མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཀྱི་འགྱུར་བ་དང་བསྟུན་པའི་ལས་འགུལ་ཞིག་སྤེལ་མ་ཐུབ་པར་དགོངས་སེལ་ཞུ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་མགོ་འཛུགས་ཐོག ཚོགས་གཞོན་ལགས་ཀྱིས་འདས་པའི་ལོ་གསུམ་རིང་ལས་དོན་ཤུགས་ཆེན་པོ་གནང་ཐུབ་མེད་ཀྱང་ཚོགས་པ་ཉམས་རྒུད་དུ་གཏན་ནས་འགྲོ་བཅུག་མེད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པ་མགོ་འཛུགས་གནང་སོང་། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཟུར་པ། དེ་བཞིན་ལས་ཐོག་དབུས་རྒྱུན་རྣམ་པ་དང་སློབ་མ་བཅས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་གནང་འདུག

ཚོགས་འདུ་དབུ་འབྱེད་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་མར་མེ་ཞལ་འབྱེད་དང་། ཚོགས་ཞུགས་པ་ཚང་མས་བོད་པའི་བདེན་དོན་ཆེད་ཚེ་སྲོག་ཤོར་བ་དག་ལ་མྱ་ངན་གུས་འདུད་བཅས་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ལགས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྩོམ་སྒྲིག་གནང་བའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་ ༢༣ པ་༼དཔའ་རིས་པ་དོན་ཡོད་སྐྱབས་ཀྱི་མི་ཚེའི་མྱོང་བ༽ཞེས་པ་དང་། ༼རྒྱ་ནག་གི་ཉེ་རབས་ལོ་རྒྱུས༽སྟོད་ཆ་བཅས་དབུ་འབྱེད་དང་སྦྲགས་ལས་བྱེད་རྣམས་ལ་ཕྱག་རྟགས་བཅས་གནང་སོང་།

ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་དབུས་རྒྱུན་སྐབས་ ༥ པའི་ལས་དོན་ངོ་སྤྲོད་གནང་སྐབས། འདས་པའི་ལོ་གསུམ་རིང་རྒྱ་གར་གཙོ་བོར་གྱུར་བའི་ཐའེ་ཝན་དང་ཨ་རི་སོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ཀྱང་། ཨ་རི་དང་ཡུ་རོབ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་གསར་བརྗེ་ཤུགས་ཆེན་འབྱུང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གི་བཙན་གནོན་འོག་ད་ལྟའི་བར་བོད་མི་ ༡༢༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་དང་། དེ་བཞིན། ༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་དང་འབྲེལ་སྲིད་སྐྱོང་གསར་འདེམས་བྱུང་བ་སོགས་བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཆེན་པོ་ཞིག་ཏུ་བསླེབས་ཡོད་ཀྱང་།  དུས་ཀྱི་འགྱུར་བ་དང་བསྟུན་པའི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་དང་། དེ་བཞིན་དཔལ་འབྱོར་གྱི་ཆ་ནས་ཐོག་མར་རྒྱུན་ལས་སྐབས་བཞི་པས་ཁྱོན་ཧིན་སྒོར་འབུམ་ ༨༦ ལྷག་རྩིས་སྤྲོད་གནང་བ་དེ་ད་ལྟ་འབུམ་ ༩༣ ཡས་མས་ཤིག་ལ་འཕར་ཡོད་སྐོར་དང་། ཚོགས་མི་ ༥༣ ཙམ་གསར་ཞུགས་གནང་ཡོད་པ་སོགས་འདས་པའི་ལོ་གསུམ་རིང་ཚོགས་པ་ཉམས་རྒུད་དུ་གཏན་ནས་སོང་མེད་སྐོར་བརྗོད་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ལགས་ཀྱིས་གསུང་བཤད་གནང་དོན། “ཕྱི་རྒྱལ་ཁག་ན་བོད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད། གཞུང་དང་དཔོན་རིགས་ཚོས་ཀྱང་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། ང་ཚོའི་འདོད་པ་ལྟར་རྒྱབ་སྐྱོར་གནང་ཐུབ་ཀྱི་མེད་ལ། དེ་བཞིན་ང་ཚོ་བོད་པར་དགའ་མོས་བྱེད་མཁན་དང་གྲོགས་པོ་མང་པོ་ཡོད་པ་རེད། ཡིན་ནའང་། ཁོ་ཚོ་ཁག་ཅིག་གིས་དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་གིས་མིང་ཙམ་མ་གཏོགས་རང་མགོ་ཡང་ཐོན་གྱི་ཨེ་ཡོད་བསམ་པ་ཞིག་ཡོད་སྟབས། བོད་ཀྱི་བདེན་མཐའ་སེལ་བར་ཕྱི་རྒྱལ་རོགས་ཚོགས་གཅིག་པུ་ལ་བརྟེན་ནས་བསྡད་པ་ཡིན་ན་ཕལ་ཆེར་ཁག་པོ་རེད་དྲན་གྱི་འདུག ང་ཚོ་བོད་པ་ཚང་མར་བོད་ཀྱི་བདེན་མཐའ་སེལ་བའི་འགན་ཡོད་པ་ལྟར། ང་རང་ཚོས་འགན་ཁུར་དགོས་པ་ལས་ང་ཚོས་འགན་མ་འཁུར་བ་ཡིན་ན། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱབ་སྐྱོར་གནང་བ་ཡིན་ནའང་ནུས་པ་ཞེ་དྲག་ཐོན་འཐུབ་ཀྱི་མ་རེད།”ཅེས་གསུངས་སོང་།

དགུ་བཅུ་གསུམ་གྱི་རྒྱུན་ལས་གསར་འདེམས་སྐོར་ལ་ཁོང་གིས། “ མ་འོངས་པར་དགུ་བཅུ་གསུམ་གྱི་དབུས་རྒྱུན་ལ་སུ་ཞིག་བསླེབ་པ་ཡིན་ནའང་རྒྱབ་སྐྱོར་བྱ་རྒྱུ་དེ་ཁྱེད་རང་ཚོ་ཚང་མའི་ལས་འགན་རེད། རྒྱབ་སྐྱོར་བྱས་པ་དང་མཉམ་དུ་ཕྱག་ལས་ཧུར་བརྩོན་གནང་རོགས་ཟེར་ནས་རེ་འདུན་ཞུ་དགོས་པ་རེད། ཁོ་ཚོས་མ་གནང་པ་ཞིག་ཡོད་ན་དེ་གནང་རོགས་ཟེར་དགོས་དང་། ད་དུང་མ་གནང་བ་ཡིན་ན་ཁོ་རང་ཚོའི་ནོར་འཁྲུལ་རེད།  ཁོ་ཚོས་གནང་བ་དེར་ང་ཚོས་རྒྱབ་སྐྱོར་བྱས་པ་ཡིན་ན། དགུ་བཅུ་གསུམ་ཕྱུག་པོ་དང་རྡོག་རྩ་གཅིག་སྒྲིལ་ཆགས་ཀྱི་རེད། དེ་འདྲ་བྱུང་བ་ཡིན་ན། བོད་ནང་ཡོད་པའི་ཁྱེད་རང་ཚོའི་ཕ་མ་སྤུན་མཆེད་ཚོས་གོ་བ་ཡིན་ནའང་དགའ་འོས་པ་ཞིག་ཆགས་སྟབས། གང་ལྟར་གཞིས་ལུས་བོད་མི་ཚོས་བཙན་བྱོལ་བོད་མི་རྣམས་ཀྱིས་དངོས་གནས་བོད་དོན་ཡག་པོ་བསྒྲུབ་ཀྱི་འདུག་བསམ་པའི་ཚོར་བ་དང་སེམས་ཤུགས་སྤར་ཐུབ་པ་ཞིག་བཟོ་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་རེད། ”ཅེས་སོགས་གསུངས་སོང་།  

ཚོགས་ཆེན་གྱི་ཉིན་གྲངས་གསུམ་རིང་གི་ལས་རིམ་ཁག་ནི། རྒྱུན་ལས་སྐབས་ལྔ་པའི་རྩིས་ཁྲར་ཞིབ་འཇུག་དང་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཆོད་ལ་བསྐྱར་ཞིབ་དང་མཇུག་སྐྱོང་གནང་ཕྱོགས། སྒྲིག་གཞི་བསྐྱར་བཅོས། ༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་རྒྱ་གཞུང་གི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སོགས་མངོན་ལྐོག་གི་སྲིད་བྱུས་སྣ་ཚོགས་ལ་གདོང་ལེན་གནང་ཕྱོགས། དེ་བཞིན། བོད་ནང་གི་གནས་བབ་ལ་གཞིགས་ནས་ལས་འགུལ་སྤེལ་ཕྱོགས་དང་། ཆབ་སྲིད་བཙོན་ཟུར་ནང་ཁུལ་དུ་ཆིག་སྒྲིལ་གཏོང་ཐབས། ས་གནས་ཡན་ལག་དགོས་མིན་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་དང་། ཚེས་ ༢༩ ཉིན་གྲོས་ཆོད་འཇོག་རྒྱུ་དང་སྐབས་དྲུག་པའི་རྒྱུན་ལས་གསར་འདེམས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. གངས་ལྡོམ། says:
    ལོ་ 13 སྔོན།

    ག་རེ་བཤད་གི་ཡོད་རེད། ༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་པ་དང་། སྲིད་སྐྱོང་གསར་འདེམས་བྱུང་བ་སོགས་ནི་དགུ་བཅུ་གསུམ་རང་གི་གྲུབ་འབྲས་ཡིན་པ་ཞིག་ལབ་གི་འདུག ཧཧཧཧཧཧ

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ཡག་པོ་ཞེ་དྲག་བྱུང་ཤག ཧིན་སྒོར་འབུམ༨༦དེ་བཞིན༩༣ལ་སྤར་ཐུབ་འདུག གལ་སྲིད་དེ་དག་བརླག་སོང་བ་ཡིན་ན་ག་རེ་གནང་དགོས་པ་རེད། རྡ་ས་ན་ཧིན་སྒོར་ཁུར་ནས་བྲོས་སོང་བ་དང་ད་དུང་ཧམ་གཏམ་བཤད་ནས་མ་ཁུར་མདོག་མདོག་གིས་འདུག་མཁན་ག་ཚད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese