མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཡིས་སྟག་འཛིན་རྒྱུར་གྲ་སྒྲིག་བྱེད་སྲིད་པ།

བོད་ཀྱི་དུས་བབ།
༢༠༡༣/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཧིན་ཧེ་ཡིས་བརྩམས། ལྷ་སྐྱབས་རྒྱལ་གྱིས་བསྒྱུར།

ད་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་མགོར་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོ་བྱང་ཕྱོགས་པེ་ཏཱ་ཧི་མཚོ་འགྲམ་དུ་སྤྲོ་སེང་ཕེབས་ཡོད་པ་དང་། སྐབས་དེར་ཁོ་ཚོས་དམར་ཤོག་ཚོགས་པའི་ལངས་ཕྱོགས་ཐོག་གལ་ཆེའི་ཐག་གཅོད་ཁག་ཅིག་བྱས་ཡོད། མཚོ་འགྲམ་དེར་ཁོ་ཚོས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་ཕན་ཚུན་བར་གླེང་མོལ་བྱས་པའི་བརྗོད་གཞི་གཙོ་བོ་ཞིག་ནི། དམར་ཤོག་ཚོགས་པར་ཞབས་འདྲེན་ཞུ་མཁན་འཐུས་མི་ཟུར་པ་པའོ་ཞི་ལེ་ཡི་ནག་ཉེས་ཁྲིམས་ཞིབ་བྱེད་པའི་སྐོར་རེད།

གནད་དོན་དེ་ནི་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་ཞོག་ཁོག་ཚ་བོ་ཞིག་ཡིན་ལ། དམར་ཤོག་དྲུང་ཆེ་ཞི་ཅིན་ཕིན་གྱིས་ཀྱང་ཧ་ཅང་གཟབ་ནན་དང་དོགས་ཟོན་བྱ་དགོས་པའི་གནས་ཚུལ་ཞིག་ཡིན། གལ་སྲིད། གནད་དོན་དེར་ནོར་འཁྲུལ་ཤོར་བ་ཡིན་ན། མ་འོངས་པར་ཁོ་རང་ལ་ཉེས་འཛུགས་སྐྱོན་བརྗོད་རག་རྒྱུ་ཡིན་པ་དང་། ཐག་གཅོད་ཡག་པོ་བྱུང་ཚེ་རྒྱ་ནག་གི་མགོ་ཁྲིད་ཟུར་བ་ཧུའུ་ཅིན་ཐོ་དང་ཝན་ཅཱ་པོ་གཉིས་ལའང་ཆེས་མཐོང་རག་རྒྱུ་རེད།

འོན་ཀྱང་། དེང་སང་རྒྱ་ནག་ནང་གི་སྤྱི་ཚོགས་འཕེལ་རྒྱས་དེས་ཞི་ཅིན་ཕིན་ལ་ལྐོག་ཟ་རུལ་སུངས་བྱེད་མཁན་དག་འཛིན་བཟུང་བྱེད་པར་འདོད་མོས་ཡོད་པའི་ལམ་སྟོན་དང་རོགས་འདེགས་བྱེད་ཀྱིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ། ཅིན་ནན་འབྲིང་རིམ་ཁྲིམས་ཁང་གིས་པའོ་ཞི་ལེ་ལ་དབང་ཆ་སྒེར་སྤྱོད་དང་ལྐོག་ཟ་རུལ་སུངས། ལྐོག་རྔན་བླངས་པ་བཅས་ཀྱི་ནག་ཉེས་ཡོད་པ་ཕྱིར་བསྒྲགས་བྱས་པ་ནས་བཟུང་། པའོ་ཞི་ལེ་དང་ལྐོག་ཇུས་ངན་འབྲེལ་བྱེད་མཁན་གཏེ་བོ་ཀྲུའུ་ཡཱོང་ཁང་གི་ལྐོག་ཟའི་གནས་ཚུལ་མང་པོ་ཞིག་ཀྱང་གསར་འགྱུར་བརྒྱུད་ལམ་ནང་ཐོན་ཡོད།

སྔོན་མ་ཀྲུའུ་ཡཱོང་ཁང་གིས་རྒྱ་ནག་བདེ་སྲུང་ལས་ཁུངས་ཀྱི་མགོ་ཁྲིད་ལོ་ ༨ རིང་འཁུར་སྐབས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལྐོག་ས་རུལ་སུངས་ཀྱི་གནས་ཚུལ་རིམ་བསྟུད་དུ་ཐོན་ཡོད་ཀྱང་། ཁོས་གནད་དོན་དེར་ཁ་ཡ་མ་བྱས་པར་སྣང་མེད་དུ་བཞག་ཡོད་པ་དང་། ཐེངས་འདིར་དམར་ཤོག་ཚོགས་པས་ཀྲུའུ་ཡཱོང་ཁང་མང་ཚོགས་ཀྱི་མཐོང་སྣང་དུ་ཡང་བསྐྱར་ཡོང་བཅུག་སྟེ་པའོ་ཞི་ལེ་ལ་ཁྲིམས་མཐུན་ཐག་གཅོད་བྱེད་པའི་སྟེགས་བུ་བསྐྲུན་པ་རེད་དམ། ཡང་ན་པའོ་ཡི་ཉེས་དོན་ཁྲིམས་ཞིབ་ཀྱི་སྟེགས་བུ་བརྒྱུད་ཀྲུའུ་ལ་སྐྱོན་འཛུགས་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད།

ལྐོག་ཟ་བྱེད་མཁན་ལ་ཉེས་འཛུགས།

ཉེ་ལམ་ནས་བཟུང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྲུའུ་ཡཱོང་ཁང་གི་ལྐོག་ཟའི་སྐོར་ལ་སྐྱོན་འཛུགས་བྱེད་པར་རྨང་གཞིའི་ལས་ཀ་མང་པོ་ཞིག་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད། ཀྲུའུ་ཡི་བུ་ཀྲུའུ་ཕིན་ནི་ཀྲུའུ་ཚང་གི་ཚོང་ལས་དོ་དམ་བྱེད་མཁན་རེད། ཕྱི་ཟླ་༨ ཚེས་ ༣ ཉིན། ཀོན་ཧྭ་ཉིན་རེ་ཚགས་པར་(Guanghua)ནང་གནས་ཚུལ་བཀོད་པ་ལྟར་ན། བུ་ཀྲུའུ་ཕིན་གྱི་གྲོགས་པོ་ཝེ་ཕིན་ཟེར་བ་ཁོ་པེ་ཅིན་ནས་འབྲོ་རྩིས་བྱེད་སྐབས། པེ་ཅིན་བྱང་ཕྱོགས་མེ་འཁོར་ས་ཚིགས་སུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད། ཁོ་ནི་ཀྲུའུ་ཕིན་གྱི་གྲོགས་པོ་ཡིན་པ་མ་ཟད། ཀྲུའུ་ཚང་ལ་ཁྲིམས་འགལ་ཐོག་དངུལ་གཏོང་ལེན་བྱེད་མཁན་གཙོ་གྲས་དེ་ཡང་ཡིན།  

བདུན་ཕྲག་སྔོན་མའི་ནང་རེ་འབོད་རླུང་འཕྲིན་ཁང་(Sound of hope)གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་དམངས་བདེ་འཇགས་ལས་ཁུངས་ནང་ཁུལ་དུ་ཀྲུན་ཕིན་སྐོར་གླེང་སློང་བྱེད་སྐབས། དེ་སྔོན་ཀྲུའུ་ཕིན་ཕྱི་རྒྱལ་དུ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། ཡང་ཟླ་གཉིས་སྔོན་ཀྲུའུ་ཕིན་འཛིན་བཟུང་བྱས་ཟིན་པའི་གནས་ཚུལ་ཞིག་བཅས་ཀྲུའུ་ཕིན་སྐོར་ལ་གནས་ཚུལ་མ་འདྲ་བ་གཉིས་ཐོན་ཡོད།

ཀྲུའུ་དང་པའོ།

ཀྲུའུ་ནི་པའོ་ཞི་ལེ་ཡི་ནང་ཚགས་ཀྱི་བློ་མཐུན་ཞིག་རེད། ༢༠༡༢ ཟླ་ ༡ ཚེས་ ༡༠ ཉིན། པའོ་ཞི་ལེ་ཡི་བློས་ཐུབ་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཉེན་རྟོག་པ་ཝང་ལི་ཇོན་ ( wangLijun) ཁྲིན་ཏུའུ་གྲོང་ཁྱེར་གྱི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་དུ་བྲོས་བྱོལ་སྐྱབས་བཅོལ་དུ་འཛུལ་བའི་ཉིན་བཞིའི་རྗེས། ཝ་ཤིན་ཏོན་རང་དབང་སྒྲོན་མེ་དུས་དེབ་(Free Beacon)སྟེང་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་“ཝང་ལི་ཇོན་ལ་ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོའི་བར་དབང་ཆ་འཐབ་རྩོད་སྐོར་གྱི་གནས་ཚུལ་གལ་ཆེན་མང་པོ་ཡོད་པ་དང་། དམར་ཤོག་མཁྲེགས་བཟུང་ཅན་ཀྲུའུ་དང་པའོ་གཉིས་ཀྱིས་ཞི་ཅིན་ཕིན་ལ་དབང་ཆ་རྩིས་སྤྲོད་ལམ་ལྷོངས་མི་འབྱུང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད”ཅེས་བརྗོད་འདུག

དེའི་རྗེས་ལ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས། ཀྲུའུ་ཡཱོང་ཁང་གིས་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ལྷན་ཚོགས་སྟེང་། ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་ཚོགས་པས་པའོ་ཞི་ལེ་ལ་རྒྱབ་སྐྱོར་གྲོས་བསྡུར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་སྟོན་ཐབས་བྱས་ཡོད་ཀྱང་། པའོ་ཞི་ལེ་ཡི་དབང་ཆ་འཐབ་རྩོད་དང་ལྐོག་ཇུས་སོགས་སྤྱི་ཚོགས་ནང་བརྗོད་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་འདུག ཚོགས་འདུའི་སྐབས་པའོ་ཞི་ལེ་ཡིས་དཀྲོགས་གཏམ་དེར་དག་སྐྱེལ་ར་སྤྲོད་བྱེད་ཆེད། ཁོས་རྩ་འཛུགས་བྱས་པའི་རྒོལ་རྡུང་ལས་འགུལ་དེ་ནག་ཚོགས་རྩ་མེད་གཏོང་ཆེད་ཡིན་པའི་རྣམ་འགྱུར་སྟོན་ཐུབ་བྱས་ཡོད་ཀྱང་། ཁོས་ཕྱི་ཕྱོགས་སུ་ལས་འགུལ་དེ་ནི་ཀྲུའུ་ཡཱོང་ཁང་གིས་མགོ་ཁྲིད་པའི་རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལྟ་སྐྱོང་འོག་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད།

པའོ་དང་ཀྲུའུ་གཉིས་ཀྱིས་མཉམ་ལས་བྱེད་ཀྱིན་ཡོད་པ་དེ་ཚང་མས་གསལ་བོར་ཤེས་ཀྱི་ཡོད། ཐ་ན།  ཀྲུའུ་ཡིས་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གནས་རིམ་ཐོག་པའོ་ཡི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་དང་། པའོ་ཡི་གནད་དོན་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དབང་ཆ་འཐབ་རྩོད་དང་འབྲེལ་བ་ཆགས་སྟབས། ཀྲུའུ་ཡང་རྙོག་དྲ་དེར་རང་བཞིན་གྱིས་ཚུད་ཡོད་སྐོར་གླེང་ཡང་། ཀྲུའུ་ཡིས་གླེང་ཕྱོགས་དེར་མངོན་སུམ་འཛེམས་མེད་ཀྱིས་དགག་པ་རྒྱག་བཞིན་ཡོད།

དབང་ཆ་དང་ཐོབ་ཐང་།

འདས་པའི་ལོ་བཅུ་ཕྲག་འགའ་ནས་ ༢༠༡༢ ལོའི་ཟླ་ ༡༡ པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བར་དུ། རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་དབང་ཚད་ཆེན་པོ་ཆགས་ཡོད་པ་དང་། དེ་ནི་ ༡༩༩༩ ལོར་ཅང་ཙེ་མེན་གྱིས་རྩ་རླུང་སྒོམ་སྒྲུབ་ཚོགས་པར་རྒོལ་རྡུང་ལས་འགུལ་སྤེལ་མགོ་བཙུགས་པ་ནས་དབང་ཚད་ཆེ་རུ་ཕྱིན་ཡོད། རྒྱ་ནག་གཞུང་གིས་དུས་རྒྱུན་རྩ་རླུང་སྒོམ་སྒྲུབ་ཚོགས་པར་ཉེས་འཛུགས་བྱེད་པ་ནི་ཆབ་སྲིད་ལས་འགུལ་ཞིག་ཡིན་པ་ལས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་ལེན་བསྟར་བའི་གནད་དོན་དང་འབྲེལ་བ་མེད། ཉེས་འཛུགས་ལ་དགོས་པ་ནི་ཁྲིམས་མཐུན་ལམ་ལུགས་ཀྱི་ཕྱི་ལོགས་སུ་དབང་ཆའི་གོ་རིམ་ཞིག་ཡོད་པ་དེས་ཁྲིམས་མཐུན་སྒྲིག་སྲོལ་ལ་ཤུགས་རྐྱེན་སྤྲོད་སྟབས། རྒྱ་ནག་གི་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལམ་ཁ་དེ་སྟབས་བདེ་ངང་བེད་སྤྱོད་གཏོང་གི་ཡོད། རྒྱུ་མཚན་དེའི་དབང་གིས་ལོ་གཉིས་རྗེས་སུ། ས་གནས་ཁག་ཏུ་རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ལས་ཁུངས་ ༦༡༠ ཙམ་གསར་དུ་བཙུགས་ཏེ། རྩ་རླུང་སྒོམ་སྒྲུབ་ཚོགས་པར་ཉེས་འཛུགས་དང་རྒོལ་རྡུང་གཏོང་རྒྱུར་མཐུན་རྐྱེན་སྐྲུན་ཡོད།

རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ལ་ཁྲིམས་ཀྱི་དབང་ཚད་འཕར་མ་སྤྲད་པ་དང་། དེའི་མགོ་ཁྲིད་ཐོག་མ་ལུའོ་གྷན་( luoGan)དང་དེ་རྗེས་ཀྲུའུ་ཡཱོང་ཁང་རེད།  ལོ་མང་རིང་ཁོ་གཉིས་ལ་དབང་ཚད་ཆེན་པོ་སྤྲད་ཡོད་འདུག  པེ་ཅིན་རྒྱལ་སྤྱིའི་ཨོལ་རྩལ་འགྲན་ཚོགས་སྐབས་དང་། དེའི་རྗེས་ལ་རྒྱལ་ཁབ་བརྟན་བརླིང་ཞེས་པའི་མིང་ཐོག་ནས་ཁྲིམས་ཀྱི་དབང་ཚད་དེར་བསྐྱར་འགྲེལ་བྱས་ཏེ་ཡར་རྒྱས་བཏང་ཡོད། དེའི་རྩ་བའི་དམིགས་ཡུལ་ནི་ཐོན་ཁུངས་དང་མིའི་ནུས་ཤུགས། ཉམས་མྱོང་དང་ཐབས་ཇུས་སོགས་བེད་སྤྱོད་གཏོང་དགོས་པ་དང་། དེ་དག་སྔོན་མ་རྩ་རླུང་སྒོམ་སྒྲུབ་ཚོགས་པ་ཁག་དང་ཚོགས་མི་སོགས་ལ་ཉེས་འཛུགས་ཁྲིམས་སྦྱོར་བྱེད་སྐབས་ཀྱི་ཉམས་མྱོང་བསྡུ་གསོག་བྱས་པ་ལས་བྱུང་བ་ཞིག་རེད།

དེར་བརྟེན། རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩ་རླུང་སྒོམ་སྒྲུབ་ཀྱི་གནད་དོན་དང་རྒྱལ་ཁབ་བརྟན་བརླིང་སྲུང་སྐྱོང་གཉིས་ཐོག་རང་དབང་ལྡན་པའི་ངང་སྲིད་ཇུས་བཟོ་ཆོག་པའི་དབང་ཚད་ཡོད་པ་དང་། དམག་མི་དང་རོགས་འདེགས་དམག་དཔུང་རྒྱ་སྐྱེད། མི་སྒེར་གྱི་མངོན་འདོད་སོགས་ཀྱི་ཆེད་གཞུང་གིས་འགྲོ་གྲོན་ལ་ཚད་བཀག་མེད་པར་རྒྱབ་སྐྱོར་ཡོད་དང་།  ཀྲུའུ་ཡཱོང་ཁང་དང་ཁོས་མགོ་ཁྲིད་པའི་རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་དེ་དབུས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་དབང་ཚད་དང་གཅིག་མཚུངས་ཆགས་ཡོད།

རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གི་དགྲ་བོ་གཉིས་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་། ༡༩༤༠ ལོའི་མགོར་མའོ་ཙེ་ཏུང་གིས་དབང་ཆ་སྒེར་འཛིན་བྱས་པ་ནས་བཟུང་། རྒྱ་ནག་དབུས་གཞུང་ནང་དབང་ཆ་གཉིས་པ་ཞིག་བྱུང་མྱོང་མེད་པ་དེ་འགོག་ཆེད་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་དམར་ཤོག་ཚོགས་པ་ཁ་བྲལ་གཏོང་བའི་རྟགས་ཙམ་འཛིན་མཁན་གྱི་ཚོགས་པ་དང་མི་སྒེར་བཅས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དེ་རེད། ཡིན་ནའང་ཀྲུའུ་ཡཱོང་ཁང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེས། ཁོས་རང་ཉིད་དམར་ཤོག་ཚོགས་པའི་ནང་ཆེས་མི་དགའ་བའི་མི་སྣ་བཟོས་པ་མ་ཟད་། རྒྱ་ནག་སྲིད་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་ཡང་ཆེས་མི་དགའ་བའི་སྒྲིག་འཛུགས་ཞིག་ཏུ་ཆགས་བཅུག་ཡོད།

ཞི་ཅིན་ཕིན་གྱིས་སྟག་འཛིན་པ།

རྒྱ་ནག་དམར་ཤོག་ཚོགས་པ་ལ་ཡིག་ཐོག་ཏུ་མེད་པའི་སྒྲིག་ཁྲིམས་ཞིག་ཡོད།  དེས་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་འཐུས་མི་ལའང་རྒྱུན་ལྡན་མ་ཡིན་པའི་ཉེས་འཛུགས་སམ་ཁྲིམས་ཆད་གཏོང་ཆོག་གི་ཡོད་ཅིང་། ཁ་ཤས་ཀྱིས་བརྗོད་ན་ཀྲུའུ་ཡི་སྟེང་བསླེབ་ན་སྒྲིག་ཁྲིམས་དེ་རྩིས་མེད་གཏོང་གི་རེད། འོན་ཀྱང་། ཁ་ཤས་ཀྱིས་ལྐོག་ཟ་རྒོལ་རྡུང་ལས་འགུལ་དེ་ཀྲུའུ་ཡི་སྟེང་མ་བསླེབས་པར་མཚམས་འཇོག་བྱེད་པར་ཡིད་ཆེས་བྱེད་ཀྱིན་ཡོད།

ད་ལྟའི་བར་ཞི་ཅིན་ཕིན་གྱི་ལྐོག་ཟ་རྒོལ་རྡུང་ལས་འགུལ་གྱིས་འབྲུག་སྒྲ་ལྡར་ལྡིར་ཇི་ལྟར་བྱས་ཀྱང་ཆར་བ་ཟིམ་ཟིམ་ཞིག་ལས་འབབ་ཐུབ་མེད། ཉེ་ཆར་རྒྱ་ནག་གི་ཁྲིམས་དཔོན་ཁག་ཅིག་གིས་ཧྲེང་ཧེ་གྲོང་ཁྱེར་དུ་གཞང་ཚོང་མ་ལོངས་སུ་སྤྱོད་བཞིན་པ་འཛིན་བཟུང་བྱས་ཡོད་དེས།  དམར་ཤོག་ཚོགས་པའི་ལས་བྱེད་ཚོས་ཞི་ཅིན་ཕིན་གྱི་ལས་འགུལ་གལ་ཆེན་དུ་རྩི་ཡི་མེད་པར་བསྟན་པ་རེད། དེར་བརྟེན་ཞི་ཅིན་ཕིན་གྱིས་རང་ཉིད་ཀྱི་དབང་ཚད་བསྐྲུན་དགོས་ན། ཁོས་ངེས་པར་དུ་སྟག་ངོ་མ་འཛིན་བཟུང་བྱེད་དགོས།

ཀྲུའུ་ཡཱོང་ཁང་ནི་སྟག་ངོ་མ་དེ་ཡིན་ཡང་ཁོ་ཧ་ཅང་བདེ་འཇགས་ཀྱང་ཡིན་སྟབས་འཛིན་བཟུང་བྱ་ཐབས་བྲལ་བ་ཞིག་རེད། ཀྲུའུ་ཡི་དབང་ཚད་ཁོ་རང་གི་གོ་གནས་ལ་རག་པ་ཞིག་ཡིན་སྟབས་པའོ་ཞི་ལེ་དང་གཅིག་མཚུངས་མིན། པའོ་ཡི་དབང་ཆ་དེ་ཁོ་རང་གི་ཕ་ཡིས་གསར་བརྗེ་ནང་བཞག་པའི་བྱས་རྗེས་ཀྱི་འབྲས་བུ་ལས་བྱུང་བ་ཞིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་གྱི་བུ་ཕྲུག་ཚོའི་ནང་གི་རྒྱལ་སྲས་གཅིག་ནི་པའོ་ཞི་ལེ་ཡིན་ཞིང་ཁོ་ལ་སྐྱེས་དུས་ནས་དབང་ཆ་ཡོད། རྒྱལ་སྲས་མང་པོའི་ཁྲོད་པའོ་དང་པའོ་ཡི་ལྟ་བ་འདྲ་བོ་ཡོད་པའི་ངེས་པ་མེད། ཡིན་ནའང་ཁོ་ཚོས་པའོ་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁོ་ཚོ་ལའང་མི་རབས་གོང་མ་ནས་བརྒྱུད་པའི་དབང་ཆའི་ཁེ་ཕན་ཡོད་པ་མ་ཟད། ཁོ་ཚོས་སྤྱི་ཚོགས་ལས་རིམ་གཅིག་མཚུངས་ཀྱི་ཁེ་ཕན་མཉམ་ཟ་མཉམ་འཐུང་བྱེད་པའི་རྐྱེན་གྱིས་ཡིན། ཐ་ན་པའོ་འཛིན་བཟུང་བྱས་ཀྱང་། ཁོ་ནི་དམར་ཤོག་ཚོགས་པའི་ཕྱི་ནང་གཉིས་དང་སྦྱི་ཚོགས་ཀྱི་གནས་རིམ་མ་འདྲ་བའི་ནང་རྒྱབ་སྐྱོར་བྱེད་མཁན་མེད་པ་ཞིག་མ་རེད། ཀྲུའུ་ལ་འདི་ལྟ་བུའི་རྒྱབ་ལྗོངས་གང་ཡང་མེད།

ཅང་ཙེ་མེན་གྱིས་ཀྲུའུ་ཡི་གོ་གནས་སྤོར་བ་ནི་རྩ་རླུང་སྒོམ་སྒྲུབ་ཚོགས་པར་ཉེས་འཛུགས་བྱེད་པའི་དམིགས་འདུན་ཆེད་ཡིན་པ་དང་། ཀྲུའུ་ཡིས་ཐེངས་གཅིག་གོ་གནས་ཤོར་ན་ཁོས་རང་ཉིད་ཀྱི་དབང་ཆ་དང་འབྲེལ་ལམ་ཡོད་ཚད་བརླག་འགྲོ་ཞིང་། དེ་དུས་ཁོ་ནི་མི་དཀྱུས་མ་ཞིག་ཆགས་པ་དང་། ཡང་ན་དཀྱུས་མའི་ནང་གི་དཀྱུས་མ་ཞིག་ཆགས་རྒྱུ་རེད། ད་ལྟའི་མགོ་ཁྲིད་ཀྱིས་ཀྲུའུ་བེད་སྤྱོད་བཏང་སྟེ་ཧ་ཅང་བྲིན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བའི་མ་ཉེས་ཁ་གཡོག་བྱེད་ཀྱིན་ཡོད།

ལོ་འདི་རྫོགས་ན་པའོ་དང་ཀྲུའུ་གཉིས་མང་ཚོགས་ཀྱི་མཐོང་ལམ་ནས་ཡལ་རྒྱུ་ཡིན་ནའང་། ཁོ་གཉིས་མེད་པ་ཙམ་གྱིས་དམར་ཤོག་ཚོགས་པར་འགྱུར་བ་གང་ཡང་འགྲོ་མི་སྲིད། ད་དུང་མའོ་ཙེ་ཏུང་གི་ལྟ་བའི་དགོངས་གཞི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གཅེས་ནོར་གྱི་ཆ་ཤས་ཤིག་ཡིན་པ་དང་།  རྒྱལ་ཁབ་བརྟན་བརླིང་རྒྱུན་སྲུང་བྱེད་པའི་སྲིད་ཇུས་དང་ཐབས་ལམ་མུ་མཐུད་བེད་སྤྱོད་གཏོང་རྒྱུ་རེད། པའོ་དང་ཀྲུའུ་གཉིས་ཀྱི་ནག་ཉེས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ནག་ཉེས་ཡིན་པ་དང་། གལ་སྲིད་པའོ་ལ་ཁྲིམས་བཤེར་བྱེད་པའི་དགོས་དམིགས་དང་། ཀྲུག་ལ་ཉེས་འཛུགས་ཞུ་གཏུག་མ་བྱས་པ་གཉིས་ཀྱིས་དམར་ཤོག་ཚོགས་པར་མགོ་རྟིང་སློག་པའི་འཇིགས་ཉེན་ལས་སྐྱོབ་ཐུབ་པ་ཙམ་ལས། རྒྱ་ནག་གཞུང་ལ་འགྱུར་བ་འགྲོ་བའི་རེ་བ་གཏན་ནས་མེད།

མ་རྩོམ་དྲ་ཐག http://www.theepochtimes.com/n3/244150-xi-jinping-may-be-getting-ready-to-bag-a-tiger/

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 1

  1. བསྟན་ཆོས། says:
    ལོ་ 13 སྔོན།

    སྟག་ངོ་མ་བོ་ནགས་ན་བདེ་སྡོད་ཡིན་ཀྱང། ཞི་ཡིས་སྟག་རྫུན་གནོག་གྱིན་པར་བློ་བདེ་རང་མ་རེད་ཟེར། གང་ཞེ་ན། ཞི་ལ་སྦྱོང་བསྡུར་ངོ་མ་ཞིག་ཐོབ་ཀྱིན་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese