མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་ཤི་རྒྱག་མཁན་ཁྲི་ ༢༥ འདུག

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཐོག་ལོ་རེར་མི་ཁྲི་ ༡༠༠ ཙམ་གྱིས་རང་ཤི་བརྒྱབ་ཡོད་པ་ལས་ཁྲི་ ༢༥ རྒྱ་ནག་ནང་བྱུང་བ་གསལ་བསྒྲགས་བྱས་འདུག

ཁ་སང་འཛམ་གླིང་རང་ཤི་སྔོན་འགོག་གི་ཉིན་མོར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འཕྲོད་བསྟེན་སྡེ་ཚན་གྱིས་༼རང་ཤི་སྔོན་འགོག་གི་བཀག་རྡོ་ལ་སྣང་ཆུང་། ༽ཞེས་པའི་བརྗོད་གཞིའི་འོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འཛམ་གླིང་ཐོག་ལོ་རེར་མི་ཁྲི་ ༡༠༠ ཙམ་གྱིས་རང་ཤི་བརྒྱབ་ཡོད་པ་དང་། རྒྱ་ནག་ནང་གཅིག་པུར་ལོ་རེར་མི་ཁྲི་ ༢༥ ཡིས་རང་ཤི་བརྒྱབ་ཡོད་སྟབས། འཛམ་གླིང་ཁྱོན་ཡོངས་ཀྱི་རང་ཤིའི་གྲངས་འབོར་ལས་བརྒྱ་ཆ་ ༣༠ ཟིན་ཡོད་པ་མ་ཟད། བུད་མེད་རང་ཤི་བརྒྱབ་པ་ཆེས་མང་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་ལོ་རེར་མི་ཁྲི་ ༢༥ ཡིས་རང་ཤི་བརྒྱབ་ཡོད་པ་དང་། མི་ཁྲི་ ༢༠༠ ཙམ་གྱིས་རང་ཤི་རྒྱག་རྩིས་བྱས་ཡོད་ལ། རང་ཤི་རྒྱག་མཁན་མང་ཆེ་བ་ལོ་ ༡༥ ནས་ ༣༤ བར་གྱི་གཞོན་སྐྱེས་ཡིན་ཞིང་། དེའི་ནང་ཨེ་ཙི་སོགས་བཅོས་དཀའ་བའི་ན་ཚ་རིགས་ཡོད་མཁན་མང་པོ་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བཟུང་གྲོང་ཁྱེར་གྱི་རང་ལོ་ ༦༥ ཡན་དང་། ཞིང་གྲོང་ནས་ ༥༥ ཡན་གྱི་རྒན་ཁོག་རང་ཤི་རྒྱག་མཁན་མངོན་གསལ་དོད་པོས་ཇེ་མང་དུ་སོང་སྟེ་ཆེས་མང་ཤོས་སུ་བསླེབས་ཡོད་འདུག

དེའི་ཐད་པེ་ཅིན་གྱི་སེམས་ཁམས་གནད་དོན་ཞིབ་འཇུག་དང་སྔོན་འགོག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ལི་ཤན་ཡེན་གྱིས། རྒྱ་ནག་རྒན་ཁོག་མང་བའི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད་པ་མ་ཟད། བདག་མེད་རྒན་ཁོག་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒན་ཁོག་གིས་རང་ཤི་རྒྱག་པའི་གནད་དོན་དེ་སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེན་ཞིག་རེད། ༢༠༡༢ ལོའི་ལོ་མཇུག་ཏུ་རྒྱ་ནག་གི་རྒན་ཁོག་གྲངས་འབོར་དུང་ཕྱུར་ ༢ མ་ཟིན་ཙམ་དང་། སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༡༤ .༣ ཟིན་ཡོད། མ་འོངས་པར་རྒན་ཁོག་གི་གྲངས་འབོར་སྔར་ལས་ཇེ་མང་དུ་ཕྱིན་ཚེ། རྒན་ཁོག་རང་ཤི་རྒྱག་པའི་གནད་དོན་ཡང་སྔར་ལས་ཚབས་ཆེན་ཅན་དུ་འགྱུར་སྲིད་སྟབས། རྒན་ཁོག་དང་ཞིང་གྲོང་ཁུལ་གྱི་རང་ཤིའི་གནད་དོན་སྔོན་འགོག་བྱེད་པ་དེ་གནད་འགག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།



མཆན། 1

  1. བསྟན་ཆོས། says:
    ལོ་ 10 སྔོན།

    རྒྱ་ནག་ལ་ཉེ་རབས་མ་གཏོགད་རྒན་ཁོག་མ་བྱུང་བ་ཡིན་ནམ། འཛམ་གླིང་གང་སར་རྒན་ཁོག་མང་བ་རེད། སྲིད་ཇུས་ངན་པ་བོ་དང་མི་གཤིས་ངན་པ་གཉི་ག་ལྷང་ང་བུད་ཡོང་དུས་ཡང་སྐྱག་རྫུན་ཁ་གཡག་བྱེད་ཀྱི་ཡོད་ལས་གཞན་གང་ཡང་མ་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist