་དངོས་དང་ངོ་བོ། གནས་ཚུལ། སྤྱི་ཚོགས་ལ་ནག་ཉེས་བཟོས་ཚད་བཅས་ལ་གཞིགས་ཏེ་ཁྲིམས་ཐག་བཅད་ཚུལ་བསྒྲགས་འདུག

གནས་ཚུལ་འདིའི་ཐད་བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་བསོད་ནམས་ལགས་སུ། རྒྱ་ནག་གཞུང་གིས་ཨ་ཁུ་རྒྱ་སྟག་ལགས་ལ་འཛིན་བཟུང་ཁྲིམས་ཆད་བྱས་པའི་རྒྱུ་རྐྱེན་གཙོ་བོ། ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༡ ནས་མདོ་བ་ཞང་དུ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་མགོ་ཁྲིད་དང་ལས་བྱེད་མི་སྣ་ཡོང་སྟེ་རང་ལུས་མེར་བསྲེཊ་ཀྱི་དོན་རྐྱེན་དང་འབྲེལ་བའི་བོད་མིའི་ངོ་རྒོལ་ཐད་རྩད་གཅོད་བྱས་སྐབས། ཨ་ཁུ་རྒྱ་སྟག་ལགས་ཀྱིས་ཞིང་ཆེན་ནས་ཡོང་བའི་མགོ་ཁྲིད་ལ་རྣམ་འགྱུར་མི་ལེགས་པ་བསྟན་ཡོད་པ་མ་ཟད། རང་ལུས་མེར་བསྲེཊ་དང་འབྲེལ་བའི་མི་མང་འདུ་འཛོམས་དང་སྐད་འབོད་ཁྲོམ་བསྐོར་སོགས་ཀྱི་སྣེ་འཁྲིད་མཁན་ཁོ་རང་གཅིག་པུ་ཡིན་པའི་ཁས་ལེན་བྱས་པ་དང་། ད་དུང་ཁོས་བོད་ཀྱི་སྲོལ་རྒྱུན་འགྲོ་ལུགས་ལྟར་ཚེ་འདས་དག་གི་ཁྱིམ་མིར་སེམས་གསོ་བྱས་པ་དང་། མཆོད་མེ་ཞལ་འདེབས་ཕུལ་བའི་དབང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་ཚུལ་བརྗོད་འདུག

ཕྱི་ལོ་ ༢༠༡༢ ལོའི་ཕྱི་ ༡༡ པའི་ནང་བོད་མདོ་སྨད་རེབ་གོང་མདོ་བ་ཞང་དུ། འབྲོག་སྡེ་བའི་སྐལ་བཟང་སྦྱིན་པ་ལགས་དང་། མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས། མདོ་བ་སྒྲོ་རོང་བོ་སྡེ་བའི་རང་ལོ་  ༢༤ ཡིན་པའི་སྙིང་དཀར་བཀྲ་ཤིསལགས།  རང་ལོ་  ༡༩ ཡིན་པའི་སྙིང་ལྕགས་བྱམས་ལགས། མདོ་བ་འབྲོག་ཡོ་ལག་སྡེ་བའི་རང་ལོ་ ༡༨ ཡིན་པའི་ཀླུ་འབུམ་ཚེ་རིང་བཅས་རྒྱལ་གཅེས་དཔའ་བོ་མང་པོ་ཞིག་གིས་སྔ་ཕྱིར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese