མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌའི་གཞིས་གྲོང་བདུན་པའི་ཕོ་གསར་གཉིས་ཀྱིས་བུ་མོ་ཆུང་ཆུང་ལོ་ ༥ ཡས་མས་ཅན་ཞིག་ལ་བཙན་གཡེམ་བྱས་ཡོད་འདུག

ཉེ་ཆར་གནས་ཚུལ་འབྱོར་བར། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་བདུན་པའི་ཕོ་གསར་གཉིས་ཀྱིས་བུ་མོ་ཆུང་ཆུང་ལོ་ ༥ ཡས་མས་ཅན་ཞིག་ལ་བཙན་གཡེམ་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ཐོག་མར་ས་གནས་གནད་ཡོད་མི་སྣ་ཚོས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ན་ཧ་ཅང་ངོ་ཚ་བོ་ཡིན་སྐོར་བརྗོད་དེ་ནང་འགྲིག་ཡོང་ཐབས་ཀྱིས་གནས་སྐབས་རིང་གསང་པ་བྱས་ཡོད་ཀྱང་། ས་གནས་བུད་མེད་ལྷན་ཚོགས་དང་བུ་མོ་དེའི་གཉེན་འབྲེལ་བཅས་ཀྱིས་གནས་ཚུལ་དེ་རྒྱ་ཡན་དུ་གཏན་ནས་གཏོང་མི་ཉན་ཚུལ་བརྗོད་པ་དང་། ལྷག་པར་དུ་སྤྱི་ཚོགས་དྲ་འབྲེལ་ཁག་ཅིག་ནང་དེའི་སྐོར་གླེང་སློང་ཤུགས་ཆེན་བྱུང་བ་བཅས་ལ་བརྟེན་ཏེ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཐག་གཅོད་ལྟར་ཕྱིར་བསྒྲགས་བྱས་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོང་གསལ་གནས་ཚུལ་སྐོར་ཚུལ་སྤེལ་དོན། “མོན་གྷོ་གཞིས་ཆགས་སུ་ཉེ་ཆར་བོད་ཕྲུག་ལོ་ན་མ་སོན་པའི་བུ་མོ་ཞིག་ལ་གཞིས་ཆགས་གཅིག་པའི་སྐྱེས་པ་གཉིས་ཀྱིས་ལོག་གཡེམ་གྱི་གནས་ཚུལ་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་ཡོངས་སུ་རྫོགས་པར་གནས་ཚུལ་འདིའི་རིགས་བྱུང་ཚེ་འཕྲལ་དུ་ས་གནས་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་དགོས་པའི་དོ་ནན་གྱི་བཀོད་ཁྱབ་བཏང་ཡོད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་དོན། འདི་ལྟ་བུའི་ཚབས་ཆེའི་ནག་ཉེས་ཀྱི་གནས་ཚུལ་བྱུང་བ་དེ་ས་གནས་ཉེན་རྟོག་ལས་ཁུངས་སུ་ཞུ་རྒྱུ་དང་ཁྲིམས་ལྟར་དཀའ་ངལ་སེལ་ཐུབ་པ་བྱ་འགྱུར་འདི་ག་ནང་སྲིད་ལས་ཁུངས་ལ་འགན་ཡོད་པ་བཞིན་གང་ཡོང་ཅི་ཡོང་བྱ་རྒྱུ་ཡིན། དེ་བཞིན་མོན་གྷོ་ས་གནས་མགོ་འཛིན་གྱིས་ལོག་གཡེམ་ཕོག་པའི་བུ་མོ་དང་ནང་མིར་མཐུན་འགྱུར་གང་དགོས་རྣམས་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།

དེ་རིང་ཕྱི་ཚེས་ ༢༥ ཉིན་ནང་སྲིད་བཀའ་བློན་མཆོག་དང་ལྷོ་སྤྱི་རྣམ་གཉིས་མོན་གྷོ་གཞིས་ཆགས་སུ་ཆེད་ཕེབས་ཀྱི་ལོག་གཡེམ་ཕོག་པའི་བུ་མོ་དང་ནང་མི་ཐུག་འཕྲད་གནང་སྟེ་གནས་སྟངས་དངོས་ལ་གཟིགས་ཞིབ་གནང་རྒྱུ་ཡིན”ཞེས་སོགས་བཀོད་འདུག

གསར་འགོད་པས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལ་ཁ་པར་ཡང་ཡང་བཏང་བར་ལེན་མཁན་མ་བྱུང་སྟབས། བསྐྱར་དུ་ལྷོ་ཕྱོགས་མོན་གྷོ་ཌིར་ཁ་པར་བཏང་བར། མིང་བརྗོད་འདོད་མེད་མཁན་ཞིག་གིས་བཙན་གཡེམ་བྱེད་མཁན་ཕོ་སར་དེ་གཉིས་ནམ་རྒྱུན་ར་བཟི་སྡོད་མཁན་གྲས་ཡིན་པ་དང་། འདང་ནུབ་རྒྱ་གར་ཉེན་རྟོག་པ་འབྱོར་ཏེ་ཕོ་གསར་གཅིག་འཇུ་བཟུང་བྱས་ཡོད་སྐོར་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠

མཆན། 17

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཁང་ནས། རྒྱ་གར་གཞུང་གི་ཁྲིམས་ཡིག་ནང་ལ་ཡོད་པའི། བཙན་གཡེམ་བྱས་ན་ལོ་ག་ཚོད་ཙམ་བཙོན་ཁང་ནང་ལ་སྡོད་དགོས་པ་དང་།
    དེ་བཞིན་མི་བསད་ན་དང་། རྐུ་མ་བརྒྱབ་ན་ཉེས་ཆད་ག་ཚོད་ཙམ་ཕོག་བགྱིད་ཡོད་མེད་དེ་ཚོ་བོད་སྐད་ཐོག་ལ་བསྒྱུར་ནས། བོད་རིགས་ཡོད་དོ་ཅོག་གིས་ཤེས་ཐབས་ལ་འབད་བརྩོན་དགོས་པ་རེད་སྙམ་ལགས།

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    བཙན་གཡེམ་གྱི་གནས་ཚུལ་འདི་བོད་མིའི་གཤིས་ཀ་དང་རྦད་རྒྱབ་འགལ་སོང་བས། ཧ་ཅང་ཐབས་སྡུག་དང་ཞབས་འདྲེན་རེད། དེ་བས་ཀྱང་ཆེས་ཉེན་ཚབས་ཅན་ཞིག་ནི།

    དེ་སྐབས་བོད་པའི་ཕོ་གཞོན་མང་དག་ཅིག་གི་གཞི་རིམ་བསམ་བློའི་ལག་ལེན་ནང་། ཕན་ཚུན་བཟའ་འབྲེལ་མཐུན་འཇུག་ཁས་བླངས་རྗེས།

    བརྩེ་བ་མོ་ལ་སྤྲོད། གོ་སྐབས་བྱུང་ན་སུ་བྱུང་ལ་ལུས་འབྲེལ་བྱེད་རྐྱང་བྱོས།

    ཟེར་ནས་བཟའ་མི་ཁ་འཐོར་དུ་གནས་པའི་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་ཡམས་འདི་ཧ་ཅང་གི་ཉེན་ཚབས་ཞིག་ལ་ངོས་འཇིན་བྱེད་ཀྱི་ཡོད།

    ཁྱེད་ཚོར་འདི་ལྟར་དོ་སྣང་བྱུང་ཡོད་ངེས་རེད། གཙོ་བོ་བུ་དང་བུ་མོའི་འཁྲོད་ནའང་དེ་འདྲ་མང་ཙམ་རེད།

    ང་ཚོ་བསམ་བློ་གཏང་རན་འདུག

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    ར་རྫ་འཇམ་དབྱངས་སྐྱིད་ལ་རྩོམ་ཞིག་འབྲི་བའི་བརྗོད་བྱ་སྤྲད་འདུག བུ་མོའི་སྟེང་ལ་འཇིགས་པ་སླེབས་པ་ནི་ཁོང་མོར་སྐད་ཆ་བཤད་པའི་གོ་སྐབས་རེད།

    Reply
  4. མི་རྒོད། says:
    ལོ་ 12 སྔོན།

    ཧ་ཧ་ད་བོད་པ་ཚོ་འདི་ལ་ཡིད་ཆེས་བྱེད་སྲིད་དམ། བུ་མོ་ལོ་༡༥ ཞེས་པ་དེ་ཡང་ཕོ་གསར་ཞེས་པ་འདི་རྒྱ་མི་དགོས་སོ།།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་བདུན་པའི་ཕོ་གསར་གཉིས་ཀྱི་ཞབས་འདྲེན་ཞུས་པ་ལས། པདྨ་ཚོ་དང་། བོད་མི་ས་ཡ་དྲུག་གས་ཞབས་འདྲེན་ཞུས་པ་ཨ་ཡིན་ནམ། ལགས། པདྨ་མཚོ་ལགས།

    Reply
  6. མཚོ་པདྨ། says:
    ལོ་ 12 སྔོན།

    མི་ངན་གཉིས་ལས་གཅིག་མ་གཏོགས་བཟུང་མ་ཐུབ་པ་དེ་གང་རེད། གཞན་དེ་བྲོས་ཐུབ་པ་རེད་པས། མི་ངན་གཅིག་པོ་དེ་གལ་ཏེ་བོད་པའི་སྤྱི་ཚོགས་གང་དུ་གབ་ཡོད་ཀྱང་མི་མང་གིས་ངོ་འཕྲོད་པའི་སླད་དུ་དུས་བབ་ཚང་གིས་ངེས་པར་དུ་མི་ངན་དེ་གཉིས་ཀའི་འདྲ་པར་འགྲེམས་སྤེལ་བྱེད་དགོས། མ་གཞི་འདི་ངན་རྟོགས་པའི་ལས་ཀ་ཡིན་གྱི་རེད།
    བུ་མོ་ཆུང་ཆུང་དེས་ནོར་འཁྲུལ་གང་ཡང་བྱས་མེད་པས་ངོ་ཚ་བ་དང་སེམས་ཞུམ་ནས་སྡོད་པ་སོགས་མ་བྱེད་རོག། དེ་རིང་གི་ལྟས་ངན་འདི་མོན་གོཌ་྄ཨ་ཅང་ཅང་བཙན་བྱོལ་བོད་མི་ཚང་མའི་ཞབས་འདྲེན་ཡིན།

    Reply
  7. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 12 སྔོན།

    དེ་སང་བོད་པའི་སྤྱི་ཚོགས་གནས་ཚུལ་འདི་ལྟ་བྱུང་བ་ནི། སྔར་བོད་ཀྱི་སྤྱི་ཚོགས་དང་གཏན་མ་འདྲ་བའི་བྱུང་བ་ཞིག་དང་། ད་དུང་ཡང་འདི་ལྟ་བུ་འབྱུང་མི་སྲིད་པ་དེ་བས་མིན་ཞིང་། དེའི་ཕྱིར་ཅི་ཡིན་ན་ཡར་རྒྱས་ཤིག་དང་། ཡང་ན་མིན་གཏན་ངན་ཞིག་རེད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ རང་བཞིན་གྱིས་མི་རིགས་གཞན་ལ་ངོ་ཚ་མདོག་གིས་སྦས་བསྐུངས་ཀྱིས་ངན་པ་རྒྱ་ཡན་དུ་གཏོང་བའི་ལམ་ལུགས་དར་སྤེལ་གཏོང་བ་འདི་ངེས་པར་དུ་འཚམས་འཇོག་ངེས་པར་དུ་བྱེད་དགོས་པ་རེད། ་་་་ཟེར།

    Reply
  9. རྩྭ་ཐང་གི་གླག་རྒོད། says:
    ལོ་ 12 སྔོན།

    རྫུན་གཏམ་འདི་རིགས་མ་སྤེལ་རོགས་ང་ཚོས་སྤྱི་ཚོགས་ཞབས་འདྲེན་རེད་དེ་ལྟར་བྱེད་མི་སྲིད

    Reply
  10. མིག་དམར། says:
    ལོ་ 12 སྔོན།

    སྙིང་རྗེ་ལོ་ཆུང་བོུ་དེ། རང་རེའི་གཞིས་ཆགས་མང་པོ་ཞིག་ནང་ལས་མེད་འཁྱམ་པོ་ཕོ་གསར་མི་ཉུང་བ་ཞིག་སོ་སོའི་ཕ་མ་སྤུན་མཆེད་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡུག་ལས་བྱས་ཏེ་བསགས་པའི་དངུལ་རྣམས་བག་མེད་ལོངས་སྤྱོད་ཀྱིས་ཆང་རག་དང་། དུས་རྫས། དེ་བཞིན་འཆལ་སྤྱོད་བཅས་ཀྱིས་དུས་འདའ་བཞིན་ཡོད་པའི་ཆ་ཤས་ཤིག་ད་རེས་བྱུང་བའི་གནས་ཚུལ་འདི་ལྟ་བུ་རེད། ཨ་ཁ་་་་་་་ལས་ངན་

    Reply
  11. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མི་ངན་དེ་གཉིས་ཀྱིས་བྱ་ངན་སྤྱོད་ངན་ཁྲིམས་འགལ་ཚབས་ཆེན་འདི་འདྲ་བྱས་ཡོད་ཀྱང་། (ཐོག་མར་ས་གནས་གནད་ཡོད་མི་སྣ་ཚོས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ན་ཧ་ཅང་ངོ་ཚ་བོ་ཡིན་སྐོར་བརྗོད་དེས་ནང་འགྲིག་ཡོང་ཐབས་ཀྱིས་གནས་སྐབས་རིང་གསང་བ་བྱས་ཡོད་ཀྱང་།) ཅིའི་ཕྱིར་ས་གནས་ཀྱི་གནད་ཡོད་མི་སྣ་དེ་ཚོ་བོ་བྱུང་བ་རེད། ཧ་ཅང་ཧ་ཅང་གི་ཚབས་ཆེན་གྱི་ཁྲིམས་འགལ་བྱ་སྤྱོད་འདི་རིགས་ལམ་སེང་ཐེར་འདོན་དང་ཉེན་རྟོག་པར་རྩིས་སྤྲོད་མ་བྱས་པར་ནང་འགྲིག་ཡོང་ཐབས་ཀྱི་གསང་བ་བྱས་པ་རེད། ཅིའི་ཕྱིར་ངན་པ་རྒྱ་ཡན་དུ་གཏོང་རྩིས་བྱས་པ་རེད། དང་པོ་གནས་ཡོད་མི་སྣ་འདི་ཚོའི་བྱ་སྤྱོད་ལ་ཞིབ་འཇུག་ངེས་པར་དུ་བྱེད་དགོས་པ་རེད། ངན་པ་རྒྱ་ཡན་དུ་གཏོང་བའི་ལམ་ལུགས་འདི་འདྲའི་རིགས་བོད་པའི་སྤྱི་ཚོགས་ནང་ཉུང་ཉུང་གཏན་ནས་མིན། དཔེར་ན་སུ་ཇ་སློབ་གྲྭའི་སློབ་མ་དམར་བསད་བཏང་བ་བཞིན་ནོ།
    ངས་ངོས་འཛིན་ལྟར་ན་བོད་མི་རིགས་འདི་གོ་ལ་འདིའི་སྟེང་དུ་བཟང་རབས་རྒྱན་རབས་བྱང་སེམས་ཅན་དང་སྙིང་རྗེ་ཆེ་རབས་ཀྱི་འགྲེལ་བཤད་བརྒྱགས་རྒྱུ་མང་དྲག་འདུག་ལ། མཐོ་དམན་ཚང་མའི་ཁ་ལ་གོམས་ལོབ་ཏུ་སོང་བའི་མཇུག་འབྲས་འདི་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་སྤེལ་ཡོང་དུས། རང་བཞིན་གྱིས་མི་རིགས་གཞན་ལ་ངོ་ཚ་མདོག་གིས་སྦས་བསྐུངས་ཀྱིས་ངན་པ་རྒྱ་ཡན་དུ་གཏོང་བའི་ལམ་ལུགས་དར་སྤེལ་གཏོང་བ་འདི་ངེས་པར་དུ་འཚམས་འཇོག་ངེས་པར་དུ་བྱེད་དགོས་པ་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    མི་ངན་དེ་ཚོའི་མིག་དཔེ་ལྟ་ས་རྒྱ་གར་བ་དུད་འགྲོའི་སྤྱོད་ཚུལ་ཅན་འདི་ཚོ་ཡིན་ས་རེད། ཚང་མས་གཟིགས་དང་།

    http://in.news.yahoo.com/mumbai-gangrape–how-the-girl-was-attacked-101214531.html

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    གནས་ཚུལ་འདིའི་རིགས་མི་ངན་དེ་དག་གི་པར་རིས་དང་བཅས་འགོད་ཐུབ་ན་རྗེས་མ་ནས་གང་གཟབ་གཟབ་བྱེད་ཀི་རེད།
    ཉེ་སྔོན་མ་ལེ་ཞི་ཡ་ནས་བཙན་གཡེམ་བྱེད་མཁན་མི་ངན་དེའི་སྐེ་གཏུབ་སྟེ་བསད་རྗེས་ཁོ་རང་མཇེ་དང་རླིག་རིལ་བཅད་དེ་ཁོ་རང་གི་ཁའི་ནང་དུ་བརྫངས་ནས་ཉེས་ཅན་ལ་ཁྲིམས་ཆད་བཏང་འདུག དེ་ཡང་གཙོ་བོ་མི་མང་གིས་ལས་འགུལ་དེ་བྱས་པ་ཞིག་རེད།
    བོད་པའི་སྤྱི་ཚོགས་ནང་དུའང་བཙན་གཡེམ་བྱས་རྗེས་གཞན་ལ་བཤད་མ་ནུས་པར་ངོ་ཚ་བྱས་ཏེ་གསང་རྒྱ་བྱས་བཞག་པ་གང་མང་མང་ཡོད་ངེས་ལ། བུ་མོ་དེ་དག་གིས་ཀྱང་རང་ཉིད་ལ་བཙན་གཡེམ་བྱས་པར་བཟོད་སྒོམ་དང་། གཞན་པ་བཤད་པར་ངོ་ཚ་བྱས་ཏེ་གསང་བ་བྱས་པ་རེད་ལ། བཙན་གཡེམ་བྱེད་མཁན་མི་ངན་དེ་དག་གིས་ཀྱང་བུ་མོ་ཚོས་ངོ་ཚ་བསམ་ནས་གཞན་ལ་བཤད་མི་ནུས་པར་སྐབས་བཙལ་ཏེ་བྱ་ངན་སྤྱོད་ངན་དེའི་བྱས་དང་བྱེད་བཞིན་པ་རེ་ཟུང་གོ་ཐོས་བྱུང་མོད། བདེན་དཔང་དང་བཅས་གནས་ཚུལ་ཁ་གསལ་ནམ་བྱུང་ལ་ཡིག་ཐོག་ཏུ་འགོད་ངེས་ཡིན་ལ། གཞན་དག་སུ་ཡིན་ཀྱང་རང་རེའི་སྥྱི་ཚོགས་ཆུང་ཅུང་བོ་འདིར་མི་ངན་དེའི་རིགས་ལ་ཐེར་འདོན་དང་ཉེས་ཁྲིམས་ནན་མོ་གཅོད་དགོས་སྙམ།
    ཡི་གེ་མི་ཤེས་མཁན་དང་ཤེས་ཡོན་མེད་པའི་གྲོང་གསེབ་པས་མུན་ནག་གི་བྱ་བྱེད་ངན་པ་འདི་འདྲ་བ་བྱེད་མཁན་བོད་ཀྱི་ཤེས་ལྡན་པ་ཡིན་པར་ཁེ་འཆས་པའི་ཁྲོད་དུའང་ཡོད་ཚོད་འདུག་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དེ་དག་འགོག་རྒོལ་དང་ཐེར་འདོན་བྱེད་པར་ཁྲིམས་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་སོགས་བཙལ་ཏེ་བུ་མོ་ཚོའི་བདེ་དོན་དང་ཐོབ་ཐང་། འགྲོ་མིའི་རིན་ཐང་སོགས་ལ་སྲུང་གཙི་དང་འགན་ལེན་བྱ་དགོས་སྙམ།

    Reply
  14. ཐོ་རེངས། says:
    ལོ་ 12 སྔོན།

    གཞི་ཆག་གི་མི་འཁྱམ་མདོ་མེད་མང་པོའི་བྱ་སྤྱོད་འདི་འདྲ་རེད། ཁོང་ཚོ་ལ་མི་རིགས་ལ་རྒྱ་ཕར་ཞོག ཐ་ན་རང་གི་མི་ཚེ་ལའང་བསམ་བློ་མེད་མཁན་དང་། བོད་མི་རིགས་ཀྱི་ཞབས་འདྲེན་བརླ་བཙོང་འདི་ཚོ་ལ་ཁྲིམས་དང་ཆད་པ་ཡག་ཐག་ཆོད་ཞིག་དགོས་ངེས་རེད། རྒྱ་གར་སྲིད་གཞུང་དང་བོད་མིའི་བསྒྲིག་འཛུགས་ཁག་གིས་རབ་ན་སྲོག་ཆད་དང་ཐ་ན་ཚེ་བཙོན་གཏོང་རོགས་འབོད་བསྐུལ་ཞུ།

    Reply
  15. བྱ་ཐུང་། says:
    ལོ་ 12 སྔོན།

    སྤྱི་ཚོགས་ཆུང་ཆུང་འདི་ནང་ལ་མི་འཛོམས་དགུ་འཛོམས་རེད། ངེས་པར་དུ་སྤྱི་ཚོགས་སློབ་གསོ་གོང་སྤེལ་དུ་གཏོང་དགོས། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་ཁག་གིས་འགྲོ་ལ་ཕན་ཕྱིར་ལྟ་བུའི་ཟབ་སྦྱོང་དེས་མི་ཕན་པར་དོན་ལ་སྨིན་པ་ཞིག་ཅིས་ཀྱང་བྱེད་དགོས་པར་འདོད།

    Reply
  16. མི་རབས་གསར་པ་ says:
    ལོ་ 12 སྔོན།

    ནང་སྲིད་ནས་དེ་ཚོ་ལ་ཐག་བཅོད་དང་ཞིབ་འཇུག་ཡག་པོ་བྱས་ནས་སླད་ཕྱིན་ས་གནས་ཁག་ཏུ་དེ་མིན་གྱི་གནས་ཚུལ་མང་པོ་ཡོད་དཔེར་ན་བྷེ་ལོ་ཀོ་པའི་ལྟ་བུ་ལ་མཚོན་ན་མྱོ་རྫས་རིགས་ཟ་མཁན་མང་པོ་འདུག་དེ་ཚོ་ལ་ནང་སྲིད་དང་འཕྲོད་བརྟེན་ནས་བཀཌྷ་སློབ་ལམ་སྟོན་གནང་དགོས།

    Reply
  17. སྣང་གསལ། says:
    ལོ་ 12 སྔོན།

    ཨ་ཁ་བུ་མོ་ལོ་ན་་་ལྔ་་་་ཅན་ཞིག་ལ་དེ་འདྲིའི་བཙན་གཡེམ་བྱེད་ནས་མི་བུ་དེ་གཉིས་ངོ་མ་ལས་རྒྱུ་འབྲས་མེད་མི་ཤེས་པའི་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese