མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མའོ་ནས་ཞི་བར་གྱི་རྒྱ་ནག་གི་ཕུཊ་འདུན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཀྲུན་ཝང་གིས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཆབ་སྲིད་ཚོགས་པ་གང་འདྲ་ཞིག་ཡིན་ནའང་། ཕུགས་འདུན་འཆར་སྣང་ཞིག་ཡོད་པ་བྱེད་རྒྱུ་ནི་སྲོག་ཤིང་ལྟ་བུ་ཞིག་རེད། དེས་མི་དམངས་ཀྱིས་ཚོགས་པའི་ལས་དོན་ལ་མཉམ་ཞུགས་བྱེད་རྒྱུར་སྐུལ་སློང་བྱེད་པའམ་སྐུལ་འདེད་གཏོང་གི་ཡོད། དམངས་གཙོའི་ཁྲིམས་མཐུན་འགྲོ་ལུགས་ཆ་མ་ཚང་བའི་བདམས་ཐོན་མགོ་ཁྲིད་ཅན་གྱི་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུར་ཆ་མཚོན་ན། ཕུགས་འདུན་ནི་དེ་བས་ཀྱང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ལམ་ལུགས་རྒྱུན་སྐྱོང་ཆེད་མི་དམངས་ལ་དམ་པོར་བརྟེན་པ་དང་། མི་དམངས་ལ་རྒྱབ་སྐྱོར་སྐུལ་སློང་བྱེད་པར་རྒྱས་བཤད་བྱས་དང་བྱེད་བཞིན་ཡོད། ཕལ་ཆེར་རྒྱས་བཤད་ནང་ “ཕུགས་འདུན་” ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་མཁན་རྒྱ་ནག་གི་མགོ་ཁྲིད་དང་པོ་དེ་ཞི་ཅིན་ཕིན་ཡིན་སྲིད་ཀྱང་། མི་དམངས་ལ་མ་འོངས་ཕུགས་རེ་ཅན་གྱི་མཛེས་སྡུག་སྣང་བརྙན་བསྐྲུན་རྒྱུ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ལུགས་སྲོལ་ལ་ཡུན་རིང་ཡོད་པ་ཞིག་རེད།

ལུགས་སྲོལ་དེ་ནི་མའོ་ཙེ་ཏུང་ནས་མགོ་བཙུགས་ཡོད། མའོ་ཡི་ཕུགས་འདུན་ནི་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་རིང་ལུགས་ལག་ལེན་དོན་འཁྱོལ་ཡོང་བའི་སྐོར་རེད། མའོ་ཡིས་བཅངས་པའི་འཆར་སྣང་གི་ཕུལ་བྱུང་སྤྱི་ཚོགས་ནི། གཉའ་གནོན་མེད་པའམ་འདྲ་མཉམ་ཅན་དང་། ཟས་རིགས་དང་ཕྱི་དངོས་པོའི་མཐུན་རྐྱེན་འདང་ངེས་བཞིན་པ་ཞིག་ཡོད་པ་དེ་རེད། དེའི་ཐོག་ནས་མི་དམངས་ཀྱིས་སྒེར་གྱི་དགོས་མཁོ་ལ་གཞིགས་ནས་ལོངས་སུ་སྤྱད་ཆོག་པ་རེད། རིག་གནས་གསར་བརྗེའི་སྐབས་མའོ་ཡི་རྒྱ་ནག་གི་ཕུགས་འདུན་གཞན་ཞིག་ནི། རྒྱ་ནག་དེ་བཞིན་གོ་ལའི་གསར་བརྗེའི་ལྟེ་བ་ལྟ་བུ་ཞིག་ཏུ་རྨི་ལམ་བཏང་།

ཕྱི་ལོ་ ༡༩༧༨ ལོར་ཏིང་ཞའོ་ཕིན་གྱིས་གཏན་འབེབས་བྱས་པའི་ “ཀྲུང་ཧཱ་དར་སྤེལ་”ཞེས་པའི་འབོད་ཚིག་བསྒྲགས། དོན་དངོས་ཐོག་ནས་དེང་གི་ “རྒྱ་ནག་གི་ཕུགས་འདུན་” ནི་ཏིང་གི་བྱ་འགུལ་དང་ཕྱོགས་མཚུངས་པ་ཞིག་རེད། ལྟ་ཚུལ་དེ་གཉིས་ཀས་དམིགས་འབེན་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་མ་ཟད། རྒྱ་ནག་ནང་མི་རིགས་དར་རྒྱས་ཡོང་པ་དང་མཉམ་དུ་དམངས་འཚོ་ལེགས་བཅོས་གཏང་རྒྱུ་དེ་རེད།

ཕྱི་ལོ་ ༡༩༨༩ ལོའི་རྗེས་ཅང་ཙེ་མིན་གྱིས་ “ཀྲུང་ཧཱ་སྐྱར་གསོ་” ཞེས་པ་གཏན་འབེབས་བྱས། དེ་ནི་ཏིན་གྱི་ “ཀྲུང་ཧཱ་དར་སྤེལ་” ཞེས་པའི་རྒྱས་བཤད་དང་གཅིག་མཚུངས་རེད། འོན་ཀྱང་། དབང་འཛིན་སྔོན་མའི་བྱ་འགུལ་དང་མི་འདྲ་ས་ཞིག་ནི། ཅང་གིས་རྒྱས་བཤད་ཀྱིས་དམིགས་འབེན་ཕྱོགས་ས་ནི། རྒྱ་ནག་གི་རྗེས་ལུས་དང་དཀའ་ཚེགས་ཀྱི་འབྱུང་རྐྱེན་ནུབ་ཕྱོགས་ཀྱི་དབང་ཤུགས་ཡིན་པར་འདོད། ཏིན་གྱི་ “ཀྲུང་ཧཱ་དར་སྤེལ་” གྱིས་ཕྱི་རྒྱལ་བཙན་འཛུལ་དང་བཤུ་གཞོག་གི་ཉེན་ཚབས་ཆུང་དུ་བཏང་ཞིང་། རྒྱ་ནག་གི་རྗེས་ལུས་ནི་མི་བཞི་ཤོག་ཁག་དང་རིག་གནས་གསར་བརྗེ་ལ་ཁ་གཡོག་བྱས་ཡོད།

ཧུའུ་ཅིན་ཐའོ་ཡིས་མུ་མཐུད་ནས་ཅང་གི་ “ཀྲུང་ཧཱ་སྐྱར་གསོ་” ཞེས་པའི་རྒྱས་བཤད་རྒྱུན་སྐྱོང་ཐོག་རྒྱས་བཤད་ཅིག་ཁ་སྣོན་བྱས་ཡོད།  དེ་ནི་“ འཆམ་མཐུན་གྱི་སྤྱི་ཚོགས་”ཞེས་པའི་རྒྱས་བཤད་དེ་ཧུའུ་ཡི་ཤུལ་བཞག་ལ་རྩིས་ཆོག སྤྱི་ཚོགས་དང་དཔལ་འབྱོར་བཅོས་བསྒྱུར་གྱིས་སྤྱི་ཚོགས་སྙོག་ཟིང་བྱུང་པར། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་ཧུའུ་ལ་ཁུང་ཙེའི་རིག་པའི་གཞུང་ལུགས་གཞི་བཅོལ་གྱི་འཆམ་མཐུན་རྒྱལ་ནང་དང་། རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་བར་སྤེལ་པར་ཡིད་ཆེས་བསྐྲུན་ཡོད། འཆམ་མཐུན་གྱི་སྤྱི་ཚོགས་དྲིལ་བསྒྲགས་བྱས་པར་མ་ལྟོས་པར། ཧུའུ་ཡི་དུས་ཡུན་སྐབས་དངོས་མཐོང་ལག་ཟིན་གྱི་ངོ་རྒོལ་སྙོག་ཟིང་ཕྱོགས་ཡོངས་ནས་མང་དུ་ཕྱིན་ཡོད། བོད་དང་ཞིན་ཅང་དུ་ཧན་རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་སྙོག་ཟིང་དང་། ས་མཚམས་བདག་དབང་ཐད་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད། དོན་དངོས་ཐོག་འཆམ་མཐུན་གྱི་སྤྱི་ཚོགས་རྒྱས་བཤད་ནི་བཞད་གད་ཀྱི་གནས་སུ་གྱུར།

དེར་བརྟེན།  ཞིའི་རྒྱ་ནག་གི་ཕུགས་འདུན་རྒྱས་བཤད་ནི་ལྷ་ཁང་རྙིང་པར་གནས་བཤད་གསར་པ་སྟེ། མའོ་ཡི་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་རིང་ལུགས་ལག་ལེན་དོན་འཁྱོལ་དང་། ཏིང་གི་ཀྲུང་ཧཱ་དར་སྤེལ་དང་། ཅང་གི་ཀྲུང་ཧཱ་བསྐྱར་གསོ་དང་། ཧུའུ་ཡི་འཆམ་མཐུན་གྱི་སྤྱི་ཚོགས་བཅས་མིང་བརྗེ་བསྒྱུར་བྱས་པ་ཙམ་ཞིག་རེད། སྤྱི་ཚོགས་འདྲ་མཉམ་དང་འབྲེལ་བའི་ཐད་གཞི་རིམ་མི་མང་གིས་ཞུ་གཏུགས་དང་ངོ་རྒོལ་ཇེ་མང་ཐོན་བཞིན་ཡོད་སྟབས། ཞི་ཅིན་ཕིན་དང་ཏང་གིས་དམིགས་བསལ་ཤུགས་སྣོན་གྱིས་རྒྱ་ནག་གི་ཕུགས་འདུན་རྒྱ་ནག་མི་དམངས་དང་འབྲེལ་བ་བཏགས་ཐབས་བྱེད་ཀྱི་ཡོད། རྒྱ་ནག་གི་ཕུགས་འདུན་ནི་རྒྱལ་ཁབ་དང་སྲིད་གཞུང་ཆེད་དམིགས་པ་ཞིག་ཡིན་པ་ནན་བཤད་བྱེད་པའི་ཤུགས་སུ། ཞི་ཡིས་ཕུགས་འདུན་ནི་བྱེ་བྲག་མི་དམངས་སྒེར་རེའི་ཆེད་དུའང་ཡིན་པ། མི་དམངས་སྤྱི་ལ་ཡིད་ཆེས་སྐྲུན་གྱི་ཡོད། རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་གྱིས་མི་དམངས་སྒེར་རེའི་ཕུགས་འདུན་མངོན་འགྱུར་ལ་རྒྱུད་སྐུལ་བྱེད་ཀྱི་ཡོད། དེ་ནི་སྡོད་ཁང་འཛུགས་བསྐྲུན་དང་ལས་རིགས་དང་། འཕྲོད་བསྟེན། སློབ་གསོ། ཁོར་ཡུག་བཅས་ཚུད་ཡོད། དེས་ན། རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་ཕུགས་འདུན་རྒྱས་བཤད་དང་འབྲེལ་པ་ཡོད་པ་ཚོར་ཐུབ་ངེས་རེད།

ང་ཚོས་མཐོང་ཐུབ་པ་བཞིན། ཞིའི་རྒྱ་ནག་གི་ཕུགས་འདུན་གྱིས་མུ་མཐུད་ནས། རྒྱ་ནག་དམར་ཤོག་ཚོགས་པའི་ལུགས་སྲོལ་ལྟར་མི་དམངས་ལ་མཛེས་སྡུག་རྣམ་པར་བཀྲ་བའི་མ་འོངས་ཕུགས་འདུན་ཞིག་སྐྲུན་བཞིན་ཡོད། རྒྱས་བཤད་མི་འདྲ་བ་ཁག་གི་མིང་དང་བརྗོད་བྱ་མི་འདྲ་ནའང་། གནད་དོན་གལ་དགངས་ཆེ་ཤོས་ནི་དུས་ཚོད་མི་འདྲ་བའི་རྒྱས་བཤད་དེ་དག་ཚང་མ་ངོ་བོ་གཅིག་མཚུངས་སུ་གནས་ཡོད། ཏང་གིས་འདོད་པ་ནི་མི་དམངས་ཀྱིས་རྒྱ་ནག་དམར་ཤོག་མགོ་ཁྲིད་ཁོ་ནས་དམངས་འཚོ་ལེགས་བཅོས་ཕུགས་འདུན་མངོན་འགྱུར་ཡོང་ཐུབ་པའི་ཡིད་ཆེས་བྱེད་དགོས་པ་དེ་རེད།

མའོ་ཙེ་ཏུང་གིས་ “རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནས་རྒྱ་ནག་སྐྱོབ་ཐུབ་” ཅེས་དང་། ཅང་ཙེ་མིན་གྱིས་ “རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནས་རྒྱ་ནག་བསྐྱར་གསོ་ཐུབ་”ཅེས་བརྗོད་ཡོད། ཉེ་བའི་ཆར་ཞི་ཅིན་ཕིན་གྱིས་ “ང་ཚོ་ཀྲུང་ཧཱ་མི་དམངས་ཐེར་འབུམ་བཅུ་གསུམ་གྱིས་ཕུགས་འདུན་སེམས་བཅངས་ཐོག་གོང་བུ་གཅིག་ཏུ་འགྲིལ་དགོས་” ཞེས་བཤད། མི་དམངས་ཀྱིས་གནད་དོན་དེར་ཡིད་ཆེས་བསླེབ་པ་བཟོ་རྒྱུ་ནི། དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་མི་རབས་ནས་མི་རབས་ལ་བཅངས་པའི་ཕུགས་འདུག་ཅིག་རེད།།

མ་རྩོམ་གྱི་དྲ་ཐག http://thediplomat.com/china-power/the-chinese-dream-from-mao-to-xi/

མཆན། 14

  1. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    མ་འོ་རླབས་ཆེན་མ་རེད།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་
    མ་འོ་རླབས་ཆེན་མ་རེད།
    མ་འོ་རྫུན་ཆེན་རེད།

    མ་འོ་རླབས་ཆེན་མ་རེད།
    མ་འོ་ཇག་ཆེན་རེད།

    མ་འོ་རླབས་ཆེན་མ་རེད།
    མ་འོ་བཙན་ཆེན་རེད།

    མ་འོ་རླབས་ཆེན་མ་རེད།
    མ་འོ་ལག་དམར་རེད།

    མ་འོ་རླབས་ཆེན་མ་རེད།
    མ་འོ་སྡིག་ཆེན་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ཀླུ་མཁར་བྱམས།
    ༢༠༡༣/༡༠/༠༩ ཉིན་འདོན་སྤེལ་བྱས།
    རེད་ཡ་་་་བཎ་ཆེན་ཚང་རྒྱ་མིས་བཀྲོངས་བ་རེད། གུང་ཐང་ཚང་རྒྱ་མིས་བཀྲོངས་བ་རེད། འཇིགས་ཕུན་ཚང་རྒྱ་མིས་བཀྲོངས་བ་རེད། རྒྱལ་བ་ཚང་ཡང་བཀྲོངས་རྩིས་ཡོད་སྐོར་ང་ཚོས་བཤད་བསྡད་ཡོད་པ་རེད། དེ་ན་སྐབས་འདིའི་དྲི་བ་ནི་རྒྱ་འདི་བ་ཚང་ལ་འདི་ལྟར་བླ་མ་བཀྲོངས་རྒྱུའི་བློ་ཁོག་ག་འདྲ་སེ་བྱུང་བ་རེད། ་་་་་་་ཟེར།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    པཎ་ཆེན་རིན་པོ་ཆེ། བླ་མ་འཇིགས་མེད་ཕུན་ཚོགས། གུ་ཐང་རིན་པོ་དང་ཨ་ཀོང་རིན་པོ་རྣམས་གྲོངས་པ་མ་རེད། བཀྲོངས་པ་རེད་ཟེར་སྟངས་ལ་དཔྱད་པ་མང་པོ་བྱ་དགོས་པ་མི་འདུག་གམ། ལགས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    པའོ་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུ་རེད།
    ་་་་་་་ དེ་སྔོན་མཐོང་མ་མྱོང་བའི་པའོ་ཤི་ལའེ་དང་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅཱང་ཙེ་མེན་གཉིས་ཀྱི་འདྲ་པར་དང་། ལྷག་པར་དུ་ཅཱང་དང་པའོ་ཤི་ལའེ་ཡི་ཆུང་མ་ཀུའུ་ཁེ་ལའི་གཉིས་ཀྱིས་མཉམ་གཞས་གཏོང་བ་སོགས་ཀྱི་འདྲ་པར་བརྒྱུད་ལམ་དུ་ཐོན་པ་མ་ཟད། ཐེངས་གཉིས་པའི་ཁྲིམས་བཤེར་གྱི་མེ་ལྕེ་དམར་པོ་ཅཱང་ཙེ་མེན་གྱི་ཕྱོགས་སུ་འབར་སྲིད་པའི་སྐོར་སོགས་བརྗོད་ཀྱི་ཡོད་འདུག ་་་་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ནས།
    རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ལ་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ཁྲིམས་འགལ་ནག་ཉེས་ཡོད་པའི་ཁྲིམས་གཏུགས་གྱོད་གཞི་དེར་ཉན་ཞིབ་བྱེད་རྒྱུའི་མོས་མཐུན་གནང་ཡོད་པ་རེད།
    དེ་ཡང་ཟླ་བ་འདིའི་ཚེས༤ཉིན་སི་པིན་རྒྱལ་ཁབ་ཀྱི་ཡུལ་མིའི་ཆབ་འབངས་ཡིན་པའི་བོད་རིགས་དགེ་འདུན་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཉེ་སྔོན་ནས་སྔ་རྗེས་སུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་སོགས་ཁྲིམས་མཐུན་མིན་པའི་དྲག་གནོན་སྡུག་རྩུབ་གྱི་བྱ་སྤྱོད་རིམ་པ་ལག་བསྟར་བྱས་བ་དང་། དེ་བཞིན་ད་ཕན་བོད་མི་༡༢༡་ཙམ་གྱིེས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་ཚོ་ཡོང་རྐྱེན་ནི་རྒྱ་ནག་གི་དཔོན་རིགས་དེ་ཚོའི་ཁྲིམས་འགལ་གྱི་བྱ་སྤྱོད་ལས་བྱུང་བ་དང་། དེའི་འོས་འགན་ཚང་མ་རྒྱ་ནག་གི་སྲིད་འཛིན་དང་དཔོན་རིགས་ཚོར་ཡོད་པ་སི་པིན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ཁྲིམས་ཁང་ལ་ཁྲིམས་གཏུགས་རིམ་པར་རྒྱབ་ཡོད་པ་དང་། ཟླ་བ་འདིའི་ཚེས༤ཉིན་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་ཁྲིམས་གཏུགས་གྱོད་གཞི་དེར་ཉན་ཞིབ་བྱེད་རྒྱུའི་མོས་མཐུན་གནང་ཡོད་པ་རེད།
    དེའི་ཐད་འདི་གའི་རླུང་འཕྲིན་ཁང་གིས་སི་པིན་བོད་ཁང་གི་དབུ་འཛིན་ཐུབ་བསྟན་དབང་ཆེན་ལགས་སུ་བཅར་འདྲིའི་སྐབས་བརྗོད་དོན། ངའི་མིང་ཐོག་ཁྲིམས་གཏུགས་རིམ་པ་བྱས་སྐབས་ད་བར་རྒྱ་ནག་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་སྤྲད་ནས་དོན་འབྲས་མ་སོན་པའི་ཐོག་ཁྲིམས་གཏུགས་ཕྱིར་འཐེན་ཡོང་ཐབས་བྱས་ཡོད། འོན་ཀྱང་ངའི་ངོས་ནས་སི་པན་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་བེད་སྤྱོད་དང་། སེམས་ཤུགས་མ་ཆག་པར་ཡང་ཡང་ཁྲིམས་གཏུགས་བྱས་མཐར་། ཉིན་ཤས་གོང་ཁྲིམས་ཁང་གི་ངོས་ནས་གསར་འགོད་གསལ་བསྒྲགས་གནང་བ་བརྒྱུད། ཁྲིམས་དཔོན་དྲུག་གིས་ཞིབ་འཇུག་རིམ་པ་བྱས་རྗེས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དཔོན་རིགས་ཚོའི་བྱ་སྤྱོད་ལ་བརྟེན་ནས་སྡུག་སྦྱོང་ཚད་མེད་མྱོང་བཞིན་པ་དང་། གནས་སྟངས་དེའི་ཁྲོད་བོད་མི་༡༢༡ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་ར་སྤྲོད་བྱུང་ཚུལ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོ་ཅིན་ཐའོ་ལ་ནག་ཉེས་ཡོད་པ་ཁྲིམས་ཐོག་ནས་གསལ་བསྒྲགས་གནང་པ་རེད་ཅེས་དང་། ཡང་ཁོང་གིས། ང་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་པའི་མི་སེར་ཆགས་པའི་བོད་མི་ཚོས་ཐོབ་ཐང་སོགས་བེད་སྤྱད་ནས་བོད་མི་གཞན་ཚོས་བོད་དོན་སྤེལ་ཕྱོགས་ཐད་ཞུ་གཏུགས་སོགས་ཀྱི་ཐབས་ལམ་འདྲ་མིན་ཡོད་པ་ཡང་ཤེས་དགོས་བ་དང་། བསམ་བློ་གཏོང་དགོས་བ་འདུག་གསུངས་ཡོད།
    སི་པན་རྒྱལ་ཁབ་ཀྱི་ཁྲིམས་ཁང་ནི་རྒྱལ་སྤྱིའི་གྱོད་དོན་རིགས་ཐག་གཅོད་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་དང་། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆ་གཞིར་བཞག་སྟེང་། ཁྲིམས་འགལ་ཉེས་དོན་རིགས་ཐག་གཅོད་བྱེད་སའི་ཁྲིམས་ཁང་ཞིག་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ་་་་ རྒྱ་མི་བྱེ་བ་བཞི་བཀྲེས་ལྟོགས་ཀྱིས་ཤི་ཡོད་ཅིང་། ་་་་ཟེར་བ་བདེན་པ་ཡིན་ན། མ་འོ་སོགས་ཀྱིས། གསར་བརྗེའི་མིང་ཐོག་ལ་མི་འབོར་ས་ཡ་བཞི་བཅུ་ལྷག་དམར་གསོད་ཕྱིན་པ་བདེན་པ་ཆགས་པ་རེད། མའོའི་རོ་འཁོགས་དེ། མགྱོགས་ནས་མྱུར་དུ་ཕྱིར་འདོན་ཐུབ་པ་ལ་འབད་བརྩོན་བྱེད་དགོས་པ་མ་ཡིན་ནམ། རྒྱ་བོད་མི་རིགས་སྤུན་ཟླ་དུང་ཕྱུར་བཅུ་གསུམ་ཚོ།། །།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཐོག་མར་ཚོན་མདངས་ལྔ་ཅན་ཞིག་བདམས་ཡོད། ཚོན་མདངས་ལྔ་ནི། དམར་པོ། སེར་པོ། སྔོན་པོ། དཀར་པོ། ནག་པོ་བཅས་རེད། ཚོན་མདངས་དེ་དག་གིས་རྒྱ་ནག་གི་མི་རིགས་ལྔ་སྟེ། ཧན་མི་རིགས། སོག་པོ། མན་ཇུ། ཁ་ཆེ། བོད་པ་མཚོན་གྱི་ཡོད། ་་་་ཟེར་བའི་ཁུངས་གཅིག་ཀྱང་འདུག ད་ལྟའི་རྒྱ་ནག་དར་ལ་ང་མི་དགའ་བས་བསམ་བློ་གསར་པ་ཅིག་གཏོང་རན་པ་རེད་སྙམ་ལགས།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ང་མ་ཤི་གོང་ལ་མའོའི་རོ་འཁོགས་དེ། ཕྱིར་འདོན། ཨ་ཐུབ་མི་ཐུབ་བྱེད་བགྱིན་ཡིན་ནོ།། །།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ་་་་་་་་ མའོ་ཙེ་ཏུང་གིས་ “རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནས་རྒྱ་ནག་སྐྱོབ་ཐུབ་” ཅེས་དང་།
    ཅང་ཙེ་མིན་གྱིས་ “རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནས་རྒྱ་ནག་བསྐྱར་གསོ་ཐུབ་”ཅེས་བརྗོད་ཡོད།
    ཉེ་བའི་ཆར་ཞི་ཅིན་ཕིན་གྱིས་ “ང་ཚོ་ཀྲུང་ཧཱ་མི་དམངས་ཐེར་འབུམ་བཅུ་གསུམ་གྱིས་ཕུགས་འདུན་སེམས་བཅངས་ཐོག་གོང་བུ་གཅིག་ཏུ་འགྲིལ་དགོས་” ཞེས་བཤད།
    མི་དམངས་ཀྱིས་གནད་དོན་དེར་ཡིད་ཆེས་བསླེབ་པ་བཟོ་རྒྱུ་ནི། དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་མི་རབས་ནས་མི་རབས་ལ་བཅངས་པའི་ཕུགས་འདུག་ཅིག་རེད།། ་་་་་་་་་་ཟེར། ཧ་ཧ། ཧོ་ཧོ། ཧི་ཧི།། །།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 9 སྔོན།

    རྒྱ་ནག་གི་གོང་མ་དག་ནས་བཟུང་གོ་གུང་གཉིས་དང་བཅས་པའི་ཆབ་སྲིད་ཐོག་གི་རྒྱང་མཐོང་ནི་གཅིག་རང་སྟེ། གནམ་འོག་ཀྲུང་གོའི་ཡིན་པར་བལྟ་བའོ། ཧམ་སེམས་ཀྱི་ཕུགས་འདུན་འདིས་གྲངས་ཉུང་མི་རིགས་སམ་རྒྱལ་ཁབ་ཆེ་ཆུང་གཞན་སུ་ཡང་མིག་ནང་ལ་མི་འཇོག ཐ་ན་དེ་རིང་ད་དུང་ཡང་གྲངས་ཉུང་མི་རིགས་ཁག་གི་ས་ཆ་ཁོ་ཚོར་དགོས་པར་མ་ཟད། འཛམ་གླིང་གང་སར་རྒྱ་མི་གྲོག་མའི་དམག་བཞིན་གཏོང་གིན་ཡོད།
    “མཐའ་མ་འཛམ་གླིང་རྒྱ་ཡི་འོག་ཏུ་འཇུག” ཅེས་པའི་ལུང་བསྟན་གསར་བ་ཞིག་གནང་ཆོག་ཆོག་མ་རེད་དམ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ད་བསྒྲུབ་དགོས་པ་བཞི་ནི།
    ང་ཕོད་ངར་བའི་དོན་རྡོག་སྒྲུབས། །
    འབའ་ཕུན་དམར་བའི་ཤེས་ཡོན་སློབས། །
    ༸པཎ་ཆེན་ཐུགས་རྗེས་མཛད་བཟང་སྦྱོངས། །
    བོད་རིགས་དཔའ་བོའི་བསམ་དོན་སྒྲུབས། །

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ད་རན་པ་རྣམ་ལྔ་ནི།
    མའོའི་མང་གཙོ་ད་བཙུགས་རན། །
    ཏིང་ཤོའི་མར་རྩ་ད་འཛུགས་རན། །
    ཛང་ཙེན་འདྲ་མཉམ་ད་དར་རན། །
    ཧུ་ཡི་མཆམ་མཐུན་ད་བཟོ་རན། །
    ཞི་ཆིན་ཕིན་ཁྱོད་ད་ངར་རན། །

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    རྒྱ་ནག་དམར་པོའི་ལག་དམར་བཞི་པོ།
    མའོ་ཙེ་ཏུང་མི་འབོར་ས་ཡ་བྱེ་བ་མང་པོ་གསོད་མཁན་ལག་དམར་རེད། །
    ཏིང་ཕྲུག་ཉ་ལུ་མའོའི་རྗེས་འབྲངས་མི་གསོད་ཁྲག་སྦྱོར་རྗེས་མཐུན་ལག་དམར་རེད། །
    རྒྱ་ཡི་ཛང་ཙེན་མིན་ནི་རང་རིགས་དམར་གསོད་བརྒྱ་ཕྲག་ཉི་ཤུའི་ལག་དམར་རེད། །
    ཧུ་གཅིན་འཐུང་མཁན་གིས་ནི་མི་རིགས་འཁྲུགས་སློང་བརྒྱ་ཕྲག་ཉེར་གཅིག་ལག་དམར་རེད། །
    རྒྱ་ནག་ཡུལ་གྱི་ལག་དམར་མི་རབས་བཞི་ཡི་དུས་རབས་རྫོགས་པས་བཀྲ་ཤིས་ཤོག །

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    མའོ་ཙེ་ཏུང་ནི། བུད་མེད་གསུམ་བརྒྱ་བརྒལ་བར་བཙན་གཡེམ་པ་ཀླ་ཀློའི་དཔོན་ནག་ཅིག་ཆགས་པ་རེད།
    ཉ་ལུ་ཏིང་ཤའོ་ཕིང་མའོའི་རྒྱགས་ཁྱི་ཡག་པོ་ཅིག་ཡིན་ན་ཡང་། མའོས་དཔལ་འབྱོར་དབུལ་ཕོངས་སུ་སོང་བ་ལ། དཔལ་འབྱོར་སྒོ་རྒྱ་ཕྱེ་ནས། དཔལ་འབྱོར་ལམ་ལུགས་ལ་གྲུབ་འབྲས་ཡག་པོ་བཏོན་ཡོད་རེད།
    ཛང་ཙེ་མིན་དང་ཧུ་གཅིན་ཐའོ་གཉིས་ནི། དུས་རབས་བརྒྱ་ཕྲག་ཉི་ཤུའི་འཇུག་དང་། ཉེར་གཅིག་པའི་འགོ་ཡི་དམར་གཙོ་གདུག་རྩུབ་ཆེ་ཤོས་གཉིས་རེད།
    ལོ་གཞོན་ཞི་ཅི་ཕེན་གྱིས་རྒྱ་ནག་གང་འདྲ་ཅིག་ལ། བསྐྱལ་ལམ། བཟོ་འོངས་སུས་ཤེས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist