མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་མེ་མདའི་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཞོགས་པར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་མཚོ་དམག་རྟེན་གཞི་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྟེ་མི་ ༡༢ དམར་གསོད་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཨ་རིའི་ཞོགས་པའི་ཆུ་ཚོད་༨།༢༠ ཙམ་ལ། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་མཚོ་དམག་ས་ཚིགས་ཤིག་ཏུ། རང་ལོ་ ༣༤ ཡིན་པའི་མཚོ་དམག་ཟུར་བ་ཨད་ལེ་སི་(Aaron Alexis)ཟེར་ཞིག་གིས། དམིགས་ཡུལ་གང་ཡིན་ཁ་གསལ་མེད་པར་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༡༢ ཙམ་དམར་གསོད་བཏང་ཡོད་ཅིང་། ཁོང་ཅག་རང་ལོ་ ༤༦ ནས་ ༧༣ བར་ཡིན་པ་དང་། གཞན་མི་ ༨  ལ་རྨས་སྐྱོན་ཕོག་ཡོད་འདུག དེའི་རྗེས་ཉེན་རྟོག་པ་དང་མེ་མདའ་རྒྱག་རེས་བྱས་མཐར་ཁོ་བསད་ཡོད་འདུག

ཨ་རིའི་རྒྱལ་ནང་གསང་བ་རྟོག་ཞིབ་ལས་ཁུངས( FBI) ཀྱི་འགན་འཛིན་ལས་རོགས་སྐུ་ཞབས་ཝེ་ལེ་རེ་ཡིས་གསར་འགོད་པར་བརྗོད་པ་ལྟར་ན། ཨད་ལེ་སི་ནི་ཨ་རིའི་མཚོ་དམག་གི་དྲ་ཚིགས་སྡེ་ཚན་ནང་། ཆོད་གན་ཐོག་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་། ཁོ་ལ་ལས་བྱེད་ཀྱི་ལག་ཁྱེར་ཡོད་སྟབས། ཝ་ཞིན་ཊོན་མཚོ་དམག་གི་ས་ཚིགས་ནང་འཛུལ་ཏེ་དམར་གསོད་དོན་རྐྱེན་དེ་བསླངས་པ་ཡིན་ཞིོང་། ཁོས་ཐེངས་འདིར་དྲག་སྤྱོད་སྤེལ་དགོས་པའི་རྒྱུ་མཚན་ད་སྔ་གསལ་བོ་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་འདུག

དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པ་དག་ལ་གུས་འདུད་མཚོན་ཆེད། སྲིད་འཛིན་ཨོ་བྷ་མས་ཨ་རིའི་ཕོ་བྲང་དཀར་པོ་དང་གྲོས་ཚོགས་མདུན་གྱི་རྒྱལ་དར་ཕྱེད་ཙམ་མར་ཕབ་དགོས་པའི་བཀའ་བཏང་ཡོད་པ་དང་། དོན་རྐྱེན་འདི་ནི་མི་སྡར་མའི་བྱ་སྤྱོད་ཅིག་ཡིན་ཚུལ་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱས་འདུག

ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རིའི་གྲོས་ཚོགས་ཀྱིས་མཚོན་ཆ་ཉོ་ཚོང་བཀག་སྡོམ་མ་བྱས་ཚེ། མ་འོངས་པར་མུ་མཐུད་དུ་ཨ་རིའི་ནང་དམར་གསོད་དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་རྒྱུ་ཡིན་པ་སོགས་བརྗོད་དེ། སྲིད་འཛིན་ཨོ་བྷ་མ་དང་ཁོའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག

ཨད་ལེ་སི་ནི། ༡༩༧༩ ལོར་ནེའུ་ཡོག་གྲོང་ཁྱེར་ནང་སྐྱེས་ཞིང་། ཨ་རིའི་མཚོ་དམག་ནང་ཞུགས་ཏེ་འཇིགས་སྐུལ་རྒོལ་རྡུང་དམག་འཁྲུག་དང་རྒྱལ་ཁབ་སྲུང་སྐྱོབ་ཞབས་ཞུའི་རྟགས་མ་གཉིས་བླངས་མྱོང་ཡོད་པ་དང་།  དེ་སྔོན་མཚོན་ཆ་དང་འབྲེལ་བའི་གནས་ཚུལ་ཐོག་ཉེན་རྟོག་པས་ཁོ་ཐེངས་གཉིས་ལ་འཛིན་བཟུང་བྱས་མྱོང་ཡོད་འདུག གསར་ལམ་འགའ་རེའི་ནང་ཁོ་རང་ཨ་རིའི་མཚོ་དམག་ལས་རྩ་དགོངས་ཞུས་རྗེས་ཨ་རིའི་ནང་གི་ཐཱད་ལན་ཊིའི་ལྷ་ཁང་ཞིག་ཏུ་ནང་པར་བསྒྱུར་ཡོད་ཚུལ་ཡང་བཀོད་འདུག

ཝ་ཤིན་ཊོན་མཚོ་དམག་ས་ཚིགས་འདི་ནི་དུས་རབས་ ༡༩ ནང་གསར་འཛུགས་བྱས་ཞིང་། དོན་རྐྱེན་བྱུང་ཡུལ་གྱི་ཁང་བརྩེགས་དེའི་ནང་ཨ་རིའི་མཚོ་དམག་ལ་བཀོད་འདོམས་དང་།  མཚོ་དམག་གྲུ་གཟིངས་འཛུགས་སྐྲུན་དང་བསྐྱར་གསོ་སོགས་གནད་འགག་ཅན་གྱི་ས་ཚིགས་ཞིག་ཡིན་འདུག 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese