མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མུན་ནག་དུས་རབས་ཀྱི་མྱོང་བྱང་།

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

གཉན་མི།

བོད་མདོ་སྨད་མཛོད་དགེ་ནས་ཡིན་པའི་སྐུ་ཞབས་སྒྲོལ་མ་སྐྱབས་ལ་མི་གསོད་ནག་ཉེས་བཙུགས་ཏེ་སྲོག་ཁྲིམས་བཅད་པའི་གནས་ཚུལ་དང་འབྲེལ་བའི་གནད་དོན་འགའ་ཞིག

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། སི་ཁྲོན་ཆེན་ཞིང་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་ ༣༠ ཡིན་པའི་བོད་རིཊ་བུད་མེད་དཀོན་མཆོག་དབང་མོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་པ་རེད། ཁོང་མོས་རང་ལུས་མེར་བསྲེགས་བཏང་མ་ཐག་མཛོད་དགེ་རྫོང་ས་གནས་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོར་ཉེན་རྟོག་པས་ཁོ་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་འཛིན་བཟུང་དང་། དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་ཡིན་པའི་ཁས་ལེན་བྱ་དགོས་པའི་བཙན་བཀའ་བཏང་བར། སྒྲོལ་མ་སྐྱབས་ལཊ་ཀྱིས་ངོས་ལེན་མ་བྱས་སྟབས་ཁོང་ཡང་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་ཡོད།

ཉིན་ཤས་སྔོན་དེ་ཟླ་འདིའི་ཚེས་ ༡༥ ཉིན་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། སྒྲོལ་མ་སྐྱབས་ལགས་སུ་ཆེད་དུ་མི་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་ཀྱི་ཁྲིམས་ཐག་དང་། ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་སྐོར་ཁྱབ་བསྒྲགས་བྱས་འདུག ངས་གནད་དོན་འདིའི་ཐོག་ལ་ཉེ་ཆར་མཛོད་དགེ་རྫོང་ཁོངས་སུ་གནད་དོན་དེའི་ཐོག་ལ་མང་ཚོགས་ཀྱིས་བསམ་ཚུལ་དང་གླེང་ཕྱོགས་ག་རེ་ཡོད་མིན་དངོས་སུ་མཐོང་རྟོགས་བྱུང་མཁན་གྱི་མི་སྣ་འགའ་དང་། དེ་མིན་གྱི་འབྲེལ་ཡོད་འགའ་ཞིག་བརྒྱུད་རྒྱུས་ལོན་བྱས་པའི་གནས་ཚུལ་འགའ་གཤམ་དུ་འགོད་རྒྱུ་ཡིན།

 ༡༽ དཀོན་མཆོག་དབང་མོས་མེར་བསྲེགས་མ་བཏང་བའི་སྔ་ནུབ་ཏུ་རང་གི་ཕ་པ་གཉིས་དང་མཉམ་དུ་དམིགས་བསལ་གྱི་ཟ་མ་ཟོས་ཤིང་། སྐབས་དེར་མོ་རང་གིས་ཕ་མ་གཉིས་ཀྱིས་ཚེ་མཇུག་ལ་སེམས་ཁྲལ་མང་པོ་མི་བྱེད་པར་དགེ་བསྒྲུབ་བྱས་ནས་འདུག་དགོས་པ་དང་། དེང་སྐབས་ས་གནང་གང་སར་བོད་དོན་ཆེན་མི་མང་པོ་ཞིག་གིས་རང་གི་ཚེ་སྲོག་གཏོང་བཞིན་པ་དེ་ཧ་ཅང་རླབས་ཆེན་ཡིན་པ། ང་ཚོའི་ས་ཆ་འདི་ནས་མི་ཚང་མ་རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་འབད་པ་ལས། བོད་དོན་ཆེད་གང་ཡང་བྱེད་མི་ཐུབ་པ་དེ་ཧ་ཅང་ཐ་ཆད་རེད་ཅེས་བཤད་འདུག

༢༽ དཀོན་མཆོག་དབང་མོའི་སྤུན་མཆེད་ཅིག་ནག་ཉེས་ཆུང་ངུ་ཞིག་གི་རྐྱེན་གྱིས་བཙོན་དུ་སོང་བ་འབྱོར་རྗེས། མོ་རང་གིས་ཁྱེད་རང་བོད་དོནཆེད་བཙོན་ཁང་དུ་སོང་བ་ཡོང་ན་ངས་དགའ་བསུ་བྱེད་ངེས་པ་དང་། གལ་སྲིད་ཁྱེད་རང་བོད་དོན་ཆེད་མེར་བསྲེགས་བཏང་ན་ངས་མིག་ཆུ་ཡང་མི་གཏོང་། འོན་ཀྱང་ཁྱེད་རང་བྱ་བ་ངན་པའི་རྐྱེན་བྱས་ཏེ་བཙོན་དུ་ཚུད་པ་ཧ་ཅང་ངོ་ཚ་རེད་ཅེས་བཤད་ཡོད་འདུག

༣༽ དཀོན་མཆོག་དབང་མོས་མེར་བསྲེགས་མ་བཏང་བའི་སྔོན་དུ་མོ་རང་གི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས། མོ་རང་གིས་བོད་དོན་ཆེད་མེར་བསྲེགས་གཏོང་ངེས་པ་ལྟ་བུ་ཞིག་བཤད་ཡོད་འདུག འོན་ཀྱང་གྲོགས་པོ་གཉིས་ཀྱིས་སྐབས་ཐོག་དེར་དེ་ཙམ་དོ་སྣང་སྤྲད་ཡོད་མི་འདུག ཕྱིས་སུ་དཀོན་མཆོག་དབང་མོའི་ནང་མིས་བརྟག་དཔྱད་བྱས་སྐབས། མོ་རང་མེར་བསྲེགས་མ་བཏང་བའི་སྔོན་དེར་གྲོགས་པོ་དེ་ལ་ཁ་པར་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

༤༽ དཀོན་མཆོག་དབང་མོ་མོ་རང་སྡོད་སའི་ཁང་བའི་ར་སྐོར་ནས་ཕྱི་ལ་ཐོན་ཏེ། མཛོད་དགེ་རྫོང་བོད་སྨན་ཁང་གི་ཕྱོགས་སུ་འགྲོ་བའི་གཞུང་ལམ་གྱི་ཟུར་ནས་རང་ལུས་ལ་མེར་སྦར་ནས་སྐད་འབོད་བྱེད་ཞོར་རྒྱུག་ཡོང་གི་ཡོད་པ་ས་གནས་ཡུལ་མི་ཞིག་གིས་ངོས་སུ་མཐོང་འདུག་ཅིང་། ཅུང་མ་འགོར་བར་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ནས་མོའི་ལུས་སྟེང་གི་མེ་བསད་དེ་སྐྲ་ནས་བཟུང་སྟེ་དྲུད་སོང་བ་མཐོང་འདུག

༥༽ ཕྱི་ཉིན་སྒྲོལ་མ་སྐྱབས་ཚུད་པའི་ནང་མི་རྣམས་ཀྱིས་མོ་རང་འཚོལ་སྐབས། དངོས་སུ་མཐོང་བའི་མི་དེས་མདང་དགོང་བུད་མེད་ཅིག་གིས་མེར་བསྲེགས་གཏོང་སྐབས་ཉེན་རྟོག་པས་དྲུད་སོང་བ་དང་། མོ་རང་ཁྱི་རོ་བཞིན་དྲུད་ནས་འགྲོ་སྐབས་མགོ་ལྤགས་ཀྱང་བཀོག་འདུག་པ་མ་ཟད། མོ་རང་གི་ལྷམ་ཡ་གཅིག་ཀྱང་ཤུལ་དུ་ལུས་སོང་བས། ཁྱེད་ཅག་གིས་རྩད་གཅོད་བྱོས་ཞེས་བཤད་་ཡོད་འདུག

༦༽དེ་རྗེས་ཉེན་རྟོག་པས་དཀོན་མཆོག་དབང་མོའི་ནང་མི་ལ་དཀོན་མཆོག་དབང་མོ་ཡིན་མིན་ངོས་འཛིན་བྱེད་ཆེད་མོའི་ཕུང་བོ་མེ་ལ་མ་བསྲེགས་པའི་སྔོན་དུ་སྐད་བཏང་ནས་ལྟ་རུ་བཅུག་ཡོད་འདུག སྐབས་དེར་དངོས་སུ་མཐོང་མཁན་ཚོས་དཀོན་མཆོག་དབང་མོའི་ལུས་སྟེང་ནས་ཁྲག་བཞུར་ལུགས་དང་། མེས་ཚིག་མཚམས་སུ་ཆུ་ཐུམ་བབ་ལུགས་སོགས་ཀྱི་སྟེང་ནས་མོ་ནི་གསོན་པོར་མོ་རང་གིས་བསྲེགས་པ་ཞིག་ཡིན་པ་གསལ་བོར་མཐོང་ཐུབ་ཡོད་པ་མ་ཟད། གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་པ་ལྟར། མོ་རང་གི་མགོ་ལྤགས་ཀྱང་བཀོག་ཡོད་འདུག འོན་ཀྱང་མོ་རང་གི་ལྷམ་གཉིས་དེ་རུ་འདུག་པས་ཧ་ལམ་ཁོང་ཚོས་རྗེས་ནས་ཁྱེར་སོང་བ་འདྲ་ཞེས་བཤད།

 ༧༽སྐབས་དེར་ས་ཁུལ་གྱི་མགོ་ཁྲིད་ཚོས་དཀོན་མཆོག་དབང་མོའི་ནང་མི་དག་ལ། མོ་རང་གཟའ་ཚང་ནང་ཁུལ་གྱི་དོན་རྐྱེན་གྱི་དབང་གིས་མེར་བསྲེགས་བཏང་བ་ངོས་ལེན་བྱས་ན། ཁྱེད་ཚང་ལ་མི་སྟོང་ལྟ་བུར་སྒོར་ཁྲི་ ༥༠ ཡན་རག་ངེས་ཡིན་པ་དང་། གལ་སྲིད་དེ་ལྟར་ཁས་མ་བླངས་ཚེ། སྒྲོལ་མ་སྐྱབས་ལ་གནས་ཚུལ་ཇི་འབྱུང་མི་ཤེས་ཚུལ། ཁོང་གཉིས་ཀྱི་བུ་མོ་ཆུང་ཆུང་དེའི་མདུན་ལམ་ལ་ཡང་ཉེན་ཁ་ཆེན་པོ་ཡོང་སྐོར་སོགས་ཀྱི་སྡིགས་ར་བསྐུལ་འདུག

༨༽ སྒྲོལ་མ་སྐྱབས་བཀག་ཉར་བྱས་པའི་སྐབས་དངོས་སུ་མཐོང་བའི་མི་ཞིག་གིས། བཀག་ཉར་ཁང་དུ་སྒྲོལ་མ་སྐྱབས་ཉིན་གཉིས་གསུམ་རེའི་རྗེས་ལ་ཁྲིད་འགྲོ་བ་དང་། ཚུར་བསླེབས་རྗེས་རོ་འདྲ་བོར་གྱུར་ཏེ་ཁ་ཡང་གྲག་ཐུབ་ཀྱི་མི་འདུག

ཡང་ཉིན་གཉིས་གསུམ་གྱི་རྗེས་དེ་ལྟར་བྱས་ཏེ་ཚད་ལས་བརྒལ་བའི་རྡུང་རྡེག་མནར་གཅོད་གཏོང་གི་འདུག་མོད། ཁོས་ཁས་ལེན་ཅི་ཡང་བྱེད་ཀྱི་མེད་པ་འདྲ་ཞེས་བཤད་འདུག

༩༽འདི་ཟླའི་ཚེས་བཅུ་བཞི་བཅོ་ལྔ་ཡས་མས་ཞིག་ལ་དཀོན་མཆོག་དབང་མོའི་ནང་མིར་སྒྲོལ་མ་སྐྱབས་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པས་ཁྲིམས་རར་ཡོང་དགོས་ཚུལ་གྱི་བརྡ་ཁྱབ་འབྱོར་ཡོད་འདུག ཁྲིམས་གཅོད་ཀྱི་ཚོགས་འདུའི་སྐབས་ཁྲིམས་ཁང་གིས་སྒྲོལ་མ་སྐྱབས་ཀྱིས་ཁོ་རང་ཉིད་ཀྱིས་ག་རེ་བྱས་ཡོད་མེད་ཐད་སྐད་ཆ་སྔོན་ལ་བཤད་དུ་འཇུག་གི་ཡིན་ཞེས་བཤད་ཡོད་འདུག སྐབས་དེར་སྒྲོལ་མ་སྐྱབས་ཀྱིས་ཁོ་དང་དཀོན་མཆོག་དབང་མོའི་བར་ལ་བཟའ་འཁོན་སོགས་གང་ཡང་བྱུང་མེད་པ་དང་། མོ་ནི་མོ་རང་ཉིད་ཀྱིས་མེར་བསྲེགས་བཏང་བ་ཞིག་ཡིན་ཚུལ་བཤད་འདུག

༡༠༽ དེ་ནས་ནང་མི་གཞན་སུར་ཡང་སྐད་ཆ་བཤད་པའི་གོ་སྐབས་སྤྲད་མི་འདུག་པ་མ་ཟད། ཁྲིམས་རར་ཡོད་པའི་སྲིད་གཞུང་གི་མགོ་ཁྲིད་ཚོ་ཁོང་ཁྲོ་ཆེན་པོ་ལངས་པའི་རྣམ་འགྱུར་དང་བཅས། དེ་རིང་གི་ལས་དོན་ལམ་འགྲོ་མ་སོང་བས་ད་ཚོགས་འདུ་གྲོལ་རྒྱུ་ཡིན་ཞེས་བཤད་ཡོད་འདུག

འོན་ཀྱང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་དང་འབྲེལ་བའི་(global times) གོ་ལའི་དུས་བབ་གཙོས་བའི་བརྒྱུད་ལམ་འགའ་ཞིག་ཏུ་སྒྲོལ་མ་སྐྱབས་ཀྱིས་རང་གི་ནག་ཉེས་ཁས་བླངས་ཟིན་པ་དང་། ཁོང་ལ་སྲོག་ཁྲིམས་དང་ཚེ་གང་ཆབ་སྲིད་ཁེ་དབང་འཕྲོག་པའི་ཁྲིམས་ཆད་བཅད་ཡོད་ཅེས་བསྒྲགས་ཤིང་། ཡང་བརྒྱུད་ལམ་འགའ་ཞིག་ཏུ་སྒྲོལ་མ་སྐྱབས་ལ་ས་གནས་ནས་ཐག་གཅོད་བྱས་ཟིན་ཡང་། མཐའ་མའི་ཐག་གཅོད་ཟི་ཁྲོན་ཞིང་ཆེན་གྱི་ཁྲིམས་ཁང་ག་གེ་མོ་ཞིག་ནས་ཐག་གཅོད་བྱེད་རྒྱུ་ཡིན་ལུགས་ཀྱང་བསྒྲགས་འདུག

གང་ལྟར་གནས་ཚུལ་འདི་ནི་རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་དེ་དྲང་བདེན་དང་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་ལས་ལྡོག་སྟེ། དྲང་བདེན་མིན་པ་དང་། མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ལག་ཆ་རུ་གྱུར་བའི་མུན་ནག་གི་དུས་རབས་སུ་གནས་པའི་དཔང་རྟགས་དང་དེའི་མྱོང་བྱང་ཡིན་ལ། དེ་ལྟའི་མུན་ནག་གི་དུས་རབས་ནང་དུ་བོད་ཀྱི་ཡུལ་མི་དཀྱུས་མ་ཧ་ཅང་མང་པོ་ཞིག་གིས་དྲང་བདེན་གྱི་ཆེད་དུ་རང་སྲོག་དོར་བའི་མཚོན་རང་བཞིན་གྱི་ལོ་རྒྱུས་ཀྱང་ཡིན་པས། དུས་རབས་ཀྱི་མྱོང་བྱང་དང་མཚོན་དོན་གྱི་ལོ་རྒྱུས་འདི་ཚོ་མ་མཐའ་ཡང་ང་ཚོ་དང་མིའི་རིགས་ཀྱི་ལོ་རྒྱུས་ནང་གནས་དགོས་ཀྱི་རེད།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 4

  1. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བསྟན་ཆོས་ལགས།
    ཁྱེད་ཀྱིས་དོ་སྣང་བྱས་པར་དགའ་སོང་། འདིར་དྲ་བྱང་ཞིག་བཞག་ཡོད། དེའི་ནང་དུ་རྒྱལ་གཅེས་པ་ཁོང་གི་སྐོར་གྱི་གནད་ལ་སྨིན་པའི་རྩོམ་ཡིག་དབྱིན་བསྒྱུར་བྱས་ཡོད་པ་ཡོད།

    གཤམ་གྱི་དྲ་བྱང་ལ་གཟིགས་རོགས་ཞུ། གལ་སྲིད། ད་རུང་འདིའི་སྐོར་གྱི་དྲི་བ་སོགས་ཡོད་ན། མུ་མཐུད་ནས་འབྲེལ་བ་བྱེད་རོགས་ཞུ།

    ད་ནི། འདི་ཙམ་ལས་འཐབ་རྩོད་ཅིག་གང་འདྲ་བྱེད་དགོས་པ་རེད་དམ། ངས་ནི་ང་རང་འཐབ་རྩོད་པ་རྣམ་འགྱུར་བཟུང་ཡོད་རུང་། ངའི་འཐབ་རྩོད་ལ་ནུས་པ་དང་ཁ་ཕྱོགས་གང་འདྲ་ཡོད།

    ༡༽
    https://sites.google.com/site/kungamtimes/save-dolma-kyab-life

    ༢༽
    http://kungam.wordpress.com/2013/08/26/news/

    ༣༽
    https://sites.google.com/site/kungamtibet/china-puts-husband-of-tibetan-self-immolator-on-death-row

    Reply
  2. བསྟན་ཆོས། says:
    ལོ་ 13 སྔོན།

    གཉན་མི་ལགས་བཀའ་དྲིན་ཆེ། དུས་བབ་རྩོམ་ལས་པ་རྣམ་པ། འདི་དབྱིན་ཡིག་དང་རྒྱ་ཡིག་ལ་ཡོད་བདག་ལ་བསྐུར་རོགས་ཞུ། མེད་ན་གང་མགྱོགས་བསྒྱུར་རོགས་ཞུ། tenzin.choegyal15@ gmail.com དབྱིན་རྒྱ་་་་སུས་གང་ནས་རྙེད་ན་བདག་ལ་གང་མགྱོགས་བསྐུར་རོགས་ཞུ། བཀའ་དྲིན་ཆེ།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    རྩོམ་པ་པོ་གཉན་མི་ལགས་ཀྱིས་ཐུགས་སྣང་ཆེན་པོའི་ཐོག་ནས་སྒྲོལ་མ་སྐྱབས་ལགས་ཀྱི་གནས་ཚུལ་ཇེ་གསལ་དང་ཕྱོགས་སྡོམ་གནང་བར་བཀའ་དྲིན་ཞུ།

    ཉིད་ཀྱི་རྩོམ་ཡིག་གི་ཁ་བྱང་དང་ནང་དོན་གཉིས་ཀ་དེ་ཙམ་མཛའ་མོ་ཞིག་ཡིན་པ་མཐོང་མ་སོང་། དེར་དམིགས་བསལ་གྱིས་རྒྱུ་མཚན་འདྲ་ཡོད་དམ།

    གང་ལྟར། དུས་ཐོག་ཏུ་འདི་ལྟ་བུའི་ཕྱོགས་སྡོམ་རང་བཞིན་གྱི་རྩོམ་ཡིག་སྐབས་ཐོག་ཏུ་སྤེལ་དགོས་པ་ནི། འཐབ་རྩོད་ཀྱི་རླབས་རིས་དཀྱིལ་དུ་ཚུད་པའི་རྩོམ་པ་པོ་རྣམས་ཀྱི་སྤྱིར་བཏང་གི་འགན་འཁྲི་ཞིག་མ་རེད་དམ

    Reply
  4. གཉན་མི། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིར་ཁ་གསབ་བྱེད་དགོས་པ་ཞིག་ལ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་བཀོད་པ་ལྟར་ན། སྒྲོལ་མ་སྐྱབས་ཆང་གིས་བཟི་ནས་རང་གི་ཆུང་མའི་སྐེ་བགགས་ཏེ་བསད་པ་དང་། དེ་རྗེས་རང་གིས་བསད་པ་གཞན་གྱིས་མི་ཤེས་པའི་ཆེད་དུ་ཁོ་མོའི་ཕུང་བོ་མེ་ལ་བསྲེགས་པ་རེད་ཅེས་བཤད་ཡོད།

    དེའི་ཕྱིར་ཕྲན་གྱི་རྩོམ་ཡིག་འདི་རྒྱ་ནག་གིས་ཉེས་འཛུགས་དེ་དང་རྦད་དེ་ལྡོག་ཕྱོགས་སུ་གྱུར་བའི་དངོས་ཡོད་ཀྱི་བྱུང་བ་དང་། འབྲེལ་ཡོད་ས་གནས་ཡུལ་མིའི་བསམ་ཚུལ་དག་ཕྱོགས་བསྡུས་བྱས་པ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese