མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཉིན་རྒྱབ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་རྒྱུ་ཡིན་འདུག ད་རེབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཚོགས་ཞུགས་གནང་རྒྱུ་ཡིན་འདུག་ལ། ཚོགས་བཅར་བ་གསར་པ་འགའ་ཡང་ཡོད་འདུག

གསར་འགོད་པས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་ཕྱི་ཚེས་ ༥ ནས་ ༧ བཅས་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་པ་དེ་དངོས་ཡོད་རེད། ཡིན་ནའང་ང་ཚོར་ཐད་ཀར་འབྲེལ་བ་ཆགས་ཀྱི་མེད་སྟབས། འདིའི་སྐོར་བཀའ་ཤག་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ལ་སྐད་ཆ་དྲིས་ན་གསལ་བོ་ཡོང་གི་རེད་ཅེས་གསུངས་སོང་།

གཞན། ད་རེབ་ཚོགས་མི་ག་ཚོད་ཚོགས་ཞུགས་གནང་གི་ཡོད་མེད་དང་། ཚོགས་འདུའི་བརྗོད་གཞི་གཙོ་བོ་ག་རེ་ཡིན་མིན་སོགས་ད་སྔ་གསལ་ཁ་མ་བྱུང་སྟབས། གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་རྒྱུ་ཡིན།

 

 

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 14

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    འཇམ་གཅེས། ད་དུང་ཁ་ནང་ལ་ཐལ་བ་འདེབས་ཀྱིན་ཡོད་དམ། ཧ་ཧ་ཧ། ཁྱོད་དངོས་གནས་བོད་ཞི་མོལ་ནང་དུ་བཞག་ན་འཚམས་པ་འདུག རྒྱ་རྒན་འདི་ཚོའི་ཁ་ནང་ལ་ཐལ་བ་ཞིག་འདེབས་ཐུབ་ས་རེད། དེ་མ་གཏོགས་ད་ཅང་བྱེད་རྒྱུ་ལྷག་མི་འདུག་གཱ། ཧེ་ཧེ་ཧེ།

    Reply
  2. བོད་དགའ། says:
    ལོ་ 12 སྔོན།

    བློ་སྤེན་ལགས་ཀྱིས་ང་ལ་བོད་ཀྱི་ཆབ་སྲིད་སྐོར་རྒྱུས་མངའ་མི་འདུག་གསུངས་པར་ངོས་ལེན་ཡོད། ཡིན་ནའང་ངས་འདས་པའི་བྱུང་རིམ་ནང་གང་མཐོང་ཐོས་བྱུང་བ་དེ་བསྐྱར་བཤད་བྱས་པ་ཙམ་ཡིན། རྒྱ་ནག་མཁས་དབང་ཟམ་གདོང་ཚང་ལ་ཞེད་པ་ཅང་མི་ཤེས་ཏེ་རྒྱ་གཞུང་ནས་ཡ་བྱེད་མདོག་ཁག་མ་རེད།
    བོད་ནས་ཚར་ལོང་བྱུང་བ་ཡིན་ན་ཁྱེད་དང་རྒྱ་གཞུང་ནས་ཁས་མི་ལེན་པ་དེ་འདྲ་ཅང་ཡིན་བཟོ་མི་འདུག
    “བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་་་་་་ ཕྱི་དྲིལ་དྲུང་ཆེ་བཀྲ་ཤི་ཕུན་ཚོགས་ལགས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་བཅས་ཚོགས་མི་གསར་པ་བཞི་དེ་ཤིན་ཏུ་ལེགས།”

    འཇམ་གཅེས་ལགས། སྐུ་ཉིད་དེ་ཙམ་ཧ་ཧ་དང་ཧོ་ཧོ། སྙིང་རྗེ་དང་ཐལ་འདེབས་སོགས་ཀྱི་ཐུགས་རྒྱལ་བཞེངས་དགོས་མ་རེད། བོད་མི་རིགས་ལ་ངོམ་རྒྱུ་ཞིག་ཡོད་པ་ནི་ཡར་རབས་ཀུན་སྤྱོད་རེད། མ་གཞི་ཁྱེད་དང་ང་ལྟ་བུ་བོད་རྒྱལ་འབྲེལ་མོལ་གྱི་སྐུ་ཚབ་བསྐོས་དགོས་པའི་དུས་སྐབས་འུ་ཐུག་དེ་བོད་གཞུང་མང་གཉིས་ལ་ནམ་ཡང་སླེབས་རྒྱུ་མ་རེད་ཞུ།

    Reply
  3. འཇམ་གཅེས ། says:
    ལོ་ 12 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཧ་་རེད་རེད་ངོ་མ་རེད། ད་དུང་བོད་རྒྱའི་འབྲེལ་མོ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲལ་དུ་དྲྭ་འབུ་མཁས་དབང་༼བོད་དགའ་༽དང་། ད་དུང་སྣང་རྒྱལ་ཤེར་དགེ་མིང་ཅན་དེ་ཚོ་མ་བསྐོས་པ་གང་ཡིན་ནམ། ཧ་ཧཧ་ཧ་ཧ་་་སྙིང་རྗེ་ངོ་མ་སྙིང་རྗེ། དོན་དངོས་དངོས་ཐོག་སོ་སོའི་ཁ་ཆུས་ཕོར་ཆུས་ཙམ་ལ་ཡང་རྨོངས་ནས་ཡོད་པར་མི་ཤེས་མཁན་གྱི་ལས་ངན་པ་འདི་དག་གི་ཁའི་ནང་ཐལ་བ་ཐོབས་ཤིག །

    Reply
  4. བློ་སྤེན། says:
    ལོ་ 12 སྔོན།

    དྲ་གྲོགས་བོད་དགའི་གཏམ་ལ་ང་གད་མོ་ཤོར་གྱི་འདུག ཁྱེད་རད་བོད་པའི་ཆབ་སྲིད་གནས་སྟངས་ལ་རྒྱུས་མངའ་ཅུང་ཞན་པོ་རེད་འདུག་ཟེར་བཤད་ཆོག་ས་རེད།ཧ་ཧ་ཧ།ཀུ་རེ་ཡིན། གལ་སྲིད་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་གི་ཆབ་སྲིད་ཤེས་ཀྱི་མེད་ན་ད་ང་ཚོའི་བོད་པ་ཚང་ལ་ཤེས་མཁན་སུ་ཡང་ཡོད་མ་རེད་ཟེར་ཚིག་ཐག་གཅད་ཏེ་བཤད་ཐུབ། དཔེར་ན་རྒྱ་ནག་གི་ཆབ་སྲིད་སྐོར་མཁས་པ་ཡིན་ཟེར་མཁན་དང་མི་ཚེ་ཁོ་རང་རྒྱ་མི་དང་ཁ་བྲལ་མི་མྱོང་བ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་འདས་པའི་མི་ལོ་བཞི་བཅུ་ཙམ་ཕྱི་ལོ་༢༠༠༠་ཐམ་པ་བར་བོད་རྒྱ་འབྲེལ་མོལ་སྐོར་ཐེ་ཇུས་དང་འགན་ཁུར་བྱས་ཡོད་རེད་ཡིན་ནའང་བྱས་རྗེས་དང་བག་ཆགས་རེ་གཞག་ཡོད་རེད། ད་ལྟ་ང་ཚོ་གནས་བབས་འདི་འདྲ་ཞིག་ཆགས་དགོས་པ་མཟོ་མཁན་ཚང་མ་སྐུ་ངོ་རྒྱལ་དོན་དང་སྐུ་ངོ་སྐུ་གཤེགས་འཇུ་ཆེན་གཉིས་ཀྱིས་བཟོས་པ་མ་རེད་དམ། ཁོང་གཉིས་གོ་སྐབས་ནམ་བྱུང་རྒྱ་ནག་ལ་ཕྱིན་ཏེ་རྒྱ་མི་དཔོན་རིགས་ལ་ཐུགས་འཕྲད་བྱས་ཡོད། སྐབས་དེ་དུས་ཕྱོགས་མང་པོ་ནས་རྒྱ་བོད་བར་འགྲིག་འཇགས་ཡོང་བར་གོ་སྐབས་ཆེས་ཡག་ཤོས་དེ་རེད། གང་ཡིན་ཟེར་ན་རྒྱ་ནག་གི་དཔར་འབྱོར་གནས་བབས་ད་ལྟ་ནང་བཞིན་སྟོབས་ཆེན་མེད་པ་མ་ཟད། རང་བཙན་གཙང་མ་མ་ཡིན་པར་གནད་དོན་གཞན་སྐོར་ལ་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་ཟེར་ཡང་ཡང་བཤད་ཡོད་རེད་ལ་དེ་བཤད་མཁན་མི་དེ་ཏིང་ཤོ་ཕན་ཕྱི་ལོ་༡༩༩༧་བར་འཚོ་གནས་བྱས་ཡོད་རེད། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་སྐབས་དེ་དུས་རྩ་ཆེན་གོ་སྐབས་ཚང་མ་ཁོང་རྣམ་གཉིས་ཀྱིས་འཕྲོ་བརླག་བཏང་པ་རེད། མི་ལོ་བཅུ་ལྷག་རྒྱ་བོད་འབྲེལ་མོལ་ཆད་པ་དེ་ཕྱི་ལོ་༢༠༠༢་ནས་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་ཐབས་བརྒྱ་ཇུས་སྟོང་འོག་རྒྱ་བོད་འབྲེལ་མོ་འགོ་འཛུགས་ཐུབ་ཙམ་བྱུང་ཡོད་ཅིང་། ཁོང་གི་ལས་ཡུན་སྐབས་སུ་ཐད་ཀར་འབྲེལ་མོལ་ཐེངས་དགུ་ཙམ་བྱས་ཡོད་པ་མ་ཟད། ད་དུང་གནད་ལ་ཁེལ་བའི་དབུ་མའི་ལམ་གྱི་དགོས་འདོན་ཡིག་ཐོགས་ལ་རྒྱ་གཞུང་ལ་བསྤྲད་ཏེ་རྒྱ་ནག་གནང་གཞུང་གིས་ལན་རྒྱག་མ་ཐུབ་པ་ལྷག་ཡོད།
    མདོར་ན་ད་ལྟའི་སྐབས་སུ་རྒྱ་བོད་འབྲེལ་མོལ་སྣེ་ཁྲིད་མཁན་དེ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་ལྷག་པ་སུ་ཡང་མེད་གང་ཡིན་ཟེར་ཁོང་ནི་༸གོང་ས་མཆོག་གི་དགོངས་པ་ཇི་བཞིན་རྟོགས་ཐུབ་མཁན་དང་དབུ་མའི་ལམ་གྱི་སྲིད་ཇུས་ལ་གཏིང་ཟབ་པའི་མཁྱེན་རྟོགས་དང་འབྲེལ་བཤད་ཆ་ཚང་ལ་དོན་སྙིང་ལྡན་པ་རྒྱག་ཐུབ་མཁན་བློ་སྤོབས་ལྡན་པའི་མི་སྣ་ཞིག་ཡིན།
    ཁོང་ནི་ཆོས་སྲིད་གང་ཅི་ཐད་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་བྱེད་འོས་པའི་མི་སྣ་ཁྱད་པར་ཞིག་ཡིན། རྒྱ་ནག་གཞུང་ཡང་ཁོང་ལ་ཞེད་སྣང་སྐྱེ་ཡི་ཡོད། སྤྱི་ཟུར་བསྟན་འཛིན་མགོན་པོས་གྲོས་ཚོགས་ནང་བཤད་པའི་སྐད་ཆ་ལ་ལུང་འདྲེན་བྱེད་དགོས་བྱུང་ན་ད་ཚར་བ་རེད། བསྟན་འཛིན་མགོན་པོ་ཁོང་རང་བཙན་བྱོལ་ལ་སླེབས་ནས་གཟུང་ཪིན་པོ་ཆེ་མཆོག་ནི་དགྲ་བོ་རྒྱ་དམར་ལས་སྡུག་པ་བརྩི་མཁན་མི་ཞིག་རེད། ཁོ་རང་རིན་པོ་ཆེ་མཆོག་ལ་སྨྱོན་འཛུགས་བྱས་ཏེ་ལམ་ལྷོང་མ་བྱུང་བར་ཞབས་འདྲེན་ཐེངས་མང་ཞུ་ཚར་བ་རེད།
    བོད་ནང་འཚར་ལོངས་བྱུང་བའི་མི་སྣ་སྐུ་ཚབ་ཚོགས་ཆུང་ནང་རྒྱ་ནག་ལ་ཡོང་རྒྱུའི་དེ་རྒྱ་གཞུང་གིས་ངོས་ལེན་མེད་ཟེར་ཐེངས་ལབ་ཚར་བ་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    1. བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག

    Reply
  6. ཀེ་ཏ་ཀ says:
    ལོ་ 12 སྔོན།

    སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་་ཚོགས་མི་གཞན་རྣམས་སྤྱི་མཚུངས་༼ ཚོགས་མི་ ༽ཟེར་བའི་མཚན་བཏགས་པ་འདི་དངོས་དོན་དང་ལོ་རྒྱུས། ཕྱོགས་གང་ནས་བལྟས་ཀྱང་འོས་འཚམས་ཁྱོན་ནས་རེད་མི་འདུག་པས། སྲིད་སྐྱོང་གཙོས་བཀའ་ཤག་གིས་མ་འོངས་པར་ལས་དོན་འདི་རིགས་གཟབ་གཟབ་བྱ་རོགས། འདི་ནི་བྱས་པ་དྲིན་དུ་མ་ཚོར་བ། གཟི་བརྗིད་དང་སྐུ་ཡོན་ལ་བརྩི་བཀུར་མ་བྱས་པ། བོད་མིའི་ཡ་རབས་བཟང་སྤྱོད་ལ་རྡོག་རུལ་བཏང་བར་ངོས་འཛིན་བྱས་ན་མི་འགྲིག་པ་གཏན་ནས་མེད་སྟབས། བཀའ་ཤག་སྐུ་མཁྱེན། མ་འོངས་སྲིད་སྐྱོང་སེང་བརྫིས་དེ་འདྲ་གནང་ནའང་བདེ་སྲུང་བཀའ་བློན་དང་དཔལ་འབྱོར་བཀའ་བློན་སོགས་ཀྱིས་སྟངས་འཛིན་ཅུང་ཙམ་བྱ་རོགས། དེ་བཞིན་མི་རྒན་བསམ་ཤེས་ཆོས་རིག་བཀའ་བློན་ཡང་ཡོད་པ་རེད། དེ་མིན་མི་མང་པོ་གཟུར་གནས་ཤེས་ལྡན་མང་པོ་ཞིག་བོད་ཕྱི་ནང་ཀུན་ཏུ་བློ་སེང་ལ་ཐང་ཆད་བློ་ལོག་བཞིན་པ་ཤེས་བར་གྱིས།།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རང་ལུས་བོད་མིས་བསྲེགས་སོང།། བརྒྱ་དང་ཉི་ཤུས་བསྲེགས་སོང།། འབྲེལ་མོལ་ལོ་རྒྱུས་ཅན་དེ།། རྦད་དེ་མེ་ཡིས་འཚིགས་འདྲ།།
    མ་སྐུལ་དམ་བཅའ་མང་པོ།། གླིང་ལ་སྐད་གྲགས་ཆེ་ཡང།། ཕྱག་བསྟར་ལམ་ཁའི་གཞི་མདོ།། ཁ་ཕོའི་འཚིགས་རོས་ཁེངས་འདུག།
    ཞི་མོལ་ལས་དོན་ཚོགས་ཆུང།། རུབ་རུབ་གནང་རྒྱུ་མང་ཡང།། གྲོས་ཚོགས་ལན་འདེབས་ཐུབ་ན།། འགྲོ་སོང་འཕྲོ་བརླག་མིན་འགྲོ།
    ལྷ་བཟང་མི་བཟང་དུས་ལ།། བཟང་པོའི་ལམ་ལ་མི་འགྲོ། མཐའ་མ་ཐབས་ཤེས་ཟད་དུས།། ༸མཁས་ཆེན་གདན་འདྲེན་ཞུས་སོང།།
    དམ་ཚིག་ཅན་གྱི་ཆིག་སྒྲིལ།། ལྷག་བློས་བསྐྱེད་པའི་གསར་གཏོད།། རང་མཐོང་ཅན་ལ་མེད་པ།། རྒྱ་བོད་གཉིས་ཀས་ཤེས་ཤག།
    ཆེ་བ་ཆོལ་ཁའི་གྲོས་ཆོད།། ཆུང་བ་ཇ་གཏམ་ཆང་གཏམ།། ༸མཁས་ཆེན་སྐུ་ཚབ་བསྐོ་རྒྱུར།། ད་ནི་གསན་འཇོག་གནང་འདྲ།།
    ༸མཁས་པར་ཚོགས་མི་བཏགས་ན།། བསོད་ནམས་ཟད་རོགས་ཡིན་པས།། རྒྱུ་འབྲས་རིག་གནས་ཤེས་ན།། སློབ་སྟོན་པ་ཞེས་གསོལ་རོགས།།
    བཀའ་ཤག་གྲོས་རྭར་མེད་པའི།། རྣམ་འགྱུར་ཡ་མ་བརླ་ཡིས།། བོད་དོན་འཁྱོངས་རབ་མེད་པ།། ད་ནི་དཔོན་པོས་མཁྱེན་འདྲ།།
    བོད་ཀྱི་གནད་དོན་རྟོགས་པར།། ཕོ་གསར་རྫིག་ནས་ཅི་ཕན།། རྒྱ་བོད་འབྲེལ་མོལ་མཐུད་རྒྱུར།། ཁ་ཕོ་ཆེ་བས་ཅི་ཕན།།

    དམ་བཅའ་ཁྲི་སྟོང་མང་པོ།། མ་འགྲུབ་མནའ་བཤགས་ཚབ་ཏུ།། མཁས་པར་སློབ་སྟོན་བྱས་ཏེ།། འབྲེལ་མོལ་ཨེ་འཁྱོངས་གཟིགས་དང།།
    ང་དང་ང་ཡི་ཧམ་པས།། ཕ་རོལ་གནས་ལུགས་སྒྲིབ་ཀྱང།། གནས་ཆུང་ཆོས་རྒྱལ་ཆེན་པོས།། གདོང་གྲོགས་མཛད་འདི་སྐྱིད་པ།།
    དཔོན་པོ་ཉམས་ཅན་དེ་ལ།། སྔར་བྱས་ངོ་ཙམ་འཕྲོད་ཕྱིར།། བོད་ཀྱི་མཁས་པའི་ལུགས་བཞིན།། བོད་ཀྱི་བཅད་མ་སྤྲིངས་ཡོད།།
    ཐུགས་ལ་འབབ་མིན་བྱུང་ན།། ཐབས་ཤེས་གྲོས་ལ་འདྲི་རོགས།། ཐུགས་ཀྱིས་རྟོགས་མིན་བྱུང་ན།། ཨབ་ཕྲུག་ཚོ་ལ་འདྲི་རོགས།།
    ༢༠༡༣། ༩། ༥།། ཉིན།

    Reply
  8. བོད་དགའ། says:
    ལོ་ 12 སྔོན།

    ངོ་དེབ་དང་སྐད་འཕྲིན་སོགས་ལས་རླུང་པོ་བཞིན་ཡམ་ཡམ་ཞིག་གོ་བཞིན་འདུག་པ་ནི། བོད་རྒྱ་ཞི་མོལ་གྱི་གཙོ་འགན་དེ་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་བསྐོས་པ་རེད་ཟེར།
    གལ་སྲིད་དེ་ལྟར་ཡིན་ན་བོད་རྒྱ་ཞི་མོལ་གྱི་མཇུག་འབྲས་ལ་རེ་བ་རྒྱག་ས་གང་ཡང་མེད་ཅེས་ཐག་གཅོད་ཆོག ངས་མཁས་དབང་ཟམ་གདོང་ཚང་ལ་སྐྱོན་འཛུག་གཏན་ནས་བྱེད་ཀྱིན་མེད། གནས་ལྔ་རིག་པའི་ཐོག་ནས་ཁོང་ལ་དངོས་གནས་མི་ཕྱེད་པའི་གུས་བཀུར་ཡོད།
    འོན་ཀྱང་གོང་དུ་རྨེའུ་དཀོན་རྒྱམ་ལགས་ཀྱིས་གསུངས་པ་ལྟར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྣམས་ལ་རྒྱ་ནག་གི་གཤིས་ཀ་དང་རྒྱ་གཞུང་གི་སྲིད་བྱུས་ལ་རྒྱུས་མངའ་ངེས་པར་ཡོད་དགོས། སྔོན་མ་གྲོས་ཚོགས་འཚོགས་དུས་ཞིག་ལ་མདོ་སྨད་སྤྱི་ཟུར་བསྟན་འཛིན་མགོན་པོས་ཟམ་གདོང་ཚང་ལ་རྒྱ་ནག་གི་ཆབ་སྲིད་ལ་རྒྱུད་མངའ་གཏན་ནས་མེད་ཚུལ་གྱི་གཏམ་བཤད་སྙིང་རྗེ་བོ་ཞིག་ཡོད། ངས་གཏམ་བཤད་དེ་ཚོར་ཡིད་ཆེས་བྱེད་ཀྱིན་ཡོད།
    གཉིས་ནས་རྒྱ་གཞུང་གིས་ཟམ་གདོང་ཚང་ནི་བོད་རང་བཙན་བསྐྱར་ལོག་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་དེ་ཐོག་མར་འགོ་འཛུག་པའི་གྲས་ཞིག་ཡིན་ཞེས་རྟག་ཏུ་ཁ་ན་ན་བར་གླེང་བཞིན་པ་ནི་ཡོངས་གྲགས་རེད། གལ་སྲིད་ཟམ་གདོང་ཚང་བོད་རྒྱ་ཞི་མོལ་གྱི་དམིགས་བསལ་སྐུ་འཚབ་བསྐོས་པ་ཡིན་ན་ད་ནི་རྒྱ་གཞུང་གིས་ཁ་གཡར་ས་དང་འཇུ་ས་ཞིག་རག་ཚར་བ་རེད། དེས་ན་བོད་རྒྱ་འབྲེལ་མོལ་ཅང་ཡོང་བ་མི་ཤེས།
    འདིར་ལྷན་རྒྱས་ནས་བཏོན་པའི་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་དང་དྭགས་པོ་བསོད་ནོར་གཉིས་འགྲིག་འདུག དྭགས་པོ་བསོད་ནོར་ཉམས་མྱོང་ཡང་གང་མཚམས་ཡོད་ས་ཡོད། གལ་སྲིད་སྤྱི་འཐུས་གྲས་ནས་འདེམས་ཆོག་ཆེ་འབའ་བ་སྐལ་བཟང་རྒྱལ་མཚན་དེ་ཡག་པོ་འདུག་དྲན། ཁོང་ལ་དམིགས་བསལ་དེ་སྔོན་བོད་ནང་བཞུགས་སྐབས་ང་ཚོའི་ད་ལྟའི་འབྲེལ་མོལ་ཞུ་སའི་རྒྱ་གཞུང་གི་སྡེ་ཁག་དེ་ཚོར་ཉམས་མྱོང་ཡོད་མཁན་ཞིག་ཡིན་པ་གོ་ཐོས་བྱུང་།

    Reply
  9. བློ་སྤེན། says:
    ལོ་ 12 སྔོན།

    བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གསར་པ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་འདུག་པས་དགའ་བ་འབུམ་གྱིས་བསུ་བ་ཞུ།
    ད་སྐབས་༸གོང་ས་མཆོག་གི་དགོངས་གཞེད་དང་གཞུང་གི་སྲིད་ཇུས་གསར་པོ་མཁྱེན་རྟོགས་དང་འབྲེལ་བཤད་ཡང་དག་རྒྱག་ཤེས་མཁན་དང་ཐུབ་མཁན་ཁོང་ལས་ལྷག་པར་སུ་ཡང་མེད། གལ་སྲིད་གཞུང་རྒྱ་ནག་གཞུང་བློ་སྤོབས་ཀྱི་འདང་ཏེ་ངོས་ལེན་བྱེད་ན་འབྲེལ་མོལ་སྣེ་ཁྲིད་དང་དམིགས་བསལ་སྐུ་ཚབ་གཅིག་ལྕོགས་བསྐོ་གཞག་བྱེད་ན་གཟི་བརྗིད་དང་འོས་ཤིང་འཚམས་པ་མ་ཟད་ང་ཚོའི་མི་རིགས་ཀྱི་སྤོབས་པ་ཡང་རེད།
    རྔ་བ་ཚེ་རྒྱམ་དང་ཟླ་བ་ཚེ་རིང་སྐུ་ཚབ་ཚོགས་མིའི་ནང་རྒྱ་གཞུང་གིས་ངོས་ལེན་བྱེད་ན་ཡག་པོ་རེད་དེ་ཡིན་འང་བོད་ནང་འཚར་ལོངས་བྱུང་བ་རྣམས་རྒྱ་གཞུང་གིས་སྔོན་ནས་ངོས་ལེན་བྱས་མེད་ལ་ད་དུང་ངོས་ལེན་བྱེད་མིན་ཐེ་ཚོམ་རེད། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ན་ཆོལ་ཁ་གསུམ་གྱི་མི་སྣ་དགོས་པའི་ངེས་པ་གང་ཡང་ཡོད་མ་རེད་ལ་དགོས་འགལ་ཡང་ཡོད་པ་མ་རེད།
    ད་དུང་ཚོགས་མི་གསར་པ་བཀའ་ཟུར་བློ་སྙན་གྲགས་དང་དྲུང་འཕར་ཀུན་དགའ་བཀྲིས་སོགས་ཡོད་རབ་བཤད་ཀྱི་འདུག
    ཚོགས་འདུ་ལམ་ལྷོང་ཡོང་བའི་རེ་སྨོན་ཤུགས་དྲག་ཡོད།

    Reply
  10. འཇམ་གཅེས ། says:
    ལོ་ 12 སྔོན།

    ལས་ཀ་གཅིག་འགོ་བཙུགས་པ་དང་། ཆོལ་ཁ་ཆོས་ལུགས་འདྲ་མཉམ་དགོས་ཚུལ་བླུན་བཤད་འདི་ཚོའི་རིགས་ཉུང་ན་མཛེས། འདི་ལྟར་ཤོད་མཁན་དྲ་བའི་འབུ་སྲིན་དག་ལ་ཟེར་གྱི་ཡོད།

    Reply
  11. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    འབྲས་བུ་མེད་པའི་བྱ་བ་འདི་འདྲ་ལ་གནའ་ནས་ཡིན་རྟོན་མ་བྱས། རྗེས་སུ་ཨོ་རྩལ་འགྲན་ཚོགས་ཚར་བ་དང་གྲོས་མོལ་དེ་ཡང་ཚར་བ་རེད། དེས་མྱི་མང་པོ་ཞིག་གི་མ་འོངས་ལུང་བསྟན་ལ་ལུང་བསྟན་གྱི་མཚན་ཉིད་ཚང་བ་བྱས་ཡོད་ལ་མི་མང་པོ་ཞིག་གི་བཟི་སྣང་ལ་བཟི་སྣང་གི་འཁྲུལ་སྣང་སྦྲུམ་པར་བྱས་ཡོད། ཡིད་སྐྱོ་བ་ཞིག་ལ་ས་ལ་བསྒྲིལ་ཟིན་པའི་བཟི་བོ་དེ་ཚོས་ད་དུང་དུག་ཆང་དེ་འཐུང་འདོད་བྱེད་བཞིན་འདུག ངོ་མ་ཡིད་སྐྱོ་བ་ཞིག་རེད། གནས་ཚུལ་འདི་མཐོང་དུས་ངས་རྒྱ་རྒན་ཝང་ལི་ཞུང་གི་མ་འོངས་ལུང་བསྟན་དེ་ལྷག་ཏུ་དྲན་གི

    Reply
  12. རྨེའུ་དཀོན་རྒྱམ། says:
    ལོ་ 12 སྔོན།

    དང་པོ། བོད་རྒྱ་ཞི་མོལ་གྱི་ཚོགས་འདུ་འཚོགས་བཞིན་པའི་གནས་སྟངས་ལ་དོ་གལ་ཆེན་པོ་བརྩིས་ནས་ཚོགས་འདུའི་སྐོར་ལ་བསམ་ཞིབ་བྱེད་ཀྱིན་ཡོད།

    གཉིས་པ། བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་གསར་བ་སུ་སུ་ཡིན་ནམ། དེ་བས་ཀྱང་ཁོང་རྣམ་པ་རྒྱ་ནག་གི་རིག་གནས་ཀྱི་གཤིས་ཀ་དང་རྒྱ་གཞུང་གི་སྲིད་བྱུས་ལ་རྒྱུས་མངའ་རྐྱང་རྐྱང་ཨེ་ཡིན་ནམ།

    གསུམ་པ། ཞི་མོལ་ཚོགས་ཆུང་གིས་ཞི་མོལ་ཚོགས་འདུའི་བརྒྱུད་རིམ་ཕྱོགས་སྡོམ་དང་ད་ལྟའི་འབབ་ཕྱོགས། ལྷག་པར་དུ་མ་འོངས་པའི་ཁ་ཕྱོགས་སོགས་ལ་དམིགས་བསལ་གྱིས་ཐབས་བྱུས་ག་རེ་འདོན་རྒྱུ་ཡིན་ནམ།

    བཞི་བ། རྒྱ་གཞུང་གིས་ད་ལྟའི་བར་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་བརྒྱུད་ལམ་འདི་ལ་བལྟ་སྟངས་དང་བེད་སྤྱོད་བཏང་ནས་བོད་རྒྱའི་གནད་དོན་གླེང་ཕྱོགས་ག་འདྲ་ཡིན་ནམ།

    ལྔ་པ། དྲི་བ་མང་པོ་ཀློང་དུ་ཚུད་པའི་མི་ཞིག་ལ་མཚོན་ན། དྲིས་ལན་རྣམས་སུ་ཞིག་དུས་ཐོག་ཏུ་རྒྱག་རྒྱུ་ཡིན་ནམ། ནམ་ཞིག་ལ་གསལ་བོ་ཆགས་ཡོང་ངམ།

    Reply
  13. ཚེ་རིང་བཀྲ་ཤིས། says:
    ལོ་ 12 སྔོན།

    ངས་བལྟས་ན་ཐེངས་འདིར་ཆོལ་ཁ་གསུམ་ནས་སྐུ་ཚབ་གསུམ་འདེམས་གི་རེད་བསམ་གྱི་ཡོད།
    1 བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ།
    2 སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ།
    3 ཨོ་སི་ཊོ་ལེ་ཡའི་སྐུ་ཚབ་དྭགས་པོ་བསོད་ནམས།

    Reply
  14. ཀརྨ་བསམ་གཏན། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོས་ཚོད་དཔག་བྱས་ན། ད་རེས་བོད་རྒྱ་འབྲེལ་མོལ་དམིགས་བསལ་སྐུ་ཚབ་ལ་སུ་དང་སུ་བསྐོ་བཞག་གནང་རྒྱུ་རེད་དམ། ང་རང་གི་ཚོད་དཔག

    1. བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག
    2. དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་པ་ཚེ་རྒྱལ་མཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese