མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤག་རོང་པོ་དགོན་པར་དམ་དྲག

བོད་ཀྱི་དུས་བབ།
༢༠༡༣/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཤག་རོང་པོ་དགོན་གྲོང་གཉིས་ཀྱི་ཐོག་དམག་མི་དང་ལས་བྱེད་མི་སྣ་སོགས་མངགས་གཏོང་གིས། བོད་མི་མང་པོ་འཇུ་བཟུང་དང་དམ་དྲག་བྱེད་ཀྱི་ཡོད་འདུག

ཟླ་ཤས་གོང་རྒྱ་གཞུང་གིས་ནག་ཆུ་རྫོང་ཤག་རོང་པོ་དགོན་པའི་ཉེ་འཁྲིས་སུ་དམག་སྒར་གསར་རྒྱག་གིས་དགོན་གྲོང་གཉིས་ལ་དམ་དྲག་བྱེད་ཀྱིན་པ་ལྟར། ཉེ་ལམ་ཉེན་རྟོག་པ་དང་དམག་མིས་ས་གནས་བོད་མི་ ༤༠ ཡས་མས་ཞིག་སྲིད་གཞུང་དུ་འབོད་འགུག་གིས་གཅར་རྡུང་བཏང་སྟེ། བོད་མི་ཁག་ཅིག་སྨན་ཁང་དུ་འཁྱེར་ཡོད་པ་དང་། ད་དུང་དགོན་གྲོང་གཉིས་ཀྱི་ལས་བྱེད་མི་སྣ་ ༥༠ ལྷག་རྫོང་ཐོག་ཏུ་འབོད་འགུག་གིས། ཉིན་ ༢༠ ལྷག་གི་རིང་བསམ་བློའི་སློབ་གསོ་སྤྲོད་བཞིན་ཡོད་སྐོར་བཤད་དེ་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་མགོ་ཁྲིད་གཞོན་པ་ཝུའུ་ཡཱང་ཅེ་དང་། ནག་ཆུ་ས་ཁུལ་གྱི་དམར་ཤོག་མགོ་ཁྲིད་རྡོ་ཐོགས། དམར་ཤོག་མགོ་ཁྲིད་གཞོན་པ་སྐལ་བཟང་ཚེ་རིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུས་ལས་མགོ་གཙོ་གཞོན་པ་བསོད་ནམས་རིག་འཛིན་སོགས་ནག་ཆུ་རྫོང་ཤག་རོང་པོ་དགོན་པར་ཡོང་སྟེ།  དགོན་སྡེའི་དོ་དམ་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱ་རྒྱུ་ཡིན་ཚུལ་བསྒྲགས་པ་དང་། ས་གནས་ཀྱི་དམར་ཤོག་མགོ་གཙོ་རྒྱལ་མཚན་དབང་གྲགས་འབོད་པས། ས་གནས་སུ་བསྡད་པའི་ལས་བྱེད་དག་གུང་ཁྲན་ཏང་ཡོན་ཤ་སྟག་ཡིན་སྟབས། བོད་མི་ཚོས་ཁོང་ཚོར་ཉེས་རྡུང་བཏང་བ་དེ་ཉེས་པ་ཆེན་པོ་ཡིན་སྐོར་སོགས་ཀྱི་གཏམ་བཤད་དང་མི་མང་ལ་འཇིགས་སྐུལ་བྱས་ཡོད་འདུག

ངག་དབང་ཐར་པ་ལགས་ཀྱིས་བཏང་བའི་གནས་ཚུལ་ནང་བཀོད་དོན་ལྟར་ན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ས་གནས་སུ་མ་འབྱོར་བའི་ཉིན་ཤས་སྔོན་དེར། རྒྱ་ནག་གཞུང་གིས་གདན་ས་སེ་འབྲས་དགེ་གསུམ་སོགས་ཀྱི་དགེ་བཤེས་ཁག་ཅིག་ཆོས་ཁྲིད་བྱེད་མཁན་ཡིན་ཚུལ་བཤད་དེ་འཁྲིད་ཡོང་རྗེས། མགོ་ཁྲིད་ཚོ་ས་གནས་སུ་ལྟ་སྐོར་ཡོང་སྐབས་མཇལ་བཅར་ཞུ་མཁན་དུ་མངགས་གཏོང་བྱས་ཡོད་པ་མ་ཟད། མགོ་ཁྲིད་དེ་དག་ས་གནས་སུ་མ་ཕེབས་སྔོན་ཤག་རོང་དགོན་གྱི་དགེ་འདུན་པ་ཁག་ཅིག་ལ་མིང་འདོགས་བྱས་ཏེ་དཔོན་རིགས་ཚོར་ཕེབས་བསུའི་ཁ་བཏགས་ཕུལ་དགོས་ཚུལ་བརྗོད་ཡོད་འདུག ཕྱིས་སུ་མགོ་ཁྲིད་དངོས་སུ་བསླེབ་སྐབས་གྲྭ་བ་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་པར། ལྟ་སྲུང་མི་སྣ་སོགས་ཀྱིས་འཇིགས་སྐུལ་བྱས་ཏེ་བཙན་དབང་གིས་ཁ་བཏགས་སྒྲོན་དུ་བཅུག་པ་དང་། མཉམ་དུ་བརྙན་ལེན་སོགས་བྱས་བཅུག་ཡོད་འདུག   

ད་ལྟའི་ཆར་རྒྱ་ནག་གཞུང་གིས་དེ་སྔོན་ནག་ཆུ་ས་ཁུལ་གྱི་ཤག་ཆུ་དང་ཤོ་ར་བཅས་ཉེ་འཁོར་ས་གནས་ཁག་ནང་གསར་རྒྱག་བྱས་ཡོད་པའི་དམག་སྒར་ཁག་ལས་གཞན། ཟླ་ཐང་དང་དགོན་པ། གེ་སོའི་མདོ། འུམ་རྐྱང་སུམ་མདོ་བཅས་སུ་དམག་སྒར་ ༥ ལྷག་བརྒྱབ་ཏེ་དམག་མི་ ༢༠༠༠ ལྷག་གནས་སྡོད་དང་། ས་གནས་སུ་བདེ་འཇགས་མི་སྣ་དང་ལས་བྱེད་ ༤༠༠ ཙམ་གནས་སྡོད་ཀྱིས། དམག་མི་ཚོས་ནམ་རྒྱུན་ལག་ཏུ་མེ་མདའ་སོགས་འཁྱེར་ཏེ་ས་གནས་སུ་སྐོར་བསྐྱོད་ལྟ་རྟོག་བྱེད་ཀྱིན་པ་མ་ཟད། ཉེ་འཁོར་གྱི་འབྲི་རུ་རྫོང་དང་སོག་རྫོང་བཅས་ཀྱི་འགྲིམ་འགྲུལ་ཁག་ལ་ཞིབ་བཤེར་དང་། མི་མང་གི་འགྲོ་འོང་དང་བརྒྱུད་ལམ་ལ་སྟངས་འཛིན་དང་ལྟ་རྟོག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༡ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese