མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ལ་འགྲོ་སོང་འཕུད་པའི་ཧིན་སྒོར་འབུམ་ ༣ ལྷག་རག་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མར་བོད་མི་ ༥༡ ཙམ་ཨི་ཛི་རལ་རྒྱལ་ཁབ་ཏུ་སོ་ནམ་ཞིང་ལས་སྦྱོང་བརྡར་དུ་བསྐྱོད་དེ་ཉེ་ཆར་ཕྱིར་ལོག་ཡོད་པ་དང་། ཁོ་ཚོར་རྒྱལ་ཁབ་གཞན་ཞིག་ཏུ་བསྐྱོད་དེ་ཉམས་མྱོང་དང་ཤེས་ཡོན་མང་པོ་ཐོབ་ཡོད་པ་མ་ཟད། ཉུང་མཐར་མི་རེར་ཧིན་སྒོར་འབུམ་ ༣ རེ་ཡིས་ཡོང་འབབ་འདུག་ཟེར།  

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཨི་ཛི་རལ་བོད་མིར་རོགས་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་ཐོག ལོ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་བོད་རིགས་གཞོན་སྐྱེས་ཕོ་མོ་སྐོར་ཁག་གཅིག་རེ། ཨི་སི་རལ་རྒྱལ་ཁབ་ཏུ་སོ་ནམ་ཞིང་ལས་སྦྱོང་བརྡར་དང་གླ་ཡོད་ཉམས་གསོའི་ལས་གཞིའི་ནང་ཞུགས་ཀྱི་ཡོད་པ་དང་། ཉེ་ཆར་སྐབས་ ༡༤ པའི་སྦྱོང་བརྡར་ནང་ཞུགས་མཁན་རྣམས་ཕྱིར་རྒྱ་གར་ནང་ལོག་ཡོད་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་ཞུས་པ་ལྟར་ན། ན་ནིང་ཕྱི་ཟླ་ ༩ པའི་ནང་ངྷ་རམ་ས་ལ་དང་ལྡི་ལི་གཞིས་ཆགས་ཁག་ ༡༢ ནས་གཞོན་སྐྱེས་ཕོ་མོ་ ༥༡ ཙམ་འདེམས་སྒྲུག་གིས་ཨི་ཛི་རལ་དུ་སོ་ནམ་ཞིང་ལས་སྦྱོང་བརྡར་དུ་བསྐྱོད་ཡོད་པ་དང་། དེ་དག་ཁྲོད་མི་ ༤ ཙམ་དུས་ཡུན་མཇུག་སྐྱེལ་མ་ཐུབ་པར་ཕྱིར་ལོག་དགོས་བྱུང་པའི་འཕྲོས་མི་ ༤༧ དེ་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཕྱིར་རྒྱ་གར་ནང་ལོག་ཡོད་འདུག  

ནང་སྲིད་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་བློ་གསལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཨི་ཛི་རལ་ནང་ཞིང་ལས་སྦྱོང་བརྡར་དུ་ཕྱིན་ཏེ་ཉེ་ཆར་ཕྱིར་ལོག་པ་དག་སྤྱི་ཡོངས་ཀྱི་ཐད་ནས་ཡག་པོ་བྱུང་ཡོད་དང་། མི་ ༤ ཙམ་གྱིས་ལས་ཀ་མཇུག་སྐྱོང་མ་ཐུབ་པར་ཕྱི་ལོག་ཡོད་པ་ནི། མེའོ་གཞིས་ཆགས་ནས་ཡིན་པ་བོད་མི་ཁོ་རང་ལྟ་བུ་མཚོན་ན་ཁེ་ཎ་ཌའི་བོད་མི་གནས་སྤོར་ནང་རྒྱན་ཐོབ་སྟབས་ཕྱིར་མི་ལོག་ཐབས་མེད་བྱུང་པ་དང་། གཞན་གཅིག་ནི་ནང་མིའི་དཀའ་ངལ་འཕྲད་དེ་ཕྱིར་ལོག་དགོས་བྱུང་པ། ལྡི་ལི་དང་མ་ན་ལི་ནས་ཡིན་པའི་བོད་མི་གཉིས་ཀྱིས་ལས་ཀར་དཀའ་ལས་རྒྱག་མ་ཐུབ་པ་དང་ཕར་ཕྱོགས་ཀྱི་སྒྲིག་གཞིར་འགའ་བ་སོགས་སྤྱོད་ལམ་གྱི་ཐོག་ནས་ཕྱིར་སློག་བཏང་བ་ཡིན་སྐོར་ངོ་སྤྲོད་གནང་སོང་། གསར་འགོད་པས་ཁོང་ལ་ད་ལོའི་སྐབས་བཅོ་ལྔ་པའི་སྐོར་དྲིས་པར་ཁོས་“ ད་ལོ་སྐབས་བཅོ་ལྔ་པར་ས་གནས་ཁག་ ༡༡ ནས་ཁྱོན་མི་གྲངས་ ༥༣ ཙམ་བདམས་ཚར་ཡོད་པ་རེད། དེའི་ནང་ཕོ་ ༤༤ དང་བུ་མོ་༩ ཡོད། ངྷ་རམ་ས་ལ་མི་ ༡༠ བདམས་པའི་ཁྲོད་བོད་ནས་ཡོང་བའི་གསར་འབྱོར་བ་ ༦ ཡོད། ད་ལྟ། ནང་སྲིད་ལས་ཁུངས་ཀྱིས་ཨི་ཛི་རལ་ནང་སྲིད་ལས་ཁུངས་ཀྱི་མཐོང་ཆེན་ཡིག་ཆར་སྒུག་བསྡད་ཡོད་ལ། ཡིག་ཆ་འབྱོར་སོན་བྱུང་ན་ཕྱི་ཟླ་ ༨ ནང་གཏོང་ཐུབ་པའི་རེ་བ་རྒྱག་གི་ཡོད” ཅེས་བརྗོད་བྱུང་།

ལས་གཞི་དེའི་ནང་ཞུགས་པར་ཆ་རྐྱེན་གང་དག་ཚང་དགོས་མིན་དྲིས་པར་ཁོང་གིས“ ཆ་རྐྱེན་ཁག་པོ་དེ་འདྲ་ཡོད་པ་མ་རེད། དབྱིན་ཡིག་འབྲི་བཤད་ཐུབ་པ་དང་། བོད་མིའི་དཔྱ་ཁྲལ་དུས་ཐོག་གཙང་འབུལ་ཟིན་པ། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་དང་དེབ་སེར་པོ་ཡོད་པ། མི་སྒེར་སོ་སོར་འགོས་ནད་རིགས་མེད་པ་ཞིག་ཡིན་དགོས་པ་རེད”ཅེས་བརྗོད་བྱུང་། མཇུག་ཏུ་ཁོང་ལ་ནང་སྲིད་ལས་ཁུངས་ཀྱིས་མ་འོངས་པར་ལས་གཞི་འདིའི་ནང་མི་འགྲོ་ཇེ་མང་དུ་གཏོང་ཐབས་གནང་གི་ཡོད་མེད་དྲིས་པར་ཁོང་གིས། “ཉེ་སྔོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དྲུང་འཕར་འཆི་མེད་རིག་འཛིན་ལགས་གཉིས་ཨི་ཛི་རལ་ཏུ་ཆེད་ཕེབས་གནང་སྟེ་ཕར་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ། མ་འོངས་པར་ལས་གཞི་འདིའི་ནང་བོད་རིགས་གྲངས་འབོར་ཇེ་མང་དུ་གཏོང་ཐབས་ལ་བཀའ་མོལ་གནང་ཡོད་པ་རེད” ཅེས་བརྗོད་སོང་། 

ཨི་ཛི་རལ་དུ་ཞིང་ལས་སྦྱོང་བརྡར་ལ་ཕྱིན་ཏེ་ཕྱིར་ལོག་མཁན་ངྷ་སའི་ཆོས་འགྲུབ་ལགས་སུ། ཁོང་ལས་གཞི་འདིའི་ནང་ཞུགས་དགོས་པའི་རྒྱུ་མཚན་དྲིས་པར། ཁོ་ཐོག་མ་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གནང་ཡོད་པ་དང་། ད་ལྟ་ངྷ་རམ་ས་ལར་དབྱིན་ཡིག་སྦྱོང་གི་ཡོད་འདུག སྔོན་ཆད་ཁོས་ཞིང་ལས་རིགས་རྩ་བ་ནས་བྱས་མྱོང་མེད་པར་འབྲོག་པ་ཡིན་ཡང་། ཁོང་ངྷ་རམ་ས་ལར་བསྡད་རིང་དཔལ་འབྱོར་གྱི་དཀའ་ངལ་མང་པོ་ཞིག་ལ་བརྟེན་ཏེ་ཞིང་ལས་སློབ་སྦྱོང་དང་མཉམ་དུ་དངུལ་ཕྲན་བུ་གསོག་ཐུབ་ན་སྙམ་སྟེ་ལས་གཞི་དེའི་ནང་འཛུལ་ཞུགས་བྱས་སྐོར་བརྗོད་བྱུང་། ཁོང་ཅག་ཕར་འབྱོར་སྐབས་སྦྱིན་བདག་གིས་ཁང་པ་གྲ་སྒྲིག་བྱས་ཡོད་པ་དང་། ཁང་གླ་དང་ཟས་རིན་སོ་སོས་གཏོང་དགོས་ཀྱི་ཡོད་འདུག ཡུལ་དེའི་ཟས་རིགས་མང་ཆེ་བ་མངར་ཟས་ཡིན་པ་དང་། ཁོ་ཚོ་སྡོད་ཡུལ་དེར་ཤིང་ནགས་སོགས་གང་ཡང་མེད་པར་བྱེ་ཐང་ཆེན་པོ་ཞིག་ཡིན་འདུག དགུན་དུས་ཟླ་གཅིག་ཙམ་རིང་གནམ་གཤིས་གྲང་མོ་ཡིན་པ་ཙམ་ལས། དུས་རྒྱུན་ཚ་བ་ཧ་ཅང་ཆེན་པོ་ཡིན་པ་དང་། མཚམས་རེར་ལས་ཀ་བྱེད་ས་འགྱིག་གུར་ཁང་ནང་ཚ་གྲང་ ༤༣ ལྷག་ཡིན་འདུག 

ལས་ཀའི་དུས་ཡུན་ནི། ཞོགས་པའི་ཆུ་ཚོད་ ༦ ནས་ཕྱི་དྲོའི་ཆུ་ཚོད་ ༢ པའི་བར་ཆུ་ཚོད་ ༨ ཙམ་ཡིན་པ་དང་། ཆུ་ཚོད་རེར་གླ་ཆ་ཨི་ཛི་རལ་གྱི་དངུལ་ཤད་ཁེལ་(Shekel) ༢༣།༡༢ ཡིན་འདུག (ཨི་ཛི་རལ་གྱི་སྒོར་ ༡ ལ་རྒྱ་གར་གྱི་ཧིན་སྒོར་ ༡༥ ལྷག་ཡིན་འདུག) ཆུ་ཚོད་འཕར་སྣོན་གྱི་ལས་ཀ་བྱས་ཚེ་ཆུ་ཚོད་རེར་གླ་ཆ་བརྒྱ་ཆ་ ༡༠ རེ་འཕར་གྱི་ཡོད་པ་དང་། གཟའ་འཁོར་རེའི་ནང་སོ་ནམ་ཞིང་ལས་སྐོར་གྱི་ཟབ་སྦྱོང་རེ་སྤྲོད་བཞིན་ཡོད་འདུག ཨི་ཛི་རལ་དུ་སྦྱོང་བརྡར་ལ་སྐྱོད་མཁན་བོད་མི་ཚོའི་ལས་ཀ་བྱེད་ཡུལ་དང་ལས་རིགས་མ་འདྲ་བ་ཡིན་པ་དང་། དེའི་སྐོར་ལ་ཆོས་འགྲུབ་ཀྱིས་བརྗོད་དོན“ ང་རང་གི་ཤོག་ཁག་ནང་བོད་རིགས་ ༡༣ ཙམ་ཡོད། ང་ཚོའི་ལས་ཀ་ཆུ་ཁུག་དང་རྒུན་འབྲུམ་འདེབས་ལས་བྱེད་རྒྱུ་དེ་རེད། གཞན་བ་གླང་འཚོ་བ་དང་། ཤིང་སྡོང་འདེབས་འཛུགས་ཀྱི་ལས་ཀ་བྱེད་མཁན་ཡང་ཡོད་པ་རེད” ཅེས་བརྗོད་བྱུང་།  

ཡང་ཁོ་ལ་ལས་གཞི་དེའི་ནང་ཞུགས་ཏེ་ཕར་འགྲོ་སོང་དང་ཚུར་ཡོང་འབབ་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དྲིས་པར། ཐོག་མ་ཕར་འགྲོ་རྒྱུར་ཡིག་ཆ་བཟོ་པ་དང་གཟུགས་པོར་བརྟག་དཔྱད་གཏོང་པ། གནམ་གྲུའི་གླ་ཆ། དེ་བཞིན་ནང་སྲིད་ལས་ཁུངས་ལ་ཧིན་སྒོར་ཁྲི་ ༣ ཙམ་གཏའ་མར་བཞག་པ་སོགས་ཁྱོན་ཧིན་སྒོར་ཁྲི་ ༧ ཙམ་གྱི་ཕར་འགྲོ་སོང་གཏོང་དགོས་པ་དང་། ཕར་སོང་སྟེ་ཕྱིར་ཚུལ་ལྡན་ཐོག་ལོག་པ་ཡིན་ན་ནང་སྲིད་ལས་ཁུངས་ཀྱི་གཏའ་དངུལ་སྒོར་ ༢༢༠༠༠ ཙམ་ཕྱིར་སློག་བྱེད་ཀྱི་ཡོད་པ་དང་། སྒོར་༨༠༠༠ དེ་སོ་ནམ་སྦྱོང་བརྡར་གྱི་སློབ་ཡོན་དང་འགྲོ་སོང་གཞན་དག་ཡིན་འདུག ཆོས་འགྲུབ་ལགས་ཀྱིས་བརྗོད་དོན་ “ གང་ལྟར་ད་ཐེངས་ང་རང་ལ་སོ་ནམ་སྦྱོང་བརྡར་ལས་གཞིའི་ནང་འཛུལ་ཞུགས་བྱས་ཏེ་འགྲོ་སོང་ཡོངས་རྫོགས་འཕུད་པའི་ཧིན་སྒོར་འབུམ་ ༣ ལྷག་ཙམ་རག་སོང་། ལས་རིགས་མ་འདྲ་བའི་དབང་གིས་ངའི་རོགས་པ་ཁ་ཤས་ལ་ཧིན་སྒོར་འབུམ་ ༤ ནས་ ༥ ཙམ་རག་མཁན་ཡང་ཡོད་པ་རེད”ཅེས་བརྗོད་བྱུང་།   

སྐབས་བཅུ་བཞི་བའི་ཨི་སི་རལ་དུ་སྐྱོད་མཁན་རུ་ཁག་གི་འགན་བདག་བྱང་ཆུབ་ལགས་སུ། ཁོང་ཚོ་སྐྱོད་སའི་ཡུལ་མི་ཚོས་བོད་པའི་ཐོག་ལྟ་ཚུལ་གང་འདྲ་ཡིན་མིན་དྲིས་པར། རེ་ཟུང་གིས་བོད་པའི་སྐོར་ཤེས་ཀྱི་ཡོད་ཀྱང་། མང་ཆེ་བས་བོད་པ་མཐོང་སྐབས་ཐེ་ལེན་ཌི་དང་ནེ་པ་ལེ་སོགས་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། ལས་ཀ་བྱེད་ཡུལ་གྱི་མི་སྣ་ཚོས་བོད་པ་ཚོར་དགའ་བོ་བྱེད་ཀྱི་ཡོད་སྟབས་མ་འོངས་པར་ལས་གཞི་འདིའི་ནང་བོད་མིའི་གྲངས་འབོར་མང་དུ་གཏོང་རྒྱུར་རེ་བ་ཡོད་སྐོར་བརྗོད་བྱུང་། ལས་གཞིའི་འདིའི་ཁོངས་སུ་བོད་པ་གཅིག་པུ་མིན་པར་ཨེ་ཤ་ཡའི་རྒྱལ་ཁབ་ཐེ་ལན་ཌི་དང་ཝེ་ཐེ་ནམ། བལ་ཡུལ། འབར་མ། ཧྥི་ལི་ཕིན། ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་བཅས་ནས་མི་ཧ་ཅང་མང་པོ་ཡོད་འདུག

སོ་ནམ་ཞིང་ལས་སྦྱོང་བརྡར་དང་གླ་ཡོད་ཉམས་གསོའི་ལས་གཞི་འདི་ནི། ཐོག་མ་ ༡༩༩༨ ལོར་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟ་བར་བོད་རིགས་གཞོན་སྐྱེས་ ༦༠༠  ལྷག་ལ་གོ་སྐབས་རག་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 4

  1. བསྟན་ཆོས། says:
    ལོ་ 10 སྔོན།

    མང་བོ་བཤད་དགོས་མི་འདུག ཞིང་ལས་ལ་ཞིང་བ་ཚོ་མི་གཏོང་བར་རྡ་ས་དང་རྡེ་ལེ་ཡི་ཞིང་ཁ་ལག་མཐིལ་ཙམ་མེད་མཁན་འགའ་བཏང་འདུག་པ་དངོས་དང་མི་མཐུན་པ་རེད། གཙོ་བོ་གཞིས་ཆགས་ཁག་ནས་བཏང་ན་དོན་དངོས་ལ་ཕན་པ་རེད། མ་གཏོད་སྒོར་རྡོག་འགའ་གསོག་པར་བཏང་བ་ཙམ་རེད།

    གསར་འབྱོར་༦ བཏང་འདུག་པ་བས་གངས་ལྡོམ་གྱིས་གསར་འབྱོར་བ་གཅིག་བཏང་བ་ཟེར་དོན་ཅི། མ་གཞི་ནས་གསར་འབྱོར་ཚོས་ཞིང་ལས་བྱེད་ཨེ་འདོད་ལ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 10 སྔོན།

    བོད་མི་ང་གཅིག་པོ་ཚང་མ་ཕྱི་རྒྱལ་དུ་ཞིང་ལས་སློབ་སྦྱོང་དུ་སོང་ནས་ཕྱིར་དུས་ཆད་ལྟར་ཁ་ཚང་ཕེབས་པ་ཙམ་གྱིས་ང་དགའ་ཡོད། གང་ཡིན་ཟེར་ན། བོད་མི་ཕྱིའི་རྒྱལ་ཁབ་གང་ཞིག་ཏུ་མགོ་ལྷ་འདོགས་འདྲེ་འདོགས་བྱས་ནས་དམྱལ་བར་སྐྱེ་དགོས་ཀྱང་ཅི་སྙམ་པའི་ལས་ངན་སྣ་དགུ་བྱས་ཏེ་ཕྱི་རྒྱལ་གང་ཞིག་ཏུ་ཐར་བ་ནས། རང་གིས་ཁས་བླངས་པའི་ཁྲིམས་དང་དམ་བཅའ། མི་རང་གི་ངོ་བོ་དང་རང་གཤིས་སོགས་འཕོངས་ཕྱིས་ཀྱི་རྡོ་བ་ནང་བཞིན་གཡུག་རྐྱང་གིས་རྒྱལ་ཁོངས་དེ་དག་གི་སྐྱབས་བཅོལ་རེག་ཐབས་བྱས་དང་བྱེད་མུས་མཁན་དག་ལས་ཡག་ཙམ་བྱུང་བས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་དང་། བོད་ཞེན་ཅན་རྣམས་ཀྱི་ངོས་ནས་དགའ་ཚོར་ངང་”ཁྱོད་ཚོ་ཚང་མ་ཡག་བྱུང་” ཟེར་ན་རེད།

    ད་རང་སོ་སོའི་གཞིས་ཆགས་སུ་སོང་ལ་ཞིང་ལས་ཐོན་སྐྱེད་དང་དཔལ་འབྱོར་གོང་སྤེལ་ལ་རེམ་ཞིག
    ཁྱོད་ཚོ་ཚང་མ་ཚེ་རིང་བཀྲ་ཤིས་ལོ་ལེགས་ཡོང་བར་སྨོན།

    Reply
  3. གངས་ལྡོམ། says:
    ལོ་ 10 སྔོན།

    གསར་འབྱོར་གཅིག་རང་གཅིག་ལ་གོ་སྐབས་འདི་འདྲ་ཞིག་ཐོབ་པ་ནི་ཡིད་ཕམ་དགོས་པ་ཞིག་རེད། གསར་འབྱོར་འདི་འདྲ་མང་པོ་ཞིག་ཡོད་པའི་ཁྲོད་ནས་མི་གཅིག་ལ་མ་གཏོགས་གོ་སྐབས་འདི་མ་ཐོབ་པ་རེད། ག་རེ་ཡིན་ནམ།
    དེང་སང་གསར་འབྱོར་གྱི་སློབ་གྲྭ་ཁག་སྟོང་པ་ཆགས་གྲབས་ཡོད་པའང་གསར་འབྱོར་ཚོ་ལ་གོ་སྐབས་གནང་གི་མེད་པའི་རྟགས་རེད།

    Reply
  4. AlexeyCF says:
    ལོ་ 10 སྔོན།

    ནང་སྲིད་ལས་ཁུངས་སྐུ་དྲན་ཆེ། རྒྱ་རི་སྒྲོལ་མ་ཐུགས་རྗེ་ཆེ། དེང་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཡོང་གི་མེད་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། དེའི་སྟེང་ལ་གསར་འབྱོར་བ་ཚོ་ཕྱིར་བོད་ནང་ལོག་གི་ཡོད་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། བོད་གཞུང་གི་ངོས་ནས་མཐུན་རྐྱེན་འདི་ལྟ་བུ་ཞིག་མ་བསྒྲུབ་པ་ཡིན་ན། བཙན་བྱོལ་སྤྱི་ཚོགས་སྟོང་པ་ཆགས་ཏེ་བཙན་བྱལ་བོད་གཞུང་སྒོ་རྒྱག་དགོས་འཁེལ་མི་སྲིད་པ་མ་རེད། ཡིན་ནའང་གཞིས་ཆགས་ཁག་ཏུ་ཁང་པ་དང་ཞིང་ས་ཡོད་པ་རེད། གཙོ་བོ་གཞོན་སྐྱེས་ཚོས་ཞིང་ཁ་འདེབས་ལས་མ་བྱས་པའི་དཀའ་ངལ་རེད། ཁང་པའི་ནང་དུའང་སྡོད་མཁན་མ་རེག་པར་རྒྱ་གར་གྱི་གཡོག་པོ་དང་ཁ་སྲུང་གླས་ནས་བསྡད་ཡོད་པ་རེད། རྡ་རམ་ས་ལ་དང་ལྡི་ལི་སོགས་སུ་ཡོད་པའི་བོད་ནས་འབྱོར་བ་དང་སློབ་གྲྭ་ཁག་ནས་འཐོན་མཁན་ཚོར་ཞིང་ས་ཨ་ཅང་ཅང་། མགོ་ཐོག་ན་ཁང་པ་ཙམ་ཡང་ཡོད་པ་མ་རེད། ཁོང་ཚོར་འདི་ལྟ་བུའི་གོ་སྐབས་སྤྲོད་རྒྱུ་ཧ་ཅང་གལ་ཆེན་རེད། གཞུང་ངོས་ནས་འདི་ལྟར་བདག་པོ་བརྒྱབ་པ་ཡིན་ན་ཕྱིར་བོད་ནང་ལོག་མཁན་ཞིག་ཡིན་ནའང་བཙན་བྱོལ་ནས་སྡོད་འདོད་མེད་པར་རྒྱའི་འོག་ཏུ་ལོག་ཡོད་ཀྱང་། རྒྱ་གར་ནང་བཙན་བྱོལ་བོད་གཞུང་གིས་བདག་པོ་བརྒྱབ་མ་སོང་ཟེར་བའི་སྡུག་གཏམ་བཤད་ས་ཡོད་པ་མ་རེད་ལ་ཤོད་མཁན་ཡང་ཡོང་གི་མ་རེད་དྲན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist