མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ཞི་ལེར་ཚེ་བཙོན་གྱི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྒྱ་ནག་གཞུང་གིས་ཁྲོན་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཞི་ལེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་དང་། ཚེ་གང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོད་ཚུལ་བསྒྲགས་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༡༠ ཐོག རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲོན་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཞི་ལེ་ཡི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་ཧམ་ལེན། དབང་ཆ་ལོག་སྤྱད་ཀྱི་ནག་ཉེས་ལ་ཁྲིམས་ར་ཐེངས་ ༥ པ་ཚོགས་པའི་ཁྲིམས་བཤེར་གྱི་མཇུག་འབྲས་ཕྱི་བསྒྲགས་བྱས་ཏེ། པའོ་ཞི་ལེར་ཚེ་བཙོན་གྱི་ཁྲིམས་ཐག་དང་། ཚེ་གང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོད་པ་མ་ཟད།  སྒེར་གྱི་རྒྱུ་ནོར་ཆ་ཚང་གཞུང་བཞེས་བཏང་ཡོད་འདུག

ཐེངས་འདིའི་ཁྲིམས་རྭར་པའོ་ཞི་ལེ་ཡི་ནང་མི་ཉེ་འབྲེལ་མི་ ༣ དང་། ཁོང་ལ་རོགས་འདེགས་བྱེད་མཁན་མི་ ༢། གསར་འགོད་པ་ ༢༢ ། སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ ༨༩ བཅས་ཁྱོན་མི་ ༡༡༦ འཛོམས་ཡོད་འདུག་ལ། སྐབས་དེའི་ཁྲིམས་བསྒྲགས་སྐབས་ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ལོ་ ༡༥ ཚེ་བཙོན་དང་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་ཁྲི་ ༡༠༠ གཞུང་བཞེས་བཏང་ཡོད་པ་དང་།  དབང་ཆ་ལོག་སྤྱོད་བྱས་པའི་ནག་ཉེས་འོག་ལོ་ ༧ ཚེ་བཙོན་བཅས་ཀྱི་ཁྲིམས་ཐག་དང་། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་ཚུལ་བསྒྲགས་ཡོད་པ་མ་ཟད། ཁོང་གིས་རྒྱུ་ནོར་ཆ་ཚང་གཞུང་བཞེས་བཏང་ཡོད་ཚུལ་བསྒྲགས་འདུག

ད་དུང་ཁྲིམས་ཁང་གིས་པའོ་ཞི་ལེ་ཏུང་ཅེ་གྱོད་གཞི་དང་འབྲེལ་བའི་ལྐོག་ངན་ཧམ་ལེན་དང་ལྐོག་ཟ་རུལ་སུངས་བྱས་པའི་སྤྱི་དངུལ་བསྡོམས་རྒྱ་སྒོར་ཁྲི་ ༢༡༧༩།༠༥༨༧ ཡོད་པ་དེ་རྒྱ་ཁབ་ཀྱི་དངུལ་མཛོད་ལ་དབང་བ་དང་། ལྐོག་ཟ་རུལ་སུངས་བྱས་པའི་རྒྱ་སྒོར་ཁྲི་ ༥༠༠ ཁྲིམས་གཞིར་བཟུང་ཕྱིར་ལའོ་ཉིན་མི་མང་སྲིད་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་མ་ཟད། དེ་ལས་ལྷག་པའི་མི་སྒེར་གྱི་རྒྱུ་ནོར་ཆ་ཚང་གཞུང་བཞེས་བཏང་ཡོད་ཚུལ་བསྒྲགས་ཡོད་འདུག་པ་དང་།  པའོ་ཡིས་ལྐོག་རྔན་ལས་ཉོས་པའི་ཧྥ་རན་སའི་ཞཱ་ནཱ་སོན་གཞུང་ལམ་ ༧ པར་ཡོད་པའི་སྡོད་གནས་ཡང་གཞུང་བཞེས་བཏང་ཡོད་འདུག

གལ་སྲིད། པའོ་ཞི་ལེ་ཡིས་ཁྲིམས་ཁང་གི་ཐག་གཅོད་ངོས་ལེན་མ་བྱས་པ་ཡིན་ན། ཁྲིམས་གཞི་ཐག་གཅོད་ཀྱི་ཡིག་ཆ་འབྱོར་བའི་ཉིན་ ༢ པ་ནས་ ༡༠ ནང་ཚུད་ཅི་ནན་འབྲིང་རིམ་ཁྲིམས་ཁང་དང་། ཡང་ན་ཐད་ཀར་ཧྲན་ཏུང་ཞིང་ཆེན་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག་ཚུལ་བཤད་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

སྐར་མ ༢༠ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གུང་ཁྲན་ཏང་གི་མཐོ་རིམ་དཔོན་པོའི་ནང་ན་ཆེ་ཆུང་ཙམ་མ་གཏོགས་ཉེས་པ་དེ་རིགས་མེད་པ་ཞིག་མེད་ཅེས་བཤད་ཆོག་ གལ་ཏེ་མུ་མཐུད་རུལ་སུངས་གཙང་སེལ་སོགས་ཀྱི་དག་ཐེར་ཅིག་བྱེད་དགོས་བྱུང་ན། བྱེད་ཐུབ་ན་ཀྲུང་གོའི་གུང་ཁྲན་ཏང་གི་ཚེ་མྱུར་དུ་ཟད་རྒྱུ་རེད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    པའོ་ལ་ཚེ་བཙོན་ཁྲིམས་ཐག་བཅད་པ་འདིས་དེང་གི་རྒྱ་ནག་ནི་ཁྲིམས་ཀྱིས་བདང་སྒྲུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པར་སྟོན་བཞིན་ཡོད་པ་མིན་ནམ།
    རྒྱ་ནག་ལ་འདི་ལྟ་བུའི་ཁྲིམས་ཀྱིས་དབང་སྒྱུར་ཞིག་ཅི་ནས་ཀྱང་ཡོང་དགོས་པ་འདུག

    Reply
  3. བོད་དགའ། says:
    ལོ་ 12 སྔོན།

    “ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ལོ་ ༡༥ ཚེ་བཙོན་” ཟེར་ན་ཅི་རེད། པོའོ་ལ་ལོ་ ༡༥ མ་གཏོགས་ཚེ་མེད་པ་ཡིན་ནམ།

    Reply
  4. ནང་ཆེན་བསོད་ཚེ། says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ཚང་གི་རླུང་རྟ་དར་བར་ཤོག གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། ལྷག་པར་དུ་གསར་འགྱུར་གྱི་སྤུས་ཚད་མཐོ་རུ་འགྲོ་བཞིན་འདུག

    Reply
  5. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 12 སྔོན།

    རྒྱ་རྒན་འདི་ལ་དེ་ཙམ་གྱིས་ནག་ཉེས་ཨེ་ཡོད་སྙམ། དངོས་གནས་ཁོ་ལ་ནག་ཉེས་དེ་འདྲ་ཞིག་ཡོད་ན། རྒྱ་གཞུང་གིས་ཐག་གཅོད་འདི་ཧ་ཅང་གི་འོས་འཚམ་ཞིག་རེད། འོན་ཀྱང་དོན་དངོས་ལ་ཁོང་ལ་དེ་འདྲེའི་ཉག་ཉེས་ཡོད་མེད་ཐེ་ཚོམ་ཆེ། ཅིས་ཀྱང་རྒྱ་རྒན་འདི་ལ་མ་ཉེས་ཁག་གཡོགས་མིན་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese