མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་བ་ཕུན་ཚོགས་དབང་རྒྱལ་ཀྱི་དཔེ་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་བརྩམས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་དེར་རྒྱ་ནག་གཞུང་གིས་མི་རིགས་གནད་དོན་སྐོར་གྱི་སྲིད་ཇུས་དང་། བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་སྐོར། དབང་སྒྱུར་མི་རིགས་དང་དེའི་བཙན་དབང་སྲིད་གཞུང་གི་སྐོར་སོགས་བཀོད་ཡོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་། ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་བརྩམས་གནང་མཛད་པའི་<<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོར་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་རྩོམ་པ་པོ་དང་མཉམ་ཞིབ་པ་ཁག་ཅིག་ལྷན་འཛོགས་ཐོག ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དཔེ་དེབ་དེ་ནི་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཐོག་མར་རྒྱ་ཡིག་ཏུ་བྲིས་ཡོད་པ་རྗེས་སུ་བོད་སྒྱུར་བྱས་ཡོད་ཀྱང་། རྒྱ་ནག་དང་བོད་ནང་དཔར་སྐྲུན་ཞུ་མ་ཐུབ་པར་བོད་ཡིག་གི་མ་ཕྱི་འབྲེལ་ཡོད་མི་སྣ་ཞིག་བརྒྱུད་དེ་ཁོང་ཚོར་འབྱོར་སོན་བྱུང་བ་ཤོག་གྲངས་ ༨༢༠ ཙམ་ཡོད་པའི་དེབ་དེ་པར་སྐྲུན་བྱས་ཡོད་པ་དང་། དགུང་ལོ་ ༩༠ ལྷག་སོན་པའི་རྩོམ་པ་པོ་ཁོང་འཚོ་བཞུགས་སྐབས་དཔར་སྐྲུན་བྱེད་ཐུབ་པ་བྱུང་བ་ནི་དམིགས་བསལ་དོན་སྙིང་ལྡན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས་རྒྱ་ནག་གི་ཁྲིམས་ལུགས་སུ་གསལ་བའི་མི་རིགས་ཀྱི་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་དུས་སྐབས་སོ་སོར་མི་རིགས་ཀྱི་ལས་དོན་བྱེད་ཕྱོགས། བོད་དང་ཤིན་ཅང་། སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་རྩལ་དུ་བཏོན་ནས་ཁྲིམས་ལུགས་དང་ལས་དོན་དངོས་ཀྱི་བར་ཐག་སྐོར་ལ་དབྱེ་ཞིབ་གནང་འདུག་པ་དང་། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་འབྲེལ་བའི་གནས་བབ་དང་། མ་འོངས་པར་བོད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་འཛིན་སྟངས་སོགས་ཀྱི་སྐོར་ཁོང་ཉིད་ཀྱི་དངོས་མཐོང་དངོས་མྱོང་གི་བདེན་དཔང་གཞི་རྩར་བཞག་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་འདུག་སྟབས། ཆབ་སྲིད་ཀྱི་ཐད་ནས་དཔེ་དེབ་འདི་གལ་ཆེན་ཆགས་ཡོད་སྐོར་དང་། གནད་འགག་ཅིག་ལ་ ༡༩༥༡ གོང་བོད་དེ་སུ་གང་གི་དབང་སྒྱུར་འོག་མེད་པ་གསལ་བོར་བསྒྲུབས་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་དཔྱད་གླེང་སྐུ་མགྲོན་དུ་གདན་འདྲེན་ཞུས་པའི་འབའ་བ་ཕུན་ཚོགས་དབང་རྒྱལ་ཀྱི་མི་ཚེ་ལོ་རྒྱུས་<<བོད་མི་གསར་བརྗེ་པ་ཞིག་>>ཅེས་པ་བོད་སྒྱུར་གནང་མཁན་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས། མི་མང་པོ་ཞིག་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རྒྱ་དམར་བོད་དུ་ཁྲིད་ཡོང་མཁན་གྱི་རྒྱལ་བཙོང་པ་ཞིག་ཡིན་པའི་ལྟ་ཚུལ་འཛིན་མཁན་ཡོད་ཀྱང་། ཁོང་གི་ལངས་ཕྱོགས་དང་ལྟ་བར་བལྟས་ན་ཁོང་གིས་རྒྱ་དམག་བོད་དུ་ཁྲིད་ཡོང་པ་དེ་བཙན་འཛུལ་བ་མ་ཡིན་པར་བཅོས་སྒྱུར་བ་ཞིག་ཁྲིད་ཡོང་པའི་བསམ་བློ་ཡོད་སྐོར་དང་། དཔེ་དེབ་ཀྱི་ཐད་ནས་འཛམ་གླིང་སྤྱིའི་མི་རིགས་ཞིབ་འཇུག་དང་བྱེ་བྲག་ཏུ་བོད་རྒྱའི་མི་རིགས་ཀྱི་གནད་དོན་ཞིབ་འཇུག་གི་ཁ་སྐོང་གལ་ཆེན་ཞིག་ཡིན་སྐོར་བརྗོད་སོང་།

མཐར་དཔྱད་གླེང་བ་བུ་ཆུང་བསོད་ནམས་ལགས་ཀྱིས། བོད་མིའི་ཁྲོད་འབའ་བ་ཕུན་ཚོགས་དབང་རྒྱལ་ནི་རྒྱའི་དམག་མདའ་བཅོ་བརྒྱད་པ་བོད་དུ་ཁྲིད་ཡོང་མཁན་དང་། རྒྱལ་བཙོང་པ་སོགས་ཡིན་པར་གླེང་མཁན་དང་། རིགས་གཅིག་གིས་ཁོང་ནི་རྒྱལ་གཅོས་པ་དང་མི་རིགས་རིང་ལུགས་པ་ཡིན་པར་གླེང་མཁན་གཉིས་ཡོད་ཀྱང་། རང་ཉིད་ནི་ལོ་རྒྱུས་པ་ཞིག་མིན་པས་དེ་གཉིས་ཀྱི་གང་ཡིན་བཤད་དཀའ་ཡང་། གནད་དོན་གཉིས་གསལ་བོར་རྟོགས་ཐུབ་པ་ནི་ཁོང་ནི་བོད་རྒྱའི་དཀའ་རྙོག་གནད་དོན་ཐད་ནས་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་དང་། གཉིས་ནས་ཐོག་མའི་དུས་ནས་ད་ལྟའི་བར་སོ་སོའི་མི་རིགས་ལ་གོད་ཆག་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། སྤྱི་ཚོགས་རིང་ལུགས་དང་དམར་པོའི་ལམ་ལུགས་ཀྱི་ལྟ་བར་དུས་ནམ་ཡང་འགྱུར་བ་ཐེབས་མེད་སྐོར་བརྗོད་སོང་།

དཔེ་དེབ་ཀྱི་དཔར་སྐྲུན་གཏམ་གླེང་ནང་། “ད་ལན་རྒྱ་ནག་ཏུ་གནས་བཞུགས་བོད་མི་གསར་བརྗེ་བ་དང་མཁས་དབང་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས་ <<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>ཅེས་པའི་དཔེ་དེབ་འདི་ཉིད་རྒྱུན་རིང་ཞིབ་འཇུག་དང་། དངོས་ཡོད་རྒྱུས་མྱོང་གི་བརྒྱུད་རིམ་བཅས་ལ་བརྟེན་ནས་གསར་རྩོམ་གནང་འདུག་པ་ནི། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཧ་ཅང་གལ་འགངས་ཆེ་བའི་སྟོང་ཆ་ཞིག་ཁ་བསྐངས་གནང་འདུག་པ་མ་ཟད། དེབ་འདིའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་སྤྱི་དང་། བྱེ་བྲག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཟིན་རྗེས་ཀྱི་དངོས་མྱོང་ལོ་རྒྱུས་ཀྱི་བརྒྱུད་རིམ་སོགས་ཁ་ཚ་དགོས་གཏུགས་ཀྱིས་གསལ་བོ་བཟོས་འདུག”ཅེས་བཀོད་འདུག

དེབ་ཀྱི་མདུན་ངོས་ཤོག་གྲངས་ ༡༢ འདྲ་པར་རིགས་དང་། དེབ་ཀྱི་བརྗོད་བྱའི་ཚན་པ་དང་པོ་རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་ཞེས་པར། གཙོ་བོ། ༡༽མི་རིགས་གནད་དོན་ཐད་ཀྱི་ལྟ་ཚུལ་མི་འདྲ་བའམ་རྦད་དེ་ལྡོག་པའི་ལངས་ཕྱོགས་དང་ལྟ་ཚུལ། ༢༽བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་ཀྱི་བཙན་དབང་རིང་ལུགས་དང་དེའི་རྒྱལ་ཁབ་ལྟ་ཚུལ་གྱིས་མི་རིགས་གྱི་གནད་དོན་དང་ལས་ཀར་ཐེབས་པའི་ཤུགས་རྐྱེན། ༣༽ དབང་སྒྱུར་མི་རིགས་དང་དེའི་བཙན་དབང་སྲིད་གཞུང་གི་རྒྱལ་ཁབ་མཆོག་འཛིན་ལྟ་ཚུལ་དང་མེས་རྒྱལ་ལྟ་ཚུལ་གྱི་འབྱུང་རྩ། ༤༽ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་ཀྱི་མི་རིགས་ལས་དོན་ཁྲོད་ཀྱི་གནད་དོན། ༥༽ བོད་ལྗོངས་དང་བོད་ཁུལ་གཞན་དག་གི་གནད་དོན་འགའི་སྐོར། ༦༽ བོད་ལྗོངས་དང་མོང་གོལ་གོང་མའི་རྒྱལ་ཁབ་དང་ཀྲུང་གོའི་རྒྱལ་རབས་རིམ་བྱུང་བར་གྱི་འབྲེལ་བ། ༧༽ ཀྲུང་ཧྭ་དང་ཀྲུང་གོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་གསར་རྙིང་གཉིས། ༨༽ ཨུ་རུ་སུ་ཆེན་པོའི་ཧྲ་ཝུན་རིང་ལུགས་དང་སུའུ་ལེན་སིལ་བུར་འཐོར་བ་ལས་ཀྲུང་གོར་ཐོབ་པའི་བསླབ་བྱ། ༩༽ སིང་ག་པོར་གྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་གྲུབ་འབྲས་ལས་རང་རྒྱལ་གྱི་མི་རིགས་ལས་དོན་ལ་ཐོབ་པའི་བློ་སྐྱེད། ༡༠༽ རང་རྒྱལ་གྱི་མི་རིགས་བར་གྱི་འབྲེལ་བ་དང་མི་རིགས་ལས་དོན་ཁྲོད་གནས་པའི་གནད་དོན། ༡༡༽ ཕྱི་རྟོག་གི་སྤྱི་སྡོམ། ཀྲུང་ཧྭ་བཙན་རྒྱལ་གྱི་ལམ་ལ་བགྲོད་མི་རུང་། ༡༢༽ ཟུར་མཆན་ཅེས་དང་། ཚན་པ་གཉིས་པ་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ཐད་ནས་ནང་གསེས་དོན་ཚན་ ༡༩ འདུག

གཞན། བློ་མཐུན་བཀྲ་ཤིས་དབང་ཕྱུག་ལ་རྗེས་དྲན་ཞུ་བ། བོད་མི་གསར་བརྗེ་པ་ཞིག་ཅེས་པའི་དེབ་ཀྱི་མཇུག་བྱང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ལ་བསྐུར་བའི་འཕྲིན་ཡིག ཀྲུང་དབྱང་གི་རྒྱུན་ཨུ་མགོ་ཁྲིད་ལ་ཕུལ་བའི་ཞུ་འཕྲིན་བཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་འགན་འཛིན་བློ་མཐུན་ལ་སྤྲིངས་པའི་འཕྲིན། ཀྲུང་དབྱང་རྒྱུན་ཨུ་བློ་མཐུན་ཞི་ཅིན་ཕིན་ལ་ཕུལ་བའི་འཕྲིན་ཡོག་སོགས་ཚུད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་རིགས་ང་ཚོས། གུང་བྲན་དམར་གཞུང་དགོས་སམ། རང་དབང་མང་གཙོ་གཉིས་ལས། གང་བདམས་པ་རེད། ལགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཕུན་དབང་ལགས་ཀྱི་དགའ་བ་བརྒྱད་ནི།
    ༡༽བོད་གཞུང་ལས་ཏང་ལ་དགའ་བ།
    ༢༽ཆོས་སྲིད་ཟུང་འབཻལ་ལས། སྤྱི་ཚོགས་རིང་ལུགས་ལ་དགའ་བ།
    ༣༽ བོད་ཀྱིོ་རྩོད་སྒྲུབ་ལས། རྒྱའི་རྩོད་སནྒྲུབ་ལ་རིག་པ་ལ་དགའ་བ།
    ༤༽ བོད་རང་བཙན་ལས། སྤྱི་མཐུན་རྒྱལ་ཁབ་ལ་དགའ་བ།
    ༥༽བོད་མི་དད་ལྡན་རིགས་ལས། གྭང་བྲན་ཀླ་ཀློར་དགའ་བ།
    ༦༽ཏཱ་ལའི་བླ་མ་ལས་ལྷག་པ་། མའོ་ཙེ་ཏུང་ལ་དགའ་བ།
    ༧༽བོད་སྐད་ཡིག་དང་རིག་གནས་ལ་དགའ་ཡང་། རང་ཉིད་རྒྱ་ཡིག་གི་རྩམ་པ་པོར་ཆགས་པ།
    ༨༽བོད་གསར་པ་ལ་དགའ་ཡང་། བོད་རྙིང་པ་ལ་རྙིང་དྲི་ཁ་ནས་གུང་བྲན་ཏང་ཆགས་པ་།

    Reply
  3. བསྟན་ཆོས། says:
    ལོ་ 12 སྔོན།

    མིག་དམར་ལགས་ཀྱིས། ༢༠༡༣/༠༩/༡༨ ཉིན་འདོན་སྤེལ་བྱས། དེབ་འདིའི་རྩོམ་པ་པོ་དངོས་སུ་བཤད་ཐུབ་ཡོད་ཀྱང་། དེབ་འདིའི་འབྱུང་ཁུངས་དང་རྒྱུ་འབྱོར་གྱི་མཐུན་རྐྱེན་སྐྲུན་མཁན་སུ་ཡིན་བཤད་མ་ཕོད་པའི་རྒྱུ་མཚན་ག་རེ་ཡིན་ནམ། འདིའི་ཐད་གསར་འགོད་པ་ཚོས་དྲི་བ་གཏོང་དགོས་པ་དང་བཙན་བྱོལ་བོད་གཞུང་གིས་བརྩད་གཅོད་ཞིབ་འཇུག་གནང་དགོས་པའི་གནས་དོན་གལ་ཆེན་ཞིག་མིན་འགྲོ་དྲན་ཡོད། ཅེས་པར་ཡ་མཚན་སྐྱེས། སྤྱིར་བདེ་འཇགས་ལ་དམིགས་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་དྲི་བ་འདི་གཏོང་དགོས་དོན་ལ་དམིགས་བསིལ་དོགས་སྣེ་ཤིག་ཡོད་དགོས་ངེས་རེད། དེས་ན་སུས་ཀྱང་འདྲི་མ་དགོས་པར་ཁོ་རང་གིས་རང་གི་དོག་གཞི་བཤད་ན་བཟང་སྙམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ འབའ་བ་ཕུན་ཚོགས་དབང་རྒྱལ་ཀྱི་མི་ཚེ་ལོ་རྒྱུས་<<བོད་མི་གསར་བརྗེ་པ་ཞིག་>>ཅེས་པ་བོད་སྒྱུར་གནང་མཁན་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས། མི་མང་པོ་ཞིག་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རྒྱ་དམར་བོད་དུ་ཁྲིད་ཡོང་མཁན་གྱི་རྒྱལ་བཙོང་པ་ཞིག་ཡིན་པའི་ལྟ་ཚུལ་འཛིན་མཁན་ཡོད་ཀྱང་། ་་་་་་་ཟེར། ཧཧཧཧཧཧཧཧ།། །།

    Reply
  5. སྐལ་བཟང་དགྲ་འདུལ། says:
    ལོ་ 12 སྔོན།

    གོ་ཐོས་སུ་དཔེ་དེབ་འདིར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་དེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་ནང་རྐུབ་སྟེགས་ཡོད་མཁན་ཕྱི་སྡོད་རང་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་ཞིག་ཡིན་པའི་སྐད་ཆ་གོ་སོང་་ངོ་་་་།།

    Reply
  6. སྲས་ལྡན་མ་རྩེ་མང་། says:
    ལོ་ 12 སྔོན།

    ཕུན་དབང་ལགས་ཀྱི་དགའ་བ་བརྒྱད།
    ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ། རྩོད་སྒྲུབ་རིག་པ་ལ་དགའ་བ། སྤྱི་མཐུན་རྒྱལ་ཁབ་ལ་དགའ་བ། བོད་མི་རིགས་ལ་དགའ་བ། ཏཱ་ལའི་བླ་མ་ལ་དགའ་བ། བོད་སྐད་ཡིག་དང་རིག་གནས་ལ་དགའ་བ། བོད་གསར་པ་ལ་དགའ་བ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ དཔེ་དེབ་དེ་ནི་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཐོག་མར་རྒྱ་ཡིག་ཏུ་བྲིས་ཡོད་པ་རྗེས་སུ་བོད་སྒྱུར་བྱས་ཡོད་་་་་་་
    ཞེས་དང་།
    དཔེ་དེབ་ཀྱི་དཔར་སྐྲུན་གཏམ་གླེང་ནང་། “ད་ལན་རྒྱ་ནག་ཏུ་གནས་བཞུགས་བོད་མི་གསར་བརྗེ་བ་དང་མཁས་དབང་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས།
    <<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>
    ཅེས་པའི་དཔེ་དེབ་འདི་ཉིད་རྒྱུན་རིང་ཞིབ་འཇུག་དང་། དངོས་ཡོད་རྒྱུས་མྱོང་གི་བརྒྱུད་རིམ་བཅས་ལ་བརྟེན་ནས་གསར་རྩོམ་གནང་འདུག ་་་་་་ཟེར།

    Reply
  8. རྡོ་རྗེ་རྒྱལ། says:
    ལོ་ 12 སྔོན།

    འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. TenzinNyima says:
    ལོ་ 12 སྔོན།

    བགྲེས་སོང་བོད་མི་གསར་བརྗེ་བ་རིགས་ཞེན་སྙིང་ན་གནས་པ་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག དོ་གལ་ཆེན་པོས་ཞུ་རྒྱུ་ཞིག་ལ་ད་རེས་ཙམ་མ་རེད། སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་རེ་ཟུང་གི་དཔལ་འབྱོར་ཡོང་ཁུངས་ལ་ཞིབ་འཇུག་གནང་རྒྱུ་ཧ་ཅང་གལ་ཆེན་རེད་དྲན་གྱི་ཡོད།

    Reply
  10. མིག་དམར། says:
    ལོ་ 12 སྔོན།

    དེབ་འདིའི་རྩོམ་པ་པོ་དངོས་སུ་བཤད་ཐུབ་ཡོད་ཀྱང་། དེབ་འདིའི་འབྱུང་ཁུངས་དང་རྒྱུ་འབྱོར་གྱི་མཐུན་རྐྱེན་སྐྲུན་མཁན་སུ་ཡིན་བཤད་མ་ཕོད་པའི་རྒྱུ་མཚན་ག་རེ་ཡིན་ནམ། འདིའི་ཐད་གསར་འགོད་པ་ཚོས་དྲི་བ་གཏོང་དགོས་པ་དང་བཙན་བྱོལ་བོད་གཞུང་གིས་བརྩད་གཅོད་ཞིབ་འཇུག་གནང་དགོས་པའི་གནས་དོན་གལ་ཆེན་ཞིག་མིན་འགྲོ་དྲན་ཡོད།

    Reply
  11. བསྟན་ཆོས། says:
    ལོ་ 12 སྔོན།

    མིང་ཆེ་ལ་དབང་མེད་པའི་ཟླ་ཕོག་ལེན་སས་ལོགས་སུ་བཀར། ལས་ཀ་མེད། ནུས་ཆེན་དང་མི་མང་གིས་འབད་བརྩོན་མངོན་གསལ་བྱས། ལོ་ནི་བརྒྱད་ཅུ་བརྒལ། ནཙོན་ནས་སྡད་དང་ཁྱིམས་ནས་སྡད་པར་ཁྱེད་ནི་མེད། སྔོན་ཆད་སྡེ་དགེ་བོད་ལྗོངས་སུ་ཚུད་པར་ཁ་ངན་བཀག་མ་ཐུབ་པས་། བོད་སྤྱི་དང་སྒེར་རང་ཉིད་གཉིས་ལ་ཕམ་ཁ་ཚད་མེད་བྱུང་བར་སྙིང་རླུང་སྟོད་ལ་འཚང། མ་བྲིས་རང་བྲིས་རེད།

    Reply
  12. བསྟན་ཆོས། says:
    ལོ་ 12 སྔོན།

    ལམ་ཁ་འདི་ལས་མེད་རེད། ལྷད་མེད་བློ་གཏད་རྒྱ་གུང་ཁྲན་ལ་ཞུས་ཀྱང། སྡུག་པོ་མི་ལ་མི་སྲིད་པ་བཏང་མཐར། ཕྱིས་ཀྱི་གོ་གནས་སྐྱར་གསོ་ཡང་ཡབ་གཞིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད།

    Reply
  13. སྟོན་པ། says:
    ལོ་ 12 སྔོན།

    དཔེ་དེབ་པར་མཁན་རྒྱ་ནག་གི་རྒྱུག་ཁྱི་རྟ་སྲས་ཚུལ་ཁྲིམས་ཀྱི་ཨབ་ཕྲུག་ཡིན་འདུག་ཟེར། དེ་འདྲ་ཡིན་ཏུས་རྩོམ་པ་པོ་ལ་མ་དགའ་བ་མེད་མོ། ཁྱི་ཅོང་ངན་འབྲེལ་ཕྱེད་མཁན་གསེར་རྟ་ཚུལ་ཁྲིམ་ཡིན་དུས་རང་ཞིན་གྱི་ཞེ་མིར་ལང་གི་འདུག ཆོ་ཀ་ཆོས་ལུགས་གི་ཞེན་ཁོག་ཙོད་མཁན་གཏེ་བོ།

    Reply
  14. འཇམ་གཅེས ། says:
    ལོ་ 12 སྔོན།

    མི་རིགས་ཀྱི་ལྟ་བ་ཤ་རུས་སུ་སིམས་ནས་ཡོད་པས་བགྲེས་སོང་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་འདི་ལྟ་བའི་ཕྱག་རྩོམ་ཞིག་གནང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་གནང་བར་བསྟོད་པའི་བསྔགས་བརྗོད་ཞུ། བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཁྱབ་བསྒྲགས་གནང་སྟེ་མི་མང་གི་སྦྱན་ལམ་དུ་བསྟར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལགས་སོ།།།

    Reply
  15. རྩྭ་ཐང་གི་གླག་རྒོད། says:
    ལོ་ 12 སྔོན།

    ལྟ་འདོད་སྤུ་ཙམ་མེད་ཕུན་ཚོགས་རྒྱལ་ང་ཚོའི་དགྲ་བོ་ངོ་མ་དེ་རེད་དཔེ་དེབ་དཔར་སྐྲུན་གནང་མཁན་ཚོ་མི་རིག་ཁྱེད་དུ་ལས་འགན་གཅིང་ཀྱང་མེད་མཁན་དང་ཆོ་ག་ཆོས་ལུགས་པར་གཏམ་ཉོག་བྱེད་མཁན་རིགས་རེད

    Reply
  16. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རྩོམ་པ་པོ་སྐུ་བགྲེས་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་དང། དེབ་འདི་བསྣམས་ཕེབས་མཁན། པར་བསྐྲུན་གནང་མཁན་བཅས་ཚང་མར་རྟེན་འབྲེལ་ཞུ། ལྟ་འདོད་ཀྱང་ཤིན་ཏུ་ཆེ།།

    Reply
  17. བསོད་ནམས་བཟང་པོ། says:
    ལོ་ 12 སྔོན།

    བགྲེས་སོང་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་འདི་ལྟ་བའི་ཕྱག་རྩོམ་ཞིག་གནང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་གནང་བར་བསྟོད་པའི་བསྔགས་བརྗོད་ཞུ། བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཁྱབ་བསྒྲགས་གནང་སྟེ་མི་མང་གི་སྦྱན་ལམ་དུ་བསྟར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལགས་སོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese