མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་ཉམས་ལེན་བསྒྲགས་གཏམ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

༄༅།།  དབུ་མའི་ལམ་གྱི་ཉམས་ལེན་པ་ཁ་ཞེ་གཉིས་མེད་ཅིག་བྱེད་དགོས་ཚེ། དེའི་ལས་དོན་རྩེ་གྲས་སྤུན་ཟླ་རྒྱ་རིགས་མི་མང་དང་འབྲེལ་བ་བྱེད་རྒྱུ་དེ་རེད། བཙན་བྱོལ་ནང་གི་རྒྱ་ནག་དང་རྒྱ་ནག་མི་མང་ལ་གཟིགས་ཕྱོགས་ཅི་ཙམ་གཟུ་བོར་གནས་པ་དེའི་ཚོད་ཀྱིས། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱང་ཤེས་ཡོན་དང་རྒྱུ་མཚན་ཟུང་སྦྲེལ་གྱི་ནང་དོན་ལྡན་པའི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་སྔ་མོའི་དུས་ནས་ལན་མང་གསུངས་པའི་རྒྱ་རིགས་འབྲེལ་མཐུད་ལས་གཞི་ལོ་ལྔ་དྲུག་གི་གོང་ནས་སྒྲིག་འཛུགས་རང་བཞིན་གྱི་ལམ་དུ་བསྐྱོད་ཅིང་། ཨ་རི་དང་ཡོ་རོབ། ཨོ་སི་ཌི་ལི་ཡ། ཐའེ་ཝན་སོགས་སུ་དེང་སང་རྒྱ་རིགས་འབྲེལ་མཐུད་ལས་གཞིའི་ལས་དོན་ཡར་རྒྱས་སུ་འགྲོ་བའི་རྣམ་པ་ཤུགས་ཆེར་མཐོང་གི་འདུག་ལ། དེའི་ཉེར་ལེན་ལས་རང་རེའི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ནས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་གི་གཏམ་བཤད་ཚུན་ཆད་དུ་རྒྱ་རིགས་དང་རྒྱ་རིགས་ཤེས་ཡོན་ཅན་ཚོ་ཕེབས་སྐལ་བྱུང་ཡོད་པ་མ་ཟད། རྒྱ་མི་ནི་གདོན་འདྲེར་བརྩི་བའི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བཙན་བྱོལ་ནང་གི་མི་རབས་གསར་པ་ཚོའི་མིག་ལམ་དུའང་། སྔ་མོར་དགའ་ལྡན་ཁྲི་པ་ཞིག་གིས་ཨིན་ཇི་མགོ་སེར་ཞིག་མཐོང་སྐབས་མི་རེད་གསུངས་པའི་ངག་རྒྱུན་ལྟར། ད་ལྟ་ཁོང་ཚོའི་མིག་ལམ་དུའང་རྒྱ་རིགས་ཚོ་ཤེས་ལྡན་ཙམ་དུ་མ་ཟད། རང་གི་ངོ་བོ་འཛིན་པའི་ཐུན་མིན་རིག་གནས་ཀྱིས་དབང་བསྒྱུར་བྱས་ཟིན་པའི་རང་ཚུགས་ཅན་གྱི་མི་རིགས་ཤིག་ཏུ་མཐོང་རྒྱུའི་མགོ་བརྩམས་ཟིན་པ་རེད། ད་ལྟ་དབུས་ངྷ་རམ་ས་ལ་ནས་དགོན་སྡེ་གཞིས་ཆགས་ག་བ་སོང་ཡང་། བོད་ཀྱི་དཀའ་ངལ་སེལ་དགོས་ན་རྒྱ་ནག་ཤེས་དགོས་པ་དང་རྒྱ་རིགས་ཚོ་དང་འབྲེལ་མོལ་མ་བྱས་པའི་ལམ་ཁ་གཞན་ཞིག་མེད་པ་ཕལ་ཆེར་ནམ་ལངས་ཉི་ཤར་ལྟར་ཆགས་འདུག དེ་ལས་ཀྱང་གཞི་ལམ་འབྲས་གསུམ་གྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ལྡན་པའི་དབུ་མའི་ལམ་གྱི་ལྟ་བ་ཆེ་ས་མི་རིགས་བར་གྱི་འགལ་བ་འདུམ་འགྲིག་དང་། ཆུང་ས་སྒེར་པ་མི་རེ་ངོ་རེའི་ཉིན་རེའི་འཚོ་བའི་ནང་གི་གཞི་རྩའི་ལམ་སྟོན་དུ་ཤ་འཐིམ་རུས་འཐིམ་བྱེད་དགོས་པ་དེ་བས་ཀྱང་དངོས་ར་གསལ་འཕྲོད་བྱུང་དང་འབྱུང་རྒྱུའི་དུས་རིམ་ཧྲིལ་བོར་བོད་མི་ཚོས་དེ་བས་དབུ་མའི་ལམ་གྱི་ཉམས་ལེན་གསལ་འདོན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་རེད།

            དེང་སྐབས་མི་མང་ཁྱོན་ཡོངས་ཀྱི་ཤེས་ཚད་ཡར་རྒྱས་ཕྱིན་པ་དང་མཉམ། རྒྱ་ནག་དགྲ་བོར་གཅོད་པའི་བསམ་སྤྱོད་ཉི་འཚེ་བ་རྣམས་རང་བཞིན་གྱིས་འགག་སོང་བ་མ་ཟད། རྒྱ་མི་གདོན་འདྲེར་ལྟ་བའི་འདུ་ཤེས་དེ་དག་ཀྱང་རྙིང་ཟིན། དེ་བཞིན་བོད་ཀྱི་བདེན་མཐའ་བསལ་ཐབས་གཉིས་སྨན་ཐབས་མཆོག་འཚེ་བ་མེད་པ་ཁོ་ནས་སྒྲུབ་རྒྱུར་སྲིན་འབུ་མེ་འཁྱེར་གྱི་སྣང་བས་མི་འདོད་པའི་ལབ་བརྡོལ་ཅི་དགར་འབྱིན་པ་རྣམས་ཀྱང་། ད་ནི་ཟུར་ཕོག་དང་གཏམ་གྲགས་ཀྱིས་ཚིམས་སོང་བ་ལྟར་གནས་ལུགས་དང་རྒྱུ་མཚན་གྱི་ཁ་གཏད་ནས་ཡོངས་སུ་ཕམ་ཉེས་ཕྱིན། གཞན་ཡང་ལྟོ་འབྲང་གཏམ་ཙམ་དོན་དུ་གཉེར་ཏེ་བོད་མི་རིགས་དང་དེའི་འཐབ་རྩོད་བཅས་པར་གཡག་ཞྭར་རྩ་ལ་རྔམས་པ་ལྟར་གྱི་གཟུགས་བརྙན་རུ་ཁག་གི་རང་མདོག་ཀྱང་ཇེ་གསལ་ནས་རྩ་ཡལ་ཕྱིན་པ་བཅས་ནང་གི་བཀྲ་མི་ཤིས་པའི་དོན་རྣམས་བདེན་པ་ཆེན་པོས་གཞོམ་བསྲེགས་བྱས་དང་བྱེད་བཞིན་པའི་སྐབས་འདིར།

            དབུས་སྒྲིག་འཛུགས་དྲ་བརྙན་ནས་༼ ༢༠༡༣། ༨། ༣༠། ཉིན་༽ངྷ་རམ་ས་ལར་ཚོགས་འདུར་ཕེབས་པའི་ཨ་རི་དང་ཡོ་རོབ་ཨོ་སི་ཌི་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། བློ་བཟང་ཉི་མ་ལགས། ཟླ་སྒྲོན་ལགས་བཅས་སུ་ལོ་འདི་འགའི་རིང་གི་རྒྱ་རིགས་འབྲེལ་མཐུད་བྱས་པའི་ཉམས་མྱོང་དང་གྲུབ་འབྲས། རེ་བ། དཀའ་ངལ་བཅས་ཀྱི་སྐོར་ཕྱོགས་ཡོངས་ནས་དྲི་བ་ཞུས་པར་ཞིབ་ནན་བྱེད་ཁོམ་བྱུང་། ཁོང་རྣམས་ཀྱིས་རང་རང་ས་ཁོངས་ཀྱི་གཏན་སྡོད་དང་འཕྲལ་སྡོད་( གནས་སྐབས་སྡོད་མཁན་རིགས་ལ་གོ)བཅས་ལས་རིགས་འདྲ་མིན་གཉེར་བའི་རྒྱ་རིགས་ཁྱོན་ཡོངས་ལ་འབྲེལ་བ་བྱས་པའི་ཉེ་བའི་ལོ་འགའི་རིང་གི་གྲུབ་འབྲས་དང་མ་འོངས་པའི་སྤོབས་པ་ཕྱོགས་བསྡོམས་བྱེད་སྐབས། ཚང་མས་མགྲིན་གཅིག་གིས་བོད་ཀྱི་དཀའ་ངལ་དངོས་ར་གསལ་འཕྲོད་རྗེས་དེ་ལས་སྐྱོབ་ཐབས་གཉིས་སྨན་ཐབས་མཆོག་དབུ་མའི་ལམ་ལ་རྣམ་པ་ཅི་རིགས་ནས་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་བཤད།

དངོས་དོན་འདི་ནི་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སྟོན་བྱས་པའི་བོད་ཀྱི་བདེན་མཐའ་བསལ་ཕྱོགས་མིག་མཐོང་ལག་ཟིན་ཆགས་བཞིན་པ་བོད་ཕྱི་ནང་གི་ཤེས་ལྡན་པ་ཚོས་ངོས་འཛིན་གཏིང་ཟབ་རྙེད་དགོས་པ་དང་། མ་རྙེད་པ་རྣམས་ཀྱིས་རྙེད་ཐབས་བྱ་རྒྱུ་ནི་བོད་ཀྱི་མདུན་ལམ་ལ་གདེང་ཚོད་རྙེད་མིན་དང་ཐད་འབྲེལ་ཡོད་པས་རེད། དབུ་མའི་ལམ་གྱི་སྲིད་བྱུས་ནི་དེའི་དོན་དག་ཅུང་ཙམ་གོ་བ་དང་། མི་མང་པོས་རྒྱབ་སྐྱོར་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་རང་གིས་དེར་རྒྱབ་སྐྱོར་བྱེད་པ། ཡང་ན་མི་མང་དང་གྲོས་ཚོགས་ཀྱིས་གཏན་འབེབས་གནང་སྟབས་དམ་འཛིན་བྱེད་རྒྱུ་ཡིན་ཅེས་པའི་རྣམ་འགྱུར་ཙམ་གྱིས། སྲིད་བྱུས་དེ་ཉིད་ལག་བསྟར་ཐུབ་པའི་ཤེས་ཚད་མེད་པ་རིགས་པའི་དཔྱད་ན་གྲུབ་ངེས་སྟབས། ངེས་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རང་གི་སྒོ་གསུམ་གྱི་བྱེད་བབ་མཐའ་དག་དེའི་ཉམས་ལེན་དུ་ཡིད་ཆེས་བརྟན་པོས་བསྒྱུར་རྒྱུ་ནི་གསེར་ལས་བྲིན་པའི་ཡོང་རྒྱུའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དེ་བས་ཀྱང་གལ་ཆེན་ཆགས་འདུག་སྟབས། ང་ཚོ་ཚང་མས་རྒྱ་རིགས་འབྲེལ་མཐུད་ཀྱིས་མཚོན་དེའི་ཉམས་ལེན་དངོས་ཀྱི་ནང་མཉམ་ཞུགས་ཐུབ་རྒྱུར་མི་མང་གིས་རང་བློ་རྩལ་དུ་མ་དཀྲུགས་དུས། དབུ་ཁྲིད་རིམ་པའི་ལམ་སྟོན་གྱི་གནས་བབ་ཉམས་ཆག་འགྲོ་བཞིན་འདུག་ན། ད་ལྟའི་གནས་བབ་ལ་གཞི་རིམ་མི་མང་གིས་དམིགས་བསལ་གསལ་འདོན་བྱ་དགོས་པའི་དབུ་མའི་ལམ་གྱི་ཉམས་ལེན་ཞུ་ཕྱོགས་ཁག་ཅིག་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༡  འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་ལས་འགུལ་ནམ་སྤེལ་ལ་འཕྲད་དར་སྟེང་” ང་ཚོས་རང་བཙན་གཏན་ནས་རྩོད་ཀྱི་མེད། རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་”ཅེས་བྲིས་ཏེ་འབོད་ཚིག་སྒྲོག་རྒྱུ་དང་། རྒྱལ་སྤྱིའི་གཞུང་སྒེར་ཚང་མར་འབོད་ཚིག་གཅིག་པ་འདི་མི་མང་རང་གིས་སྙན་ཞུ་དང་ཞུ་གཏུག་གིས་ས་གནས་སོ་སོའི་དབུས་སའི་གཞུང་དང་སྒེར་པ་གྲགས་ཅན་མི་སྣར་འབུལ་དགོས།

༢ ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་བོད་དར་ཆ་མཉམ་འཕྱར་གྱིས༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་ལན་འདེབས་ཚད་ལྡན་དགོས་རྒྱུར་ཞི་བའི་ངོ་རྒོལ་བྱ་རྒྱུ། དེའི་ནང་རྒྱ་རིགས་མཉམ་ཞུགས་ཡོང་ཐབས་ལ་འབད་དགོས།

༣ ཕྱི་རྒྱལ་ཁག་ཏུ་མི་སེར་བཟོས་ཟིན་པའི་བོད་མི་རྣམས་གཙོས་བཙན་བྱོལ་བོད་མི་ཚང་མས་རྒྱ་ནག་གིས་སྤྲོད་བཞིན་པའི་ལག་འཁྱེར་བླངས་ནས་རང་གི་ཕ་ཡུལ་དངོས་སུ་མིག་གིས་མཐོང་ཆེད་བོད་ནང་དུ་བར་མཚམས་མེད་ཕེབས་གལ།

༤ རང་ཉིད་ཁོ་ནས་ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན། ནང་མི་བཟའ་ཟླ་བུ་ཕྲུག་གི་ལྟོ་རྒྱབ་ཁོ་ནར་འབད་པའི་ལས་དོན་ཆེད་མི་ཚེ་ཡོངས་སུ་གཏོང་རྒྱུ་མིན་པར། བོད་མི་བརྒྱ་ཕྲག་འགའ་ཡོད་པའི་མི་ཚེ་དབུ་མའི་ལམ་གྱི་ཉམས་ལེན་ཆེད་འབུལ་ཐུབ་པའི་རིགས་གཅིག་རྐང་འཛིན་དཔུང་ཁག་ཅིག་ཡོང་བར་ཁྱིམ་ཚང་། ཚོགས་སྡེ། དགོན་སྡེ། ཆོལ་ཁ་སོ་སོ་བཅས་ནས་རང་ཁོངས་སུ་གོ་བསྐོན་བསླབ་བྱ་འབོད་སྐུལ་ཞུ་གལ།།

༥  དབུ་མའི་ལམ་གྱིས་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་དང་ངོ་བོ་ལ་འགན་སྲུང་བྱེད་པ་དམིགས་འབེན་དུ་བཟུང་ཡོད་སྟབས། བཙན་བྱོལ་ནང་དང་ཡང་སྒོས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཤེས་ལས་ནས་བོད་མིའི་ཤེས་ཡོན་དང་སྐད་ཡིག་ཐད་འཛིན་པའི་བཟང་ངན་ཕྱོགས་གཉིས་ཀྱི་རྣམ་འགྱུར་ལ་དུས་ལྟར་རྗེས་འདེད་ཚ་ནན་གཏོང་གལ།

༦ དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དབུ་མའི་ལམ་གྱི་ཞུ་སྒོ་ཁག་དེའི་གཞུང་ལུགས་དང་མཐུན་པ་སྤེལ་གྱི་ཡོད་མེད་དང་། ཅི་སྤེལ་དགོས་མིན་རང་རང་ས་ནས་དང་བླངས་ཐོག་བསམ་ཚུལ་འབུལ་གལ། དེ་བཞིན་དབུ་མའི་ལམ་གྱི་འབྲེལ་མོལ་ལ་གྲ་སྒྲིག་ཨང་གསར་ཡོད་ན་དངོས་སུ་གསལ་སྟོན་བྱས་ཏེ་༸གོང་ས་མཆོག་གི་སྐུ་ཚབ་མྱུར་ཏུ་བསྐོ་བཞག་གིས་སྐུ་ཚབ་མཚན་ཐོག་ནས་འབྲེལ་མོལ་མཐུད་ཐབས་ལ་འབད་གལ།

༢༠༡༣། ༨། ༣༡། ཉིན།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 7

  1. དཔལ་ལྡན་བྷ་ཟླ། says:
    ལོ་ 13 སྔོན།

    རང་བཙན་རྩོད་ཀྱིན་མེད་ཞེས་བཤད་དུས་རང་སྐྱོན་ངོས་ལེན་ལྟ་བུ་ཞིག་རེད་མི་འདུག་གམ ལྡོག་ལྡོག་བཤད་ན་རང་བཙན་ལག་དེབ་ངོ་གཉིས་མ་དེ་ཚེ་མེར་བསྲེགས། ང་ཀྲུང་གོ་བ་ཡིན་ཞེས་སྐད་འབོད་བྱེད་དགོས་ནི་རེད་པ། བོད་ནི་གནའ་ནས་བཟུང་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་ལོ་རྒྱུས་རྫུན་མ་དེ་གང་ལ་འཇོག་རྒྱུ་ཡིན། དེ་སུ་ལའང་མ་བཤད་ཟེར་བ་ཡིན་ནམ།

    Reply
  2. ཀེ་ཏ་ཀ says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་དགོངས་དོན་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་རྒྱུ་དེ་རྩ་ཁྲིམས་དང་འགལ་འདུག་ཅེས་པའི་རྒྱ་ནག་གི་བསྙོན་འཛུགས་ལ་དོགས་པ་ཟོས་པ་ཡིན་ན། དབུ་མའི་ལམ་དང་རྩ་ཁྲིམས་ཀྱི་དོན་མ་རྟོགས་པ་རང་ཡིན་པ་མ་གཏོགས། དེ་ལན་འདེབས་གང་ཡང་བྱེད་དགོས་པ་མ་རེད། མངོན་སུམ་ལ་བསྙོན་ན་དེ་ལ་ལན་གྱིས་ག་ལ་ཕན།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཆབ་སྲིད་དབུ་མའི་ལམ་གྱི་ལག་ལེན་ལས། ཆོས་ལྟར་དབུ་མའི་ལམ་གྱི་ཉམས་ལེན་ཅིག་བྱ་རྒྱུ་མེད།

    Reply
  4. ཤར་ཕྱོགས་རྒྱལ་སྲས། says:
    ལོ་ 13 སྔོན།

    སྲིད་སྐྱོང་ཟེར་བ་བློ་བཟང་སེང་གེ་ནས་དབུ་མའི་ལམ་ལ་ཡིད་ཆེས་ཡོད་གསུངས་ན་ང་ཡིད་ཆེས་རྩ་བ་ནས་མེད་ཡ། དཀོན་མཆོག་གསུམ། མ་གཞི་ནས་བོད་མི་ཕྱེད་ཀ་འདི་ཚོས་རྫུན་བཤད་ཡ་ཁེ་ཕན་འཚོལ་ཡ་མ་གཏོགས་ཅི་གང་མི་འཇོན་གི

    Reply
  5. ཀེ་ཏ་ཀ says:
    ལོ་ 13 སྔོན།

    བློ་སེང་གནམ་ལ་འཕུར་གི། འཕུར་ཏེ་འཕུར་ས་མེད་དུས།། དབུ་མའི་བྲག་ཐེམ་སྟེང་ནས།། བཞད་མོ་འཛུམ་མདངས་ལྷུག་ལྷུག།

    མཁས་པ་མིན་ཚུལ་གསལ་སོང།། གསར་གཏོད་མེད་པ་མཐོང་སོང།། ཨ་སྒོར་ས་ཡ་ཁ་ཤས།། ཡོད་རབ་རག་རབ་གསུང་གི།

    ཤེས་རིག་བཀའ་བློན་ལས་འཁུར།། ཤེས་ཡོན་མེད་པས་མ་འཇོན།། གཤེ་མ་མིག་ཤེལ་ཅན་དེས།། གདན་ཞུ་གནང་གོ་མ་ཆོད།།

    སྟོང་གཏམ་རྒྱགས་གཏམ་བཤད་ཀྱང།། བོད་སློབ་འཛིན་ཚོགས་(CST)མ་རེག། གྲོས་ཚོགས་འཚོགས་ནས་ཡོང་སྐབས།། སྤྱི་འཐུས་ངན་འབྲེལ་བྱས་སྐད།།

    ཞི་མོལ་རྦད་དེ་བཅད་སོང།། གྲ་སྒྲིག་གནམ་ལ་ཡལ་སོང།། ཚོགས་ཆུང་ཐེངས་འགར་ཚོགས་པ།། གྲོས་ཚོགས་འཚོགས་པས་རྐྱེན་རེད།།

    Reply
  6. བསྟན་ཆོས། says:
    ལོ་ 13 སྔོན།

    རྒྱ་དཔོན་ཞིག་ཀན་ལྷོའི་བླ་བྲང་དང་མཚོ་སྔོན་མཚོ་ལྷོ། དབུས་གཙང་བཅས་སུ་ཕེབ་ཏེ་<དབུ་མའི་ལམ་>ནི་རྒྱའི་རང་སྐྱོངས་བཅའ་ཁྲིམས་དང་འགལ་བ། དེ་ནི་<བོད་ཆེན་པོ་>ཞེས་ཁ་ཕོ་འབྲིག་སྒྲ་ལྡིར་དུས་ཤར་ཁུག་ཞིམ་ཚང་ལ་ཡུབ་ནས་སྡད། ད་ཆ་བོད་པ་ཚོས་བརྗེད་ཡོད་བསམ་ནས་”མ་འོ་མ་འོ”ཟེར་གྱིན་འདུག

    Reply
  7. བསྟན་ཆོས། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་འབྲེལ་མོལ་ལ་གྲ་སྒྲིག་ཨང་གསར་ཡོད་ན་དངོས་སུ་གསལ་སྟོན་བྱེད་དགོས་པའི་ཁྱབ་པ་མེད་དོ།།
    དུས་ལ་བབ་ན་ལས་་༸གོང་ས་མཆོག་གི་སྐུ་ཚབ་མྱུར་ཏུ་བསྐོ་བཞག་དགོས་གལ་མེད།
    སྐུ་ཚབ་མཚན་ཐོག་ནས་འབྲེལ་མོལ་མཐུད་ཐབས་དགོས་དོན་མེད་དོ།།
    དེར་”འབད་གལ”ཙམ་མ་ཡིན་པར་འབད་དང་འབད་བཞིན་ཡོད་ཀུན་ཀྱིས་མཐོང་གསལ་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese