མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ། ༼༢༽

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་ཚེ་རིང་།

ཏང་གི་དཔོན་བཟང་དང་དམངས་ཀྱི་གཤེད་མ།

‘‘བྱ་བར་ཞུགས་པའི་ལོ་ངོ་སུམ་ཅུའི་རིང་། ང་ཏཱ་ལེན་དང་ལེའོ་ཉིན་དུ་སོང་མྱོང་ཞིང་། རྒྱལ་ཁབ་ཚོང་དོན་ལྷན་ཁང་དང་ཁྲོང་ཆིན་ཡང་འགྲིམ་མྱོང་ཡོད། ང་རང་གི་མི་མང་ལ་སེམས་གཏིང་ནས་དགའ་ཞིང་། ངས་ཁོ་ཚོར་བཤད་འདོད་པ་ནི། ངས་མི་མང་གི་འདོད་བློ་ཆུད་ཟོས་སུ་བཏང་མྱོང་མེད་ལ། ལྐོག་ཟ་རིང་ལུགས་པ་ཞིག་དེ་བས་ཀྱང་མིན། གལ་སྲིད་ངས་ལྐོག་ཟ་བྱས་པའི་སྒོར་རྡོག་གཅིག་སྟོན་རྒྱུ་ཡོད་ཚེ། ངས་ངོས་ལེན་གཙང་མ་བྱས་ཆོག ལོ་ངོ་འདི་དག་རིང་ངའི་དགའ་ཕྱོགས་གཅིག་བུ་ནི། རྒྱབ་ཁབ་དང་མི་མང་གི་ཆེད་དུ་ལས་ཀའི་འཕྲུལ་འཁོར་ཞིག་བྱེད་རྒྱུ་དེ་ཡིན། ངས་ད་གིན་བཤད་པ་ལྟར། ངའི་ཕྱི་ལུགས་སྟོད་གོས་འདི་ལོ་སུམ་ཅུའི་སྔོན་ཅིན་ཞན་དུ་རྫོང་དཔོན་བྱས་སྐབས་ཆེད་དུ་བཟོས་པ་དེ་ཡིན་ཞིང་། བལ་ཐིག་གི་ནང་འབྱམ་རྐུབ་དོར་ཡང་ཨ་མས་ལོ་ངོ་དུ་མའི་སྔོན་ཕྱི་རྒྱལ་ནས་ལག་རྟགས་སུ་ཉོས་པ་དེ་ཡིན། དངུལ་སྒོར་ང་ལ་མཚོན་ན་གང་ཡང་མིན། ངས་དེ་ཅི་གང་ལའང་བརྩི་མྱོང་མེད། འདི་ངའི་ཁྱིམ་བརྒྱུད་ཀྱི་གཤིས་ཀ་ཡིན།’’འདི་པོ་ཞི་ལེ་ཡི་ཁྲིམས་ཞིབ་མཇུག་བསྒྲིལ་སྐབས་ཁོས་མཐའ་མཇུག་གི་རང་ཉིད་དཀར་འདོན་བྱེད་སྐབས་ཀྱི་སྐད་ཆའི་དུམ་བུ་ཞིག་ཡིན།

‘‘ལས་ཀའི་འཕྲུལ་འཁོར།’’པོ་ཞི་ལེ་ཡིས་གལ་ཆེའི་ལས་འཁུར་བྱས་པའི་ལོ་ངོ་དེ་དག་རིང་། ཁོས་རང་ཉིད་དགའ་སའི་མི་མང་གི་ཆེད་དུ་ལས་ཀ་གང་བྱས་མིན་ད་དུང་དྲི་བ་ཞིག་ཡིན་ནའང་། རང་ཉིད་བརྩེ་བ་ཟབ་སའི་‘‘ཏང་དང་རྒྱལ་ཁབ་’’ཀྱི་ཆབ་སྲིད་བརྟན་བརླིང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བདེ་འཇགས་ཆེད་ལག་སྐྱེས་མི་དམན་པ་བཞག་མྱོང་ཡོད། ཁོས་ཏཱ་ལེན་ཡར་རྒྱས་བཏང་ནས་དེང་གི་ཧྲང་ཧེ་གཉིས་པའི་ཚོད་དུ་བསྒྱུར་ཅིང་། ཁྲོང་ཆིན་དུ་ལས་འཁུར་གྱི་ལོ་དང་པོར་གྲོང་ཁྱེར་དེའི་ལོ་འཁོར་ཡོང་འབབ་བརྒྱ་ཆའི་ ༡༤ བསླེབས་བཅུག་ཡོད། ལོ་དེའི་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེར་ཚད་བརྒྱ་ཆའི་དགུ་ཙམ་ཡིན། ལྷག་པར་དུ་ཁོས་ཁྲོང་ཆིན་དུ་གཞི་རྒྱ་ཆེ་བའི་‘‘དམར་བསྟོད་ནག་རྡུང་’’གི་ལས་འགུལ་སྤེལ་ཏེ། མང་ཚོགས་ལ་མའོ་ཙེ་ཏུང་དང་རིག་གསར་དུས་སྐབས་ཀྱི་‘‘དམར་གླུ་’’དག་ལེན་ཏུ་བཅུག་ནས། ཏང་གི་སྣང་བརྙན་རྙིང་བ་དེ་དེང་རབས་ཁྲོང་ཆིན་གྲོང་ཁྱེར་ནང་ཚ་ཚ་འུར་འུར་གྱིས་འབར་བཅུག་ཡོད། ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ནག་ཚོགས་ལ་རྒོལ་རྡུང་ལས་འགུལ་ཁྲོད། དེ་སྔའི་ཆེས་མཐོའི་དཔོན་རིགས་དང་ཚོང་བ། མི་སེར་དཀྱུས་མ་སུམ་སྟོང་ལྷག་ལ་ཁྲིམས་གཅོད་དང་བཙོན་འཇུག གནས་དབྱུང་། སྐབས་དེར་སྲོག་ཐོག་ཏུ་བཏང་བའང་སུམ་བརྒྱ་ལྷག་ཡོད་པར་བཤད། ད་དུང་། ཏཱ་ལེན་དང་ཁྲོང་ཆིན་གྲོང་ཁྱེར་གཉིས་ནང་བུ་མོ་ལོ་གཞོན་མའི་སྐྱ་མི་སྐོར་སྲུང་རུ་ཁག་དང་། རླངས་འཁོར་འགྲིམ་འགྲུལ་ཉེན་སྲུང་རུ་ཁག་གསར་གཏོད་ཀྱིས་བདེ་འཇགས་མི་སྣ་ཇེ་མང་དུ་བཏང་ཡོད། སྐབས་དེའི་གསར་ལམ་ཁག་དུ་ཐོན་གསལ་ལྟར་ན། བར་སྐབས་དེ་ནི་གྲོང་ཁྱེར་དེ་གཉིས་ནང་ཇག་རྐུན་གྱི་འཇིགས་པ་ཉུང་བའི་སྤྱི་ཚོགས་བདེ་འཇགས་ཀྱི་དུས་རབས་ཤིག་ཡིན་པར་བཤད།

མའོ་ཙེ་ཏུང་དང་རིག་གསར་དུས་སྐབས་ཀྱི་‘‘གསར་བརྗེའི་ངོ་ལོག་པ་ཚོ’’་ནང་བཞིན། པོ་ཞི་ལེ་དང་ཁོའི་ཁྱིམ་བརྒྱུད་ཀྱང་རིག་གནས་གསར་བརྗེའི་སྐབས་སྡུག་སྦྱོང་མྱོང་མཁན་གྲས་ཡིན། ཁོ་དང་ཁོའི་ཁྱིམ་བརྒྱུད་ལ་མཚོན་ན་‘‘རིག་གསར་’’སེམས་གྱི་རྨ་ཁ་ཞིག་ཡིན། འོན་ཀྱང་པོ་ཞི་ལེ་ཁྲོང་ཆིན་དུ་འབྱོར་རྗེས། རིག་གསར་གཉིས་པར་གྲགས་ཤིང་གཡོན་ཐལ་ཆེ་བའི་‘‘དམར་བསྟོད་ནག་རྡུང་’’གི་ལས་འགུལ་འདི་སྤེལ་དོན་གང་ཡིན་ནམ། འདི་རང་ཉིད་‘‘སེམས་གཏིང་ནས་དགའ་སའི་’’མི་མང་གི་ཆེད་དུ་ཡིན་ནམ།

ཧྲང་ཧེ་དང་ཧྲིན་ཀྲིན། ཀོང་ཀྲིག་སོགས་ལྟར། པོ་ཞི་ལེ་མ་འབྱོར་བའི་སྔོན་དུ་ཁྲོང་ཆིན་ཡང་རྒྱ་ནག་གི་ཕྱི་ཚུལ་གུ་ཡངས་པའི་དཔོན་རིགས་ཚོའི་ལག་ཏུ་ཡོད། དཔོན་རིགས་འདི་དག་པོ་ཞི་ལེ་དང་ཁོའི་ཕྱོགས་གཏོགས་མཁྲེག་འཛིན་དཔོན་རིགས་ཚོའི་ཆབ་སྲིད་ཀྱི་དགྲ་ཟླ་ཆགས་ཡོད། ཁོས་དམར་བསྟོད་ལས་འགུལ་སྤེལ་ནས་རང་གི་དགྲ་ཟླའི་བསམ་བློའི་ལངས་ཕྱོགས་རྩ་གཏོར་དུ་བཏང་ཞིང་། ནག་ཚོགས་ལ་རྒོལ་རྡུང་ལས་འགུལ་ཁྲོད་དཔོན་རིགས་དེ་དག་དང་། དེ་དག་གི་དཔལ་འབྱོར་རྒྱབ་རྩར་གྱུར་བའི་ཚོང་བ། དཔོན་རིགས་རྙིང་བར་རྒྱབ་སྐྱོར་དང་། པོ་ཞི་ལེ་ཡི་དམར་བསྟོད་ནག་རྡུང་ལས་འགུལ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་གྱི་ཤེས་ཡོན་པ་དང་། མི་སེར་དཀྱུས་མ་དག་ལའང་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་གཅོད་དང་བཙོན་འཇུག གནས་དབྱུང་། སྲོག་ཁྲིམས་སོགས་བཅད་ཡོད། ཁོའི་དམར་བསྟོད་ནག་རྡུང་གི་སྲིད་བྱུས་ནི་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དམར་འཛིང་ཁྲོད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་པ་ཙམ་མིན་པར། ཁོ་དང་ཁོའི་ཕྱོགས་གཏོགས་པ་ཚོའི་སྲིད་དོན་སྟོབས་ཤུགས་འཕེལ་རྒྱས་ཆེད་དཔལ་འབྱོར་འཚོལ་སའི་སྟེགས་བུ་ཞིག་ཏུའང་སྤྱད་ཡོད། དྲག་རྡུང་ལས་འགུལ་ནང་སྡུག་སྦྱོང་ཕོག་པའི་ཆེས་མཐོའི་དཔོན་རིགས་དང་། དེ་དག་དང་འབྲེལ་བ་ཟབ་པའི་ཚོང་ཆེན་ཁག་གི་སྒེར་རྒྱུ་གཞུང་བཞེས་བཏང་བའི་རྩིས་ཁྲ་ད་དུང་ཡང་ཕྱི་གསལ་བྱས་མེད།

ཆོས་འཁོར་སྒོམ་སྒྲུབ་པ་ཚོར་མཚོན་ན། པོ་ཞི་ལེ་བཟའ་མི་གཉིས་ནི་མི་ཡུལ་གྱི་གཤེད་མ་ཞིག་ཡིན། པོ་ཞི་ལེ་ཡིས་གཞུང་གི་གལ་ཆེའི་ལས་འགན་འཁུར་བའི་དུས་སྐབས་དེ་དག་ནི་ཅང་ཙེ་མིན་གྱི་མཛུབ་སྟོན་ཐག་གཅོད་འོག ཀྲུག་ཡོང་ཁཱང་གིས་སྣེ་ཁྲིད་བྱས་ནས་ཆོས་འཁོར་སྒྲུབ་པ་ཚོར་དྲག་རྡུང་བྱེད་སྐབས་ཆགས་ཡོད། དྲག་རྡུང་ལས་འགུལ་དེའི་ནང་ཆོས་འཁོར་སྒོམ་སྒྲུབ་པ་ཚོར་མི་སྤྱོད་ལས་འདས་པའི་བཙོན་འཇུག་མནར་གཅོད་ཕོག་པ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན་ནའང་། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་གསང་བའི་སྒོ་ནས་སྒོམ་སྒྲུབ་སློབ་བུ་ཚོའི་དབང་བོ་སྣ་ལྔ་དང་། དོན་ལྔ་སྣོད་དྲུག་གསོན་པོར་བཀོག་ནས་ནག་ཚོང་གཉེར་བ་ཉེ་དུས་ཕྱི་ལ་གྱར་བའི་གནས་ཚུལ་ཞིག་ཡིན། པོ་ཡི་ཆུང་མ་ཀོ་ཁེ་ལེ་ལ་འདྲི་རྩད་བྱེད་སྐབས་ཁོ་མོས་པོ་ཞི་ལེ་དང་ལྷན་དུ་ནག་ཚོང་འདི་གཉེར་མྱོང་བ་ངོས་ལེན་རྩིས་སྤྲོད་བྱས་ཡོད། རྒྱ་ནག་གི་‘‘དོན་ཉིང་’’གསོན་བཀོག་གི་ནག་ཚོང་འདིའི་སྐོར་ལ་དེང་རྒྱལ་སྤྱི་རིམ་པ་ནས་ཞིབ་འཇུག་གི་སྙན་ཐོ་བཏོན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། ཨ་རི་དང་ཁེ་ན་ཌ། ཡུ་རོབ་རྒྱལ་ཁབ་ནང་གྲོས་ཚོགས་ཉན་ཞིབ་ཀྱི་ལས་རིམ་འགྲོ་བཞིན་ཡོད། སྙན་ཐོའི་ནང་གསལ་ལྟར་ན། དོན་རྐྱེན་འདིའི་ཁྲོད་གནོད་འཚེ་ཕོག་པའི་གྲངས་འབོར་ཚད་མཐོ་ཞིང་། ནག་ཚོང་འདི་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛུགས་ཁག་གསང་འབྲེལ་ཡོད་མ་ཟད། པོ་ཞེ་ལེ་བཟའ་མི་གཉིས་ནི་ནག་ཚོང་སྒྲུབ་མཁན་ཆེས་མཐོའི་དཔོན་རིགས་ཁྲོད་ཀྱི་གྲངས་ཀ་ཙམ་དང་། ནག་ཚོང་འདྲེན་ཡུལ་ར་ཤི་ཡ་གཙོས་པའི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཡིན་པར་བསྒྲགས་ཡོད།

འདི་པོ་ཞི་ལེ་ཡིས་བཤད་པའི་རྒྱལ་ཁབ་དང་མི་མང་ཆེད་‘‘ལས་ཀའི་འཕྲུལ་འཁོར་’’བྱེད་སྟངས་དེ་ཡིན་ལ། དེ་རིང་གི་རྒྱ་ནག་ནང་ཏང་གི་དཔོན་བཟང་བྱེད་སྟངས་ཀྱི་‘‘རིག་པའི་གཞུང་ལུགས’’དེ་ཡང་ཡིན། མདོར་བསྡུས་ན། དེ་རིང་གི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་མཚོན་ན། ‘‘དམངས་ཀྱི་གཤེད་མ་’’མ་བྱས་པར་‘‘ཏང་གི་དཔོན་བཟང་’’ཞིག་བྱ་ཐབས་མེད་ལ། ཐེངས་འདིར་པོ་ཞི་ལེ་ལ་སོང་བའི་འདྲི་རྩད་དང་ཁྲིམས་ཞིབ་འདི། གསལ་བོར་བཤད་ན་རྒྱ་ནག་གུང་ཁྲན་ཏང་ལ་འདྲི་རྩད་དང་ཁྲིམས་ཞིབ་ཐེངས་ཤིག་ཆགས་ཡོད།

                                                                                                                                                     ་་་་་་་་་་་་་་་་མུ་འགོད།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. ཕུན་ཚོགས ། says:
    ལོ་ 13 སྔོན།

    ཤིན་ཏུ་ཡག་བྱུང་། བཀའ་དྲིན་ཆེ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་གསང་བའི་སྒོ་ནས་སྒོམ་སྒྲུབ་སློབ་བུ་ཚོའི་དབང་བོ་སྣ་ལྔ་དང་། དོན་ལྔ་སྣོད་དྲུག་གསོན་པོར་བཀོག་ནས་ནག་ཚོང་གཉེར་བ་ཉེ་དུས་ཕྱི་ལ་གྱར་བའི་གནས་ཚུལ་ཞིག་ཡིན། པོ་ཡི་ཆུང་མ་ཀོ་ཁེ་ལེ་ལ་འདྲི་རྩད་བྱེད་སྐབས་ཁོ་མོས་པོ་ཞི་ལེ་དང་ལྷན་དུ་ནག་ཚོང་འདི་གཉེར་མྱོང་བ་ངོས་ལེན་རྩིས་སྤྲོད་བྱས་ཡོད། ་་་་་

    Reply
  3. ཉི་མ་བསམ་འཕེལ། says:
    ལོ་ 13 སྔོན།

    ཟླ་བ་ཚེ་རིང་ལགས། སྐུ་ཉིད་ཀྱི་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀ་བཀླགས་ཡིན། ཧ་ཅང་ནང་དོན་ལྡན་པ་རེད་འདུག ཁྱེད་ཅག་རྒྱ་ཡིག་རྒྱ་སྐད་མཁྱེན་མཁན་ཚོས་རྒྱ་ནག་གི་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་རྒྱུ་ཧ་ཅང་གལ་ཆེན་རེད། ལྷག་པར་དུ་རྒྱ་ནག་དབུས་གཞུང་ནང་ཁུལ་གྱི་གནས་ཚུལ་དང་མཐོ་རིམ་དཔོན་རིགས་བར་གྱི་འགལ་ཟླ་དང་རྙོག་ཟིང་གི་གནས་ཚུལ་རིགས་བོད་མི་ཚོ་གཙོ་བོ་བྱས་ཏེ་འཛམ་གླིང་མི་མང་གི་མིག་ལ་བསྟར་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་བསམ་གྱི་ཡོད། ཁྱེད་རང་གི་རྩོམ་ཡིག་སྔ་ཕྱི་གཉིས་ཀར་བལྟས་ཡོང་བ་ཡིན་ན། སོ་སོའི་བསམ་ཚུལ་བརྗོད་པ་ཙམ་ཞིག་མིན་པར་དཔྱད་ཞིབ་དང་གཤིབ་བསྡུར་གྱི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་ཏུ་མཐོང་སོང་། བོད་ཡིག་བོད་སྐད་རྐྱང་ལས་མི་ཤེས་མཁན་དག་གི་རྩོམ་ཡིག་དག་དང་བསྡུར་བ་ཡིན་ན། རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་གཉིས་པ་དང་གསུམ་པ་མཁྱེན་མཁན་དག་གི་བསམ་ཚུལ་དང་རྩོམ་ཡིག་དག་ལ་བྲོ་བ་མ་འདྲ་བ་ཞིག་དང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་འདུག མཐའ་དོན་ངས་ཁྱེད་ལ་རེ་བ་ཞུ་རྒྱུ་ཞིག་ལ། ད་དུང་མུ་མཐུད་དུ་རྒྱ་ནག་དབུས་གཞུང་མཐོ་རིམ་དཔོན་རིགས་ཚོའི་གནས་ཚུལ་སྐོར་ལ་དཔྱད་ཞིབ་རང་བཞིན་གྱི་རྩོམ་ཡིག་སྤེལ་གནང་རོགས། ཆེ་ས་ནས་བོད་སྤྱི་བའི་རྩ་དོན་འཐབ་རྩོད་ཐོག་་ཐུགས་ཕན་སོས་པ་མ་ཟད། བོད་མི་བོད་ཡིག་བོད་སྐད་ལས་མི་ཤེས་མཁན་རྒྱ་ནག་སོགས་འཛམ་གླིང་ཕྱི་ལོགས་ལ་ལྟ་མི་ཐུབ་མཁན་དང་། ལྷག་དོན་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་མི་མང་རྒྱ་ནག་ལ་རྒྱུས་མངའ་རྐང་གཅིག་ཀྱང་མེད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚོིས་རྒྱ་ནག་གི་སྐོར་ལ་རྒྱུས་མངའ་ཆེན་པོ་ཞིག་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཆུང་ས་ནས་སོ་སོ་སྒེར་གྱིས་རྩོམ་ཡིག་གི་ཆེད་དུ་དེབ་མང་པོ་ཀློག་པ་དང་བརྒྱུད་ལམ་ཁག་མང་པོར་ཉུལ་བ་བསམ་བློ་མང་པོ་བཏང་བ་བཅས་ལ་བརྟེན་ཏེ་མཐོང་རྒྱ་དང་ཉམས་མྱོང་། བསམ་བློ་བསྲེག་བརྡར་གྱི་ནུས་པ་དང་བསམ་གཞིག་གཏིང་ཟབ་པོར་བྱང་གོམ་སོགས་ལ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། སོ་སོའི་རྩོམ་ཡིག་འབྲི་རྩལ་དང་བོད་ཡིག་གི་ཚིག་སྦྱོར་བརྡ་དག་སོགས་ཀྱང་ཡར་རྒྱས་ཆེན་པོ་ཡོང་གི་རེད། དེ་ཙམ་ཡིན་ཞལ་བྲོ་བཀྲ་ཤིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese