སྔར་ལོའི་ཕྱི་ཟླ་ ༡༡ ནང་བོད་མདོ་སྨད་རེབ་གོང་དུ་རང་ལུས་མེར་བསྲེཊ་ཀྱི་དོན་རྐྱེན་བྱུང་སྐབས། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རེབ་གོང་མདོ་བ་ཁྱུ་ལྔ་ནས་ཡིན་ཞིང་། རེབ་གོང་རྫོང་སློབ་འབྲིང་གི་སློབ་མ་རྡོ་རྗེ་ཞུ་བ་ཞིག་ལ། རང་ལུས་མེར་བསྲེཊ་དང་འབྲེལ་བ་ཡོད་པ། བོད་རང་བཙན་གྱི་སྐད་འབོད་དང་གངས་སྲོལ་རྒྱུན་འཛིན་ཚོགས་པ་གསར་འཛུཊ་བཅས་ཀྱི་ཉེས་མིང་འོག འདི་ལོའི་ཕྱི་ཟླ་ ༢ པའི་ཟླ་མགོར་ལོ་ ༢ དང་ཕྱེད་ཀའི་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ལིང་གི་ཁྲིམས་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག
གཞན། སྔར་ལོའི་ཕྱི་ཟླ་ ༡༡ ནང་བོད་མདོ་སྨད་རེབ་གོང་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་སྐབས་འཛིན་བཟུང་བྱས་པའི་རེབ་གོང་མདོ་བ་མཁར་སྐྱ་སྡེ་བའི་གྲྭ་གྲགས་པ་རྒྱ་མཚོ་ལགས་དང་། མདོ་བ་རྒྱ་འདུ་སྡེ་བའི་གྲྭ་འཇིགས་མེད་བསྟན་འཛིན་གཉིས། ཟླ་ ༩ ལྷག་རེབ་གོང་དང་ཟི་ལིང་བཅས་སུ་བཙོན་འཇུག་བཀག་ཉར་བྱས་རྗེས་ཟླ་འདིའི་ཟླ་མགོར་ཀློད་གྲོལ་བཏང་འདུག