མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ཡི་ཁྲིམས་བཤེར་མཚམས་འཇོག

བོད་ཀྱི་དུས་བབ།
༢༠༡༣/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་སན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲུང་ཆེན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་པའོ་ཤི་ལའི་ལ་ཁྲིམས་བཤེར་བྱས་པ་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག

ཉིན་གྲངས་ ༥ རིང་རྒྱ་ནག་སན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲུང་ཆེན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཤི་ལའི་ལ་དངོས་སུ་ཁྲིམས་ར་ཚོགས་ཏེ།  པའོ་ཡིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པ། གཞུང་གི་དབང་ཆ་ལོག་པར་སྤྱད་པའི་ནག་ཉེས་ལ་འདྲི་གཅོད་བྱས་ཡོད་ཀྱང་། པའོ་ཡིས་ནག་ཉེས་གཅིག་ཀྱང་ངོས་ལེན་མ་བྱས་སྟབས། གནས་སྐབས་སུ་ཁྲིམས་བཤེར་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་དང་། ཉིན་མཐའ་མ་དེར་ཁྲིམས་དཔོན་གྱིས་པའོ་ཡི་ཁྲིམས་རའི་རྣམ་འགྱུར་དྲང་པོ་མིན་སྟབས་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་རེ་འདུན་བཏོན་ཡོད་འདུག   

ཁྲིམས་བཤེར་སྐབས་པའོ་ཡིས། “སྔོན་ཆད་རང་གི་ལས་དོན་ལ་འཐུས་ཤོར་སོང་ཡོད་སྲིད་ཀྱང་། རང་ཉིད་ལ་ནག་ཉེས་ཡོད་པར་གཏན་ནས་ངོས་ལེན་མེད་ལ། ངས་ཁྲིམས་ཁང་དུ་རང་གི་གནས་ལུགས་བཤད་པ་དེ་བྱ་སྤྱོད་ངན་པ་དང་ཁྲིམས་ཆད་ནན་མོ་གཅོད་པའི་ནག་ཉེས་ཤིག་ལ་འགྱུར་གྱི་མེད།  སྤྱི་བདེ་དང་ཞིབ་བཤེར་ཁང་། ཁྲིམས་ཁང་གསུམ་ནི་གཅིག་ལ་གཅིག་བརྟེན་གྱིས་འགྲོ་དགོས་པ་ལས། ཞིབ་བཤེར་ཁང་གཅིག་པུའི་ཐག་གཅོད་ལ་ཉན་པ་ཡིན་ན། གྱོད་དོན་དྲང་བདེན་གྱིས་ཐག་གཅོད་བྱེད་པར་འགོག་རྐྱེན་འབྱུང་སྲིད་པ་མ་ཟད། གྱོད་དོན་ལ་ནོར་འཁྲུལ་མང་པོ་འབྱུང་གཞི་ཞིག་ཏུ་འགྱུར་སྲིད་སྟབས། ངས་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བ་བཤད་པ་དེ་ནག་ཉེས་ཤིག་ཏུ་མཐོང་གི་མེད།” ཅེས་བརྗོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་༨ དང་སྐར་མ་ ༤༣ ཐོག ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲུང་ཆེན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཤི་ལའི་ལ་ཁྲིམས་རྭ་ཚོགས་པ་དང་། སྐབས་དེར་པའོ་ཡི་ཕུ་བོ་དང་ནུ་བོ། པའོ་ཡི་སྔར་གྱི་ཆུང་མ་ལི་ཌན་ཡཱས་མ་བུ་གཉིས། ཀོའུ་ཁེ་ལའི་ཡི་གཅེན་མོ་སོགས་ཁྱིམ་མི་གཉེན་འབྲེལ་ ༥ དང་། རྒྱ་ནག་ནང་ལོཊ་ཀྱི་གསར་འགོད་པ་ ༡༩། ཀོའུ་ཡིས་ལྐོག་གསོད་བྱས་པའི་དབྱིན་ཇིའི་ཚོང་པ་ནཱེལ་ཧེ་ཝོའུ་ཌི་ཡི་ཁྲིམས་རྩོད་པ་ཧེ་ཀྲིན་ཧྲིན་དང་། དེ་མིན་གྱི་ཉེས་ཅན་དཔང་མི་སོགས་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ ༨༤ བཅས་ཁྱོན་མི་གྲངས་ ༡༡༠ ཁྲིམས་རྭའི་ནང་ཞུགས་བཅུག་ཡོད་པ་དང་། ཕྱི་རྒྱལ་གྱི་གསར་ཁང་ ༡༤༠ ལྷག་གི་གསར་འགོད་པ་ཅི་ནན་དུ་ཆེད་སྐྱོད་ཀྱིས་བཅར་འདྲི་བྱས་ཡོད་ཀྱང་། ཁྲིམས་རྭའི་ནང་འཛུལ་ཞུགས་བྱེད་དུ་བཅུག་མེད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་རྒྱ་གཞུང་གི་ཆབ་སྲིད་འཁྲབ་སྟོན་ཁྲོད་དམར་ཤོག་གཞུང་གི་དཔོན་རིགས་ཚོའི་སྐྱུག་བྲོ་བའི་ཉེས་དོན་མང་པོ་ཕྱིར་མངོན་ཡོད་ལུགས་སོགས་བརྗོད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ དེ་མིན་གྱི་ཉེས་ཅན་དཔང་མི་སོགས་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ ༨༤ བཅས་ཁྱོན་མི་གྲངས་ ༡༡༠ ཁྲིམས་རྭའི་ནང་ཞུགས་བཅུག་ཡོད་པ་དང་། ཕྱི་རྒྱལ་གྱི་གསར་ཁང་ ༡༤༠ ལྷག་གི་གསར་འགོད་པ་ཅི་ནན་དུ་ཆེད་སྐྱོད་ཀྱིས་བཅར་འདྲི་བྱས་ཡོད་ཀྱང་། ཁྲིམས་རྭའི་ནང་འཛུལ་ཞུགས་བྱེད་དུ་བཅུག་མེད་པ་དང་།
    གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་རྒྱ་གཞུང་གི་ཆབ་སྲིད་འཁྲབ་སྟོན་ཁྲོད་དམར་ཤོག་གཞུང་གི་དཔོན་རིགས་ཚོའི་སྐྱུག་བྲོ་བའི་ཉེས་དོན་མང་པོ་ཕྱིར་མངོན་ཡོད་ལུགས་སོགས་བརྗོད་ཀྱིན་ཡོད་འདུག ་་་་་་ཟེར།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    པའོ་ཡི་སྐད་ཆ་དེ་གདེངས་ཚོད་ཡོད་པའི་སྒོ་ནས་བཤད་པ་འདྲ་བོ་ཚོར་བྱུང་།
    མ་གཞི་ནས་རྒྱ་དམར་གྱི་སྲིད་ཇུས་ནི་མི་ཞིག་ལ་ནག་ཉེས་འགེལ་འདོད་པ་དང་མི་ཞིག་ནག་པོར་བཟོ་འདོས་བྱུང་ཚེ་ཐབས་བརྒྱ་ཇུས་སྟོང་གིས་མི་དེ་རྫོང་ས་ཞིག་ལ་རྫོང་ཅི་ཐུབ་བྱེད་པ་དེ་གཞུང་གི་སྲིད་ཇུས་དང་རྒྱ་མིའི་གཤིས་ཀ་ཡང་རེད།
    ད་ཏེངས་པའོ་ཉེས་འདོགས་འདི་ལས་ཏར་སོང་ན་ག་ལེར་རྒྱ་ནག་ལ་འགྱུར་བ་འགྲོ་བར་ཤུགས་རྐྱེན་ཏན་ཏན་ཐེབས་ཀི་རེད་སྙམ།

    Reply
  3. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    རྒྱ་ནག་དམར་ཕྱོགས་ཀྱི་དྲུང་ཆེ་པ་འོ་ཤིའི་སྐད་ཆ་འདི་ལ། ཅུང་ཟད་གཟི་བརྗིད་དང་། སྒམ་ཚུགས་ཀྱི་རྣམ་པ་ཕྲན་ཞིག་ཡོད་ཀྱང་། ལམ་འགྲོ་མེད་པའི་མི་ཞིག་ཡིན་ཚེ་གང་ཡོད་ཀྱང་ཅི་ཕན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese