མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོཊ་འདུ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་མཇུག་བསྒྲིལ་བའི་གསལ་བསྒྲགས་སྤེལ་བའི་ནང་། ད་རེབ་བོད་མིའི་རང་ལུས་མེར་བསྲེགས་དང་བོད་ནང་གི་གནས་སྟངས་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་། ཚོགས་འདུ་ཐེངས་ ༢༧ པ་ལོ་རྗེས་མའི་ལོ་མགོར་ཚོགས་རྒྱུ་ཡིན་སྐོར་བཀོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། འདས་པའི་ཉིན་གསུམ་རིང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་དེ་མཇུག་སྒྲིལ་ཡོད་པའི་ཡིག་ཐོག་གི་གསར་འགོད་གསལ་བསྒྲགས་སྤེལ་སོང་། གསལ་བསྒྲགས་ནང་། ད་རེབ་ཚོགས་འདུའི་སྐབས་བོད་དང་རྒྱ་ནག་ནང་བྱུང་བའི་འགྱུར་འགྲོས་ཀྱི་གནས་ཚུལ་ཁྱོན་ཡོངས་ལ་བསྐྱར་ཞིབ་དང་། ཁྱད་པར་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་བསྡུར་གནང་ཡོད་སྐོར་བཀོད་འདུག

ལས་དོན་ཚོགས་ཆུང་ནས་བོད་ཀྱི་ས་ཁུལ་ནང་ལག་བསྟར་བྱེད་བཞིན་པའི་ད་ལྟའི་དྲག་གནོན་གྱི་སྲིད་བྱུས་ནི་རྒྱ་ནག་གཞུང་གིས་གལ་ཆེར་བརྩིས་པའི་གཅིག་སྒྲིལ་དང་བརྟན་ལྷིང་གི་འགལ་ཟླ་ཡིན་པ་གསལ་འདོན་དང་སྦྲགས། ཉེ་ཆར་རྒྱ་ནག་ནང་མི་རིགས་ཀྱི་གནད་དོན་སྤྱི་དང་། ཁྱད་པར་བོད་རིགས་སྐོར་བགྲོ་གླེང་ཤུགས་ཆེ་འགྲོ་བཞིན་པ་སོགས་བརྡ་སྟོན་སྣ་ཚོགས་འཐོན་བཞིན་པ་ཁག་ལའང་བསམ་གཞིག་གྲོས་བསྡུར་གནང་ཡོད་ཟེར།

གསལ་བསྒྲགས་ནང་བཀོད་དོན། “ཚོགས་འདུའི་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་འཁྲིད་གསར་པའི་སྐུ་ཚབ་དབར་ཞི་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཐབས་བྱུས་ཁག་སྐོར་གྲོས་བསྡུར་སྦྱང་བཤད་ཁ་གསལ་གནང་ཡོད” ཅེས་བཀོད་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནི་རྒྱ་ནག་གཞུང་དང་མཉམ་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་ཡོང་བར་ལས་དོན་ལག་བསྟར་བྱེད་ཕྱོགས་ཇི་དགེ་མཐུན་འགྱུར་ཞུ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྐབས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དབུས་པའི་རྒྱ་ནག་སྐོར་མཁས་མྱོང་ཅན་གྱི་ཚོགས་མི་དྲུག་གསར་སྣོན་གནང་ཡོད།

ཚོགས་འདུ་གཙོ་སྐྱོང་བ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད། སྐབས་རྗེས་མའི་ཚོགས་འདུ་ཕྱི་ལོ་ ༢༠༡༤ ལོའི་ལོ་མགོར་སྐོང་ཚོགས་གནང་འཆར་ཡོད། ཅེས་སོགས་བཀོད་འདུག

བསམ་འཕེལ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་ནང་དོན་ཁག་ཡིག་ཐོག་ཏུ་གང་བཀོད་ཡོད་པ་དེ་ལས། མཇུག་ཏུ་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་སོགས་ཀྱི་དབང་ཚད་ཁོང་ལ་མེད་སྐོར་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༣ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 5

  1. karma says:
    ལོ་ 13 སྔོན།

    ལོ་གཅིག་དང་གཉིས་ཟེར་ནས་དུས་ཚོད་མ་འགྱངས་རོགས། བོད་ནང་གི་གནས་སྟངས་ལ་གཟིགས་དང་།སྐུ་ངོ་ཐུབ་བསྟན་བསམ་འཕེལ་མཆོག

    Reply
  2. Dawai Shonu says:
    ལོ་ 13 སྔོན།

    མཁས་དབང་ཚོ། འབྲེལ་མོལ། གྲོས་མོལ། ཞི་མོལ། ཞིབ་མོལ། ཚིག་འདི་ཚོ་གཞུང་གིས་འགྲེལ་བཤད་གང་འདྲ་ཡིན་མིན་འགྲེལ་བཤད་སྐྱོན་རོགས་།།།།།།།ང་མགོ་སྦོས་སོང་་་་

    Reply
  3. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    ད་དུང་ཚོགས་འདུ་ཚོགས་ནས་འདུག་གི་ཡིན་ནམ། སྐུ་མཁྱེན། རྒྱ་ནག་གི་དཔོན་རིགས་ཚོ་གཙོ་བྱས་ཏེ་ང་ཚོས་ཤེས་འདོད་པ་ནི་ཚོགས་ཐོག་ནས་གནད་དོན་ཅི་ཞིག་ཇི་ལྟར་གཏན་འཁེལ་བྱས་བ་དེ་ཡིན། ཚོགས་འདུ་ཚོགས་མིན་དང་ཚོགས་འདུ་རྗེས་མ་ག་དུས་འཚོག་མིན་གཙོ་བོ་མ་རེད། ཚོགས་འདུ་ཚོགས་འདུ། ཚོགས་འདུ་བཞི་ལྔ་ཞིག་ཚོགས་སོང་། སྟོན་རྒྱུ་སྣ་གཅིག་མི་འདུག

    Reply
  4. སྟོང་བཙན། says:
    ལོ་ 13 སྔོན།

    ཚོགས་འདུ་ཞིག་ཉིན་འགར་ཚོགས་ཁུལ་བྱས། །
    རྒྱ་ནག་ལ་བསྐྱར་ཞིབ་བྱས་ཡོད་ཟེར། །
    ཚིག་སྣེ་གཅིག་ཕྱི་ལ་བསྟན་རྒྱུ་མེད།།
    མིང་མི་གཙོ་དོན་གཙོ་གང་དུ་ཕྱིན།།

    སྲིད་བྱུས་ཉམས་ཞིབ་ཁང་གི་ར་བཟི་དེས།།
    གསར་འགོད་གསལ་བསྒྲགས་ཡི་གེ་སྟོང་པ་སྤེལ།།
    ནང་དོན་སྟོང་པ་བློ་སེང་བསྟོད་པ་དེས།
    རྒྱ་ནག་གད་མོ་ཤོར་བ་ཐག་ཆོད་རེད།།

    བློ་སེང་རྩ་གཟུགས་ལས་རོགས་ར་བཟི་དང།།
    སྐུ་ཚབ་མ་བསྐོས་དམ་ཚིག་འཁྲུགས་པ་ཡི།།
    ཞི་མོལ་ཚོགས་ཆུང་མིང་དུ་བཏགས་ནའང།།
    བློ་སེང་སྐབས་ལ་འབྲེལ་མོ་སེམས་ཐག་རེད།།

    དེ་ལས་ཁྲི་ལས་བཤོལ་ཏེ་དགོངས་ཞུས་ཀྱིས།།
    མ་འཇོན་མ་ནུས་གནས་སྟངས་གསལ་བཤད་ཀྱིས།།
    སྲིད་སྐྱོང་གསར་པའི་ཕྱག་ཏུ་ལས་དོན་རྣམས།།
    ཕུལ་ཅིག་ཨ་རིའི་བློ་བཟང་སེང་གེ་ལགས།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    གཞན་ལྔ་བོ་མི་ཤེས་མོད་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་བཙན་བྱོལ་ལ་མེད་པར་མཐོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese