མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་སྲིད་སྐྱོང་སེང་གེ་མཆོག་ལ་ཡོངས་ཁྱབ་ཡི་གེ་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

བདེ་ཆེན་གྱིས་བརྩམས། ལྷ་མོ་སྐྱབས་ཀྱིས་བསྒྱུར།

བརྩེ་བའི་སྲིད་སྐྱོང་སེང་གེ་མཆོག

སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༨ པའི་ཚེས་ ༢༢ རེས་གཟའ་ཕུར་བའི་ཉིན། ཁྱེད་ཀྱིས་ཁེལ་ལེ་ཧྤོར་ནའི་ཡའི་སྦར་ཀེ་ལེ་ (Berkeley) ནང་དུ་བོད་ཀྱི་མང་ཚོགས་ལ་དགོང་དྲོ་གཏམ་བཤད་གནང་སོང༌། དགོང་དྲོའི་དྲི་བ་དྲིས་ལན་གྱི་བར་སྐབས་སུ། དྲི་བ་ཧ་ཅང་མང་པོ་བསླེབས་པར་གཞིགས་ན་དྲི་བ་ཡོད་ཚད་ལ་དྲིས་ལན་ཞིབ་ཕྲ་རྒྱག་པའི་དུས་ཚོད་མེད་པ་རྟོགས་ནུས་པ་ཞིག་རེད། ང་ལ་མེ་ལྕེ་བཞིན་འབར་པའི་དྲི་རྟགས་མང་པོ་ཞིག་ཡོད་པ་དེ་དག་ཡོངས་ཁྱབ་ཀྱི་ཡི་གེ་ཞིག་གི་ལམ་ནས་ཁྱེད་ལ་འདྲི་འདོད་བྱུང་སོང༌། རྒྱུ་མཚན་ངས་བསམ་ཚོད་དུ་གཞན་དག་མང་པོ་ཞིག་གིས་ཁྱེད་ཀྱི་ཨ་ལན་ལ་གཅིག་མཚུངས་ངང་དགའ་སྣང་གིས་བལྟས་ནས་ཨེ་ཡོད་སྙམ་མོ།།

བོད་རྒྱ་འབྲེལ་མོལ།

དེ་སྔོན་རྩོལ་བ་བྱས་པའི་འབྲེལ་མོལ་བརྒྱུད་ནས། རྒྱ་ནག་བོད་འབྱུང་འགྱུར་གྱི་ཆབ་སྲིད་གནས་བབས་ལ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བྱེད་པའི་མདུན་པ་མེད་པ་དེ་གསལ་པོར་མངོན་གྱིན་འདུག ༢༠༡༣ ལོའི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕ་ཡུལ་དྲ་བའི་རྩོམ་དུ༼རྒྱ་རི་དང་རྒྱལ་མཚན་གཉིས་ཀྱི་བློས་བཏང་གི་ཤུགས་རྐྱེན།༽ཞེས་པ་དེ་ལ་བརྟེན་ཏེ། ཁྱེད་ཀྱི་འཛིན་སྐྱོང་གིས་སླར་ཡང་མི་མཐུད་དུ་བསུས་བའི་སྤྲོ་སྣང་གི་འབྲེལ་མཐུད་ལ་གྲང་ཤུར་ཤུར་གྱི་ཨ་ལན་ཞིག་སྟེ། ༼ རྒྱ་ནག་གིས་བཤད་རྒྱུར་ཁོང་ཚོས་གཏན་ནས་སེང་གེའམ་བཙན་བྱོལ་གཞུང་དང་ལྷན་དུ་གྲོས་མོལ་མི་བྱེད་ཅེས་པའོ།།༽ཉེ་ཆར་ཉིད་ཀྱིས་ཡང་བསྐྱར་བསྒྲགས་གཏམ་སྤེལ་རྒྱུར་ཁྱེད་ཀྱི་འཛིན་སྐྱོང་གིས་རྒྱ་ནག་དང་ལྷན་དུ་མུ་མཐུད་དུ་འབྲེལ་མོལ་བྱེད་རྒྱུར་ཐག་གཅོད་བྱས་པ་རེད་ལ་དེ་འདྲའི་འབྲེལ་མོལ་བརྒྱུད་རིམ་གྱི་སློབ་སྟོན་ཞུ་བའི་ཚོགས་ཆུང་གིས་དེའི་ཚོགས་འདུ་ཐེངས་ ༢༦ པ་འཚོགས་རྒྱུ་ཡིན་པ་རེད།

དྲི་བ། ༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་འབྲེལ་མཐུད་ཆད་བའི་སྐབས་སུ་རྒྱ་ནག་གིས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་གནས་བབས་ལ་གཞོལ་ཞིང་ཁྱེད་ཀྱི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་ནན་པོར་བྱེད་བར་ཉིད་ཀྱིས་ཅིའི་ཕྱིར་ཆ་འཇོག་བྱེད་ཀྱིན་ཡོད།

ཆེས་མཐོའི་རང་སྲིད་རང་སྐྱོང༌།

རེ་སྐུལ་སྙན་ཐོ་དང་ཟིན་ཐོ་ཞིག་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་རྒྱ་ནག་འབྲེལ་ཡོད་ལ་ ༢༠༠༨ དང་ ༢༠༡༠ ནང་དུ་ཕུལ་ཡོད་པ་རེད། རིམ་བཞིན་ངང་ཁོང་ཚོས་སྨྲ་ཡོང་བ་དེ་ནི་བོད་མི་དག་གིས་མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པར་བོད་དོན་སླད་ཁ་གཏད་དུ་ལངས་ཡོང་གི་རེད་ཟེར། ༢༠༡༣ ལོའི་ཟླ་ ༥ བའི་ཚེས་ ༨ ཉིན་ཕྱི་འབྲེལ་ལྷན་ཁང་དུ་ཁྱེད་ཀྱི་འགྲེལ་བརྗོད་ཀྱིས་གོ་བབ་ཅིག་གཏན་འབེབས་བྱས་ཡོད། ༼ང་ཚོས་བཙན་བྱོལ་ནང་ཉམས་སུ་མྱོང་བཞིན་པ་ནི་དམངས་གཙོ་ཡིན། ང་ཚོས་བོད་ནང་ལ་དམངས་གཙོ་ལག་བསྟར་ཆོག་མིན་འདྲི་ཡི་མེད། ༽ཅེས་པ་དེ་ཡིས་གྲོས་འཆར་གྱི་འགོས་འདུན་གོམ་གང་མདུན་དུ་སྤོས་པ་རེད། དེ་བཞིན་ཁྱེད་ཀྱིས་བཤད་རྒྱུར་ཧོང་ཀོང་གི་ལོ་འཁོར་ལྔ་བཅུའི་རང་སྐྱོང་སྒྲིག་གཞི་ལྟ་བུའི་ཚད་འགག་གི་དུས་ཡུན་ཞིག་གམ་རང་སྐྱོང་གང་ཡང་རུང་བ་ཞིག་དང་དེ་བཞིན་དམག་དོན་བྲལ་བའི་བོད་ནང་དུ་རྒྱ་ནག་གི་དབང་ཤུགས་མེད་པས་ན་ཁྱེད་ཀྱིས་ངོས་ལེན་བྱེད་ཀྱིན་བདོག་པར་སྐད།

རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་འོག་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་ཇི་ལྟར་ཐོབ་ཐུབ་མིན་ལ་བདག་གིས་གོ་བ་ལོན་མ་སོང༌། ཆབ་སྲིད་ཀྱི་ལམ་ལུགས་ཤིག་ནས་བོད་ལ་ཐོབ་སྲིད་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་དེ་དམངས་གཙོའི་ལུགས་ལྟར་འོས་འདེམས་ཀྱི་བརྒྱུད་རིམ་ཁྲོད་དུ་བོད་མི་རང་ཉིད་ཀྱི་འཛུལ་ཞུགས་བྱེད་མི་རུང་བ་དེའང་གོ་རྟོགས་རྙེད་མ་སོང༌། གལ་ཏེ་ཁྱེད་ཀྱི་བསྒྲགས་གཏམ་༼ང་ཚོས་བོད་ནང་དུ་དམངས་གཙོ་ལག་བསྟར་ཆོག་མིན་འདྲི་ཡི་མེད།༽ཅེས་པ་དེ་གཞིར་བཟུང་ན་ནི། དེ་ཡིས་ང་ལ་རང་སྲིད་རང་སྐྱོང་དོན་དངོས་ཀྱི་སྒོ་ནས་ལམ་ལྷོངས་མི་ཡོང་བ་ཞིག་སྣང་དུ་བཅུག་བྱུང༌། གང་ལྟར། ཕྱི་འབྲེལ་ལྷན་ཚོགས་སར་བསྒྲགས་གཏམ་དེ་ཡིས་ཁྱེད་ཀྱི་འདོད་འདུན་སློང་བཞིན་པའི་ལམ་ལུགས་དེའི་འོག་ཏུ་བོད་པར་སྨྲ་བརྗོད་རང་དབང་དང་ཆབ་སྲིད་འོས་འདེམས་རང་དབང་ཡོད་མིན་ཡང་ཁྱེད་རང་ཉིད་ལ་ཡིད་ཆེས་མི་འདུག་པ་གསལ་པོ་རེད་འདུག ནང་སྒོས་སུ་དེ་ནི་རྒྱ་ནག་གིས་རང་སྲིད་རང་སྐྱོང་ལ་དབང་བསྒྱུར་བྱེད་པ་ཞིག་སྟེ། ད་ལྟའི་བོད་ནང་གི་འཁྲབ་ཚན་འདི་ལས་མ་འདས་སོ།།

དྲི་བ། མཐར་གཏུགས་ཀྱི་དབང་ཚད་རྒྱ་ནག་ལ་ཡོད་ཅིང་བོད་རང་ལ་དམངས་གཙོའི་དབང་ཆ་ཙམ་ཡང་མེད་པའི་ཆབ་སྲིད་ལམ་ལུགས་ཤིག་གི་འོག་ཏུ་ཇི་ལྟར་རང་ཁྲིམས་རང་སྲུང་གི་གནས་བབ་ཅིག་ལག་བསྟར་བྱེད་ཐུབ་བམ།

དྲི་བ། ཉེ་བའི་བོད་ནང་གི་གནས་བབས་དེ་དམར་ཤོག་ཚོགས་པས་དབང་བསྒྱུར་བྱེད་ཀྱིན་ཡོད་པ་མ་རེད་དམ། དམངས་གཙོ་དཀོན་པས་ན་རང་ལུས་མེར་བསྲེགས་ཀྱི་རྦ་རླབས་བོད་ནང་དུ་འཕྱུར་ཡོང་བའི་རྒྱུ་རྐྱེན་གཙོ་བོའང་དེ་མ་ཡིན་ནམ།

༢༠༠༨ ལོའི་རེ་སྐུལ་སྙན་ཐོ་རྒྱ་ནག་གིས་རྒྱག་གཏམ་གྱིས་ངོས་ལེན་བྱས་མེད་ལ་ ༢༠༡༠ ལོའི་ཟིན་ཐོ་ང་ཚོའི་ཁྲོད་ནས་བརླགས་ཡོད་པ་མ་རེད། དེས་ཅི་ཟེར་གྱིན་ཡོད་ཅེ་ན། ངས་བྱས་ན་འདས་སོང་བའི་འབྲེལ་མོལ་ཁྲོད་དུ་བོད་ཀྱི་སྐུ་ཚབ་ཀྱི་རྩོལ་བ་ཉུང་དྲགས་པས་མ་འཁྱོངས་བ་མ་རེད། འོན་ཏེ་བོད་མིའི་སླད་དུ་བཏོན་པའི་འཚེ་མེད་ཞི་བའི་གྲོས་གཞི་འམ་དོན་གནད་ཆེ་བའི་གྲོས་འཆར་དེ་རྒྱ་ནག་གིས་ཡ་ལན་བྱེད་འདོད་མེད་པས་ཡིན་པར་སེམས།

དྲི་བ། སྔོན་གྱི་གྲོས་འཆར་གྱི་རེ་སྐུལ་སྙན་ཞུ་དང་ཟིན་ཐོ་ཕྱིར་འཐེན་བྱས་ཤིང་གྲོས་འཆར་གསར་བ་ཞིག་སྟེ། བོད་མིར་དམངས་གཙོ་ཉམས་ཞུགས་ཀྱི་ཁེག་ཐག་ཡོད་པའི་གྲོས་གཞི་གསར་བ་ཞིག་དང་བོད་ཀྱི་འབྱུང་འགྱུར་སྲིད་དབང་རང་ཉིད་ཀྱིས་དབང་བསྒྱུར་ཐུབ་པ་ཞིག་མངོན་འགྱུར་ཨེ་ཡོང་བལྟས་ན་མི་ལེགས་སམ།

གོ་ལོག་ཏུ་འགྲོ་བར་ཟློག་པའི་ཕྱིར་དུ། བདག་གིས་གསལ་འདེབས་བྱེད་ཀྱིན་པ་ནི། ངས་དབུ་མའི་ལམ་ལ་དྲི་བ་འདྲི་གི་མེད་ལ་འཚེ་མེད་ཞི་བའང་དེ་བཞིན་གླེང་གི་མེད། ངས་གང་འདྲི་བཞིན་པ་དེ་ནི་རྒྱུན་རིང་པོ་ཞིག་ལ་ངོས་ལེན་མ་བྱས་པའི་གྲོས་འཆར་རྙིང་བ་དེ་སྒྲིག་འཛུགས་བྱས་ན་ཁྱད་པར་བཟོ་མིན་གླེང་གི་ཡོད། ད་ལྟ་ནི་ང་ཚོའི་གྲོས་འཆར་དང་རང་སྲིད་རང་སྐྱོང་གི་སྒྲིག་གཞི་དེ་ལ་ཡང་བསྐྱར་མནོ་བསམ་གཏོང་བའི་དུས་ཤིག་ཏུ་འཁུམས་སོ།། བདག་གིས་ད་ཆའི་དུས་སུ་རྒྱ་ནག་གིས་ལེགས་ཕྱོགས་ནས་ང་ཚོའི་གྲོས་གཞི་ལ་ཡ་ལན་སྤྲོད་པའི་བསམ་བློ་འཁོར་གྱི་མེད་ལ་དེ་བཞིན་དམངས་གཙོའི་ལམ་ལུགས་དང་མཐུན་པ་ཤིག་ང་ཚོར་མཁོ་སྤྲོད་ཏན་ཏན་མི་བྱེད། དེ་ནི་རྒྱ་མི་རང་གིས་རང་ལ་གྲོས་གཞི་བཏོན་པ་དང་འདྲ་མཚུངས་ཡིན་རྒྱུ་རེད། གང་ལྟར་ཡང༌། བདག་གིས་དུས་ཀྱི་འགྱུར་བག་དང་ལྷན་དུ་རྒྱ་ནག་ནམ་ཞིག་འགྱེལ་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ་སྐབས་དེ་དུས། ངས་བདེན་པར་བརློམ་པ་ནི། ཅོག་ཙེ་གཅིག་གི་སྟེང་དུ་གྲོས་འཆར་མི་འཇོག་ག་མེད་བྱུང་བར་ཐུག་དུས་སུ་ཆེས་ཚབ་ཆེ་བའི་ནོར་འཆུག་ཅིག་ཡིན་པ་རྟོགས་སྲིད་ཅིང་དེ་དུས་བོད་ལ་རང་སྲིད་རང་སྐྱོང་དགོས་རྒྱུ་མ་རེད། མཐའ་མཇུག་ངས་བྱས་ན་མདུན་སྐྱོད་ཀྱི་ལམ་ཁ་ཡག་ཤོས་ནི་འདས་སོང་བའི་གྲོས་འཆར་དེ་དག་བསྐྱུར་ཞིང་དམངས་གཙོའི་ལམ་ལུགས་གཞིར་བཞག་གི་ཁྲིམས་ལུགས་ཤིག་གི་སླད་དུ་གྲོས་འཆར་གསར་བ་ཞིག་བཟོ་རྒྱུ་དེ་རེད། སྐོམ་ཆུ་བཞིན་གལ་འགངས་ཅན་གྱི་དྲི་བ་འདི་དག་ལ་ཡོད་པའི་ཉིད་ཀྱི་དགོངས་ཚུལ་དེ་བདག་གིས་ཤེས་འདོད་པར་སྤྲོ་དགས་བརྟས་ནས་ཡོད།

ཕོ་མོ་འདྲ་ཉམས་མེད་པ།

བུ་མོ་ལོ་ལྔར་སོན་པ་ཞིག་ཚུད་པའི་གནད་དོན་མང་དག་ཅིག་གསལ་ཁ་རུ་ཕྱིན་ཏེ་ཕོ་མོ་རྩ་བ་བྱས་པའི་འཚེ་བ་སྤེལ་འདོན་བྱེད་པའི་ལས་གཞི་ལ་ངས་དམིགས་བསལ་གྱིས་དོ་ཁུར་བྱེད་ཀྱིན་ཡོད། ཚབ་ཆེན་རང་བཞིན་ཅན་དེ་ནི་ཁྱེད་ཀྱི་འཛིན་སྐྱོང་ལ་སྟངས་འཛིན་གྱིས་ཇི་ལྟར་ཚོགས་པའི་ཁྲོད་དུ་དྲག་པོའི་བྱེད་སྟངས་ལ་གདོང་ལེན་དང་དུས་ཐོག་ཏུ་དབང་ཤུགས་ལྡན་པས་སྒོ་ནས་གནས་ཡུལ་ལུང་པའི་ཁྲིམས་མཐུན་སྒྲིག་གཞི་དང་ལྷན་དུ་མཉམ་འབྲེལ་ངང་ནས་དོན་དངོས་འཚོལ་རྒྱུ་དེ་རེད།

དྲི་བ། བོད་ཀྱི་སྒྲིག་འཛུགས་ཀྱིས་བུད་མེད་ནུས་སྟོབས་མཐོར་འདེགས་ཀྱི་སྲིད་ཇུས་དེ་བུད་མེད་ཚོར་བཙན་ཤུགས་དང་འབྲེལ་ནས་མཁོ་སྤྲོད་བྱས་ཏེ་ཅི་ཞིག་ལག་བསྟར་བྱེད་འཆར་དམིགས་བཀར་གྱི་ལས་གཞི་གང་རྩ་འཛུགས་བྱས་ཡོད་པ་རེད་དམ།

ཁྱེད་ཀྱིས་སྦེ་བོད་ཀྱི་ས་གནས་ཚོགས་པར་གཏམ་བཤད་གནང་དུས། ཉིད་ཀྱིས་ཐུགས་གཞིགས་གནང་ས་དེ་བྱེ་བྲག་གི་སྲིད་ཇུས་དང་བུད་མེད་ལ་ལོག་པར་གཡེམ་པའི་ཁྲབ་ཚན་སྤེལ་བ་དག་ལས་བུ་མོ་ཚོ་སློབ་གྲྭ་ནས་ཕྱིར་ཕུད་གཏོང་གིན་པ་དེ་ཉིད་རེད། ང་ཚོའི་ཚོགས་ཁག་ཁྲོད་དུ་བུད་མེད་ལ་ལོག་གཡེམ་སྤེལ་བཞིན་པ་དེར་ཁྱེད་ཀྱིས་སྙིང་བསྡུས་ཤིག་བརྗོད་བྱུང༌། འོན་ཏེ་གསལ་ཁ་ཅན་ཞིག་གནང་མ་སོང༌།

དྲི་བ། བོད་ཀྱི་འཛིན་སྐྱོང་ངོས་ནས་ཕོ་མོ་གཡེམ་སྦྱོར་ལ་ལས་འཆར་ཞིག་ཡོད་པ་རེད་དམ། གལ་ཏེ་མ་མཆིས་ན་ནི་སུ་ཞིག་གིས་གང་ཞིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད་རེད།

བོད་མའི་སྒྲིག་འཛུགས་ངོས་ནས་བུད་མེད་ནུས་སྟོབས་མཐོར་འདེགས་ཀྱི་སྲིད་ཇུས་(༢༠༠༨)བཙུགས་སྐབས། བུད་མེད་ནུས་སྟོབས་མཐོར་འདེགས་ཀྱི་ཚན་ཁག་ལ་སྲིད་ཇུས་ཀྱི་ཕན་ནུས་དང་དེའི་ལག་ལེན་སྐོར་ལ་དྲི་བ་མང་པོ་བཏོན་བྱུང༌། དཔེར་ན། ཕྱི་ལོ་ ༢༠༡༢ ལོའི་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྲོས་ཚོགས་ཀྱི་མཐུས་མི་ཌོར་ཊར་བྷི་ཚེ་རིང་སྟེ། བཀུར་འོས་པའི་ (Reagan-Fascell Democracy Fellowship) རིའི་གན་ཧྥ་སེལ་དམངས་གཙོའི་ཚོགས་སྡེའི་འགན་འཛིན་དང་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་རྙིང་པ་ཡིས་འགྲེམས་སྟོན་ཞིག་དམངས་གཙོ་རྒྱབ་གཉེར་རྒྱལ་ཡོངས་ཡོང་འབབ་ལྷན་ཚོགས་སར་ཨ་རིའི་ནང་དུ་སྤེལ་ཡོད། བརྗོད་གཞི་སྟེ། བཙན་བྱོལ་ནང་བོད་ཀྱི་བུད་མེད་ནུས་སྟོབས་གོང་མཐོར་གཏོང་བ་ཞེས་པ་དེ་ངོ་སྤྲོད་རྒྱབ་གཉེར་དང་ཡ་ལན་ནང་དུ་ཁོ་མོས་གསུང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་འཐོར་འདེགས་ཀྱི་སྲིད་ཇུས་དེ་༼ ཕོ་མོའི་རིགས་མཚུངས་དབྱེ་བ་ལ་བརྟེན་ཞིང་ལུས་ཕོང་གཅིག་གི་ལག་བསྟར་དང་དངོས་ཡོད་དུས་རིམ་འཕོངས་བོར་གྱུར་བ་རེད།༽ཞེས་རེ་སྐུལ་སྙན་ཞུ་ཞིག་གི་ནང་དུ་ ༢༠༡༢ ལོའི་ཟླ་ ༩ བའི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ལ་བཏང་བ་རེད། མོས་ཡང་བསྐྱར་བསྒྲགས་པ་ནི་གཤམ་གསལ།

བུད་མེད་ནུས་སྟོབས་མཐོར་འདེགས་ཀྱི་སྲིད་ཇུས་དང་སྣེ་ཁྲིད་གཞན་དག་ལས་ལག་ལེན་གནད་དུ་སྨིན་པོ་ཞིག་ཐོན་པར་ཁག་ཐེག་བྱེད་རྒྱུ་དང༌། བུད་མེད་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་འོག་ཏུ་རང་སྐྱ་འཕེར་བའི་སྒྲོམ་གཞི་ཞིག་གཏན་འབེབས་བྱེད་རྒྱུ་དེའོ།། བུད་མེད་ཚོགས་ཆུང་གིས་ལས་བྱེད་ལྔའམ་དྲུག་ཅན་གྱི་ལས་གནས་ཆུང་ཆུང་ཞིག་གིས་འཛིན་སྐྱོང་བྱས་ཤིང་ཚོགས་པར་ཞབས་འདེགས་སྒྲུབ་དགོས། བོད་མིའི་སྒྲིག་འཛུགས་ནང་དུ་རང་སྐྱ་འཕེར་བའི་མ་སྒྲོམ་གཞན་ཏེ། འོས་བསྡུ་ཚོགས་ཆུང༌། མི་མང་རོགས་འདེགས་ཚོགས་པ། རྩིས་ཞིབ་ཚོགས་ཆུང་དག་མིག་དཔེ་ཙམ་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འདྲ་མིན་གྱི་གྲུབ་ཆ་རུ་་གྱུར་བའི་ཚོགས་ཆུང་ཞིག་གིས་ཞབས་འདེགས་སྒྲུབ་རྒྱུ་དེའོ།། ཚོགས་པའི་ལས་འཆར་རྒྱ་ཆེ་བའི་བྱ་འགུལ་ཞིག་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་སྡུག་ལ་གཞོལ་བའི་ཕྱིར་དུ་ལྷན་ཚོགས་ཀྱིས་གཞི་རྩའི་ཚན་ཁག་གི་འོག་ནས་འཛིན་སྐྱོང་གི་བཀོད་འདོམས་ལྟར་མཐུན་རྐྱེན་སྦྱོར་ཐུབ་བྱས་ཏེ། ཕྱི་འདྲེན་མ་དངུལ་དང་ཡོངས་འབབ་འབྱུང་ཁུངས་དག་ལོ་རེའི་འཆར་དངུལ་དང་ལྷན་ཏུ་བཏང་འཛིན་བྱེད་ཀྱིན་ཡོད།

དྲི་བ། བུད་མེད་ཚོགས་ཆུང་ཞིག་བོད་མིའི་སྒྲིག་འཛུགས་ནང་དུ་གཏན་འབེབས་བྱེད་བཞིན་པའི་གྲོས་འཆར་དེའི་ཐད་དུ་ཉིད་ལ་ལྟ་ཚུལ་ག་རེ་ཡོད་དམ།

བདག་གི་རེ་བ་ལ་ཁྱེད་ཀྱིས་ཁྱེད་ལ་རྒྱབ་སྐྱོར་བྱས་པའི་མི་སེར་ཞིག་གིས་དྲི་བ་བཀོད་པ་དེ་རྟོགས་པར་སྨོན། དམངས་གཙོའི་སྒྲོམ་གཞིའི་ཁྲོད་ཀྱི་འོས་མི་ཞིག་ལ་མཚོན་ན། ང་ཚོའི་འོས་ཐོབ་ཀྱི་མགོ་གཙོ་ལ་དྲི་རྟགས་འགོད་རྒྱུ་དང་རྩོད་རྙོད་ཁྲོད་ཀྱི་གླེང་མོལ་འཚོལ་རྒྱུ་ནི་ང་ཚོའི་མི་སྒེར་རེ་རེའི་འགན་འཁྲི་ཞིག་ཏུ་སེམས། ཁྱེད་ཀྱི་ཐུགས་ཁུར་ལ་དཀའ་དྲིན་ཆེ། ང་ཁྱེད་ཀྱི་ལྟ་ཚུལ་ལ་ཉན་པར་དགའ་བས་མྱོས་ནས་ཡོད།

མ་རྩོམ་འབྲེལ་ཐག http://www.phayul.com/news/article.aspx?id=33917&article=An+Open+Letter+to+Sikyong+Dr.+Lobsang+Sangay&t=1&c=4

……བདེ་ཆེན་ནི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་བདེན་དོན། ཕོ་མོ་འདྲ་མཉམ་གྱི་སླད་དུ་འཐབ་རྩོད་པ་དང་ཁྲིམས་རྩོད་པ་ཞིག་ཡིན། མོ་ནི་ཨ་རིའི་བྱང་ཁེལ་ཧྥོར་ནི་ཡའི་བོད་ཀྱི་ཚོགས་པའི་འགན་འཛིན་རྙིང་པ་ཡིན། ད་ལྟ་མོ་སྦར་ཀེ་ལེའི་ནང་གནས་སྡོད་བྱས་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. འཇམ་གཅེས ། says:
    ལོ་ 13 སྔོན།

    འཛམ་གླིང་ཡུལ་གྲུ་གང་འདྲ་ཞིག་ཡིན་ཡང་བཙན་གཡེམ་གི་གནས་ཚུལ་རྒྱུན་མ་ཆད་པ་ཡོང་བཞིན་པ་ཡིན་པས་ཅིའི་ཕྱིར་ཕོ་མོ་འདྲ་མཉམ་ཐོབ་ཐང་གླེང་འདོད་པ་ཡིན་ནམ། ཁྱེད་ལ་དེ་ལྟར་དོ་སྣང་དང་སེམས་ཤུགས་ཡོད་ན་དྲི་བ་འདི་དག་སྲིད་སྐྱོང་གི་གཏམ་བཤད་གནང་སྐབས་སུ་མ་དྲིས་པ་གང་ཡིན་ནམ། སུས་ཁ་བཀག་པ་ཡིན་ནམ། ཁྱེད་ཀྱིས་དྲི་བའི་ཚུལ་དུ་ཡིག་ཉོག་མང་པོ་ཞིག་སྤུངས་དགོས་པའི་དམིགས་ཡུལ་ངོ་མ་དེ་གང་ཡིན་ནམ། ཡང་ན་དྲ་ལམ་དུ་མ་ཡིན་པར་བཀའ་ཤག་ལ་ཡིག་ཟམ་མེད་པ་ཡིན་ནམ། འདི་དག་ངས་ཁྱེད་ལ་དྲི་བ་ཡིན།

    Reply
  2. Dawai Shonu says:
    ལོ་ 13 སྔོན།

    བདེ་ཆེན་ལགས།

    ཁྱེད་རང་ལ་བེུད་ཐོབ་ཐང་ག་རེ་ཐོབ་མ་སོང་། ཁྱེད་རང་ལ་འཇོ་ཐང་དང་རྣམ་དཔྱོད་ཡོད་ན་ག་རེ་བྱས་བྱས་རེད་དཱ། སུས་ཀྱང་བཀག་མཁན་ཡོད་མ་རེད། ཁྱེད་རང་ང་ཚོའི་སྲིད་བློན་ཡིན་འང་བཀའ་བློན་ག་རེ་ཡིན་ནའང་བྱེད་དུ་ཡོང་རོགས། རྟ་ཕོ་རྒྱུགས་རྒྱུ་ཡོད་ན་བྱང་ཐང་སྟོང་པ་རེད། ཁྱེད་རང་ལ་འཇོན་ཐང་མེད་ན་དོན་མེད་སྐད་བཅོར་མ་རྒྱག་ན་ལེགས།
    བོུ་ལོ་ལྔ་བྱས་པ་ཞིག་གི་སྐོར་དེ་ཁྱེད་རང་དེ་འདྲའི་ལྐུགས་པ་ལ། གནས་ཚུལ་དེ་ཁྲིམས་འགལ་གནས་ཚུལ་རེད། ཁྲིམས་འགལ་ལ་ཀ་ག་རེ་ཡིནའང་ཁྲིམས་ཀྱིས་ཐག་གཅོད་ཀྱི་རེད། རྐུན་མ་རྐུ་བ། སྲོག་གཅོད་པ་། གཞུང་གི་དངུལ་དངོས་སྒེར་སྤྱོད་བྱེད་པ། ཚང་མ་ཁྲིམས་འགལ་རེད། ཁྲིམས་འགལ་ལས་ཀ་ཚང་མ་སྡུག་ཅག་རེད། ཡག་སྡུག་ཡོད་མ་རེད། ་ང་ཚོ་ཚང་མས་བཀག་དགོས་པ་རེད། ཁྱེད་རང་ཨ་རི་ལ་སྡོད་ཀྱི་ཡོད་དུས་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese