མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དར་ཆུ་ལ་གཡུགས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ཁོངས་སུ་དར་དམར་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་བར། མི་མང་གིས་དང་ལེན་མ་བྱས་སྟབས་མི་མང་ལ་དམ་དྲག་དང་འཛིན་བཟུང་བྱས་འདུག

ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ནས་འབྲི་རུ་རྫོང་ལ་བོད་རང་སྐྱོང་ལྗོངས་དང་ནག་ཆུ་ས་གནས་དང་། དེ་བཞིན། ས་གནས་ཁག་གི་རྒྱ་གཞུང་གི་ལས་བྱེད་ ༡༨༠༠༠ ལྷག་ཙམ་འབྱོར་ཏེ།  ཡུལ་མི་ཚོར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་། རྒྱ་ནག་གི་རྒྱལ་དར་ཁང་ཐོག་ལ་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་དང་། བསམ་བློའི་སློབ་གསོ་རྒྱག་མགོ་ཚུགས་ནས་མང་ཚོགས་དང་ལས་བྱེད་བར་མི་མཐུན་པའི་འགལ་ཟླ་མགོ་ཚུགས་ཡོད་འདུག

ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་ ༩ ཚེས་ ༢༨ ཉིན་བཙན་ཤེད་ཀྱིས་དར་དམར་འཛུགས་དགོས་པའི་བཀའ་ཕབ་ཡོད་ཀྱང་། མོ་བ་གྲོང་ཚོའི་གྲོང་མི་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་དར་དམར་ཚང་མ་ཆུ་ལ་གཡུགས་ཡོད་སྟབས། རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་འབོར་ཆེན་འབྱོར་ཏེ་མང་ཚོགས་དང་དམག་མིའི་བར་གདོང་ཐུག་བྱུང་ནས་ཆུ་ཚོད་ ༣ རིང་ཕན་ཚུན་རྡོ་དང་མེ་མདའི་དྲག་འཐབ་བྱུང་མཐར་མོ་བ་གྲོང་ཚོ་དང་། སྨོན་ཆེན་གྲོང་ཚོ་ཚང་མ་དམག་གིས་བསྐོར་ཡོད་འདུག ཉིན་དེར་ཉེ་འགྲམ་གྱི་སྟག་ལྷས་གྲོང་དང་། བ་རོ། སྣེ་ཤོད། ཕྲ་རིང་བཅས་ནས་དྲག་གནོན་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་མཁན་བོད་མི་ ༤༠ རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད། མང་ཚོགས་ནང་གནས་ཚུལ་བཟོ་མཁན་དང་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཕྲུ་གུ་སློབ་གྲྭར་འགྲོ་མི་ཆོག་པ་དང་། ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། རྗེས་སུ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་བཅས་ཀྱི་བཙན་བཀའ་བཏང་ཡོད་སྟབས། ས་གནས་དེ་གའི་སློབ་མ་མང་པོ་སློབ་གྲྭ་ནས་ཐོན་ནས་སོ་སོའི་ནང་ལ་ལོག་ཡོད་འདུག

ཚེས་༢༨ དགོང་མོའི་ཆུ་ཚོད་༧ ཙམ་ནས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་མང་ཚོགས་ ༡༠༠༠ ལྷག་ཙམ་གྱིས་ཆུ་ཚོད་ཉེར་བཞིའི་རིང་ཉལ་ནས་ཟས་བཅད་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག  ངོ་རྒོལ་བྱེད་མཁན་གྲོས་ཟླ་བ་གཉིས་ལས་མ་སོན་པའི་ཕྲུ་གུ་དམར་འབྱར་སོགས་ཀྱང་ཁྱེར་ནས་འབྱོར་ཡོད་པ་དང་། ལོ་ན་རྒན་ཤོས་ལོ་ ༨༣ བསླེབས་པ་ཡང་ཡོད་འདུག མཚན་མོ་དེར་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུ་དབྱིང་ཅིས་དང་ས་གནས་དབུ་ཁྲིད་རྡོ་ཐོགས་བཅས་བསླེབས་ཏེ། འཛིན་བཟུང་བྱས་པའི་མི་སྣ་དེ་དག་ཀློད་གྲོལ་བཏང་ཡོད་འདུག་ཀྱང་། མི་དེ་དག་གི་མགོ་ལུས་ཡོངས་རྫོགས་ལ་ལྕགས་དབྱུག་གཞུས་ནས་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། མར་གཏོང་སྐབས་པར་མང་པོ་བརྒྱབ་པ་མ་ཟད། ལག་རིས་སོགས་ཀྱང་པར་བརྒྱབ་ནས་ཀློད་གྲོལ་བཏང་ཡོད་འདུག འཛིན་བཟུང་བྱས་པའི་མི་དེ་དག་ནི་སྟག་ལྷས་དང་། བ་རོ། སྣེ་ཤོད། ཕྲ་རིང་ས་གནས་བཅས་ནས་ཡིན་འདུག

དེ་བཞིན། མོ་བ་གྲོང་དུ་དམག་སྒར་ཆེ་བ་གཅིག་དང་སྨོན་ཆེན། ཕྲ་རིང་བཅས་ལ་དམག་སྒར་ཆུང་བ་ཁག་གཅིག་དང་ཞིབ་བཤེར་ས་ཚུགས་ཁག་ ༦ ཙམ་བརྒྱབ་ཡོད་འདུག ཟླ་ ༡༠ ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ནས་དམག་མི་སྟོང་ཕྲག་མང་པོ་འབྲི་རུར་ཕྱིན་སོང་ཟེར་གྱི་འདུག

ད་དུང་ཉེན་རྟོག་པས་བོད་མི་མང་པོ་ཞིག་ཉིན་རེ་བཞིན་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་འདུག་ཀྱང་། ཁ་པར་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་ཡོད་སྟབས། མི་དེ་དག་ལ་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་ཤེས་རྟོགས་དཀའ་བ་དང་། གྲོང་པ་ཁག་གཅིག་གི་མི་ཚང་རེ་རེའི་སྒོ་ཁར་དམག་མི་བདུན་ནས་བཅུའི་བར་ཉིན་མཚན་རེས་མོས་བཞིན་སྡོད་བཞིན་འདུག་ཟེར། མ་གཞི་ཛ་དྲག་གི་གནས་ཚུལ་འདི་དག་གྲོང་སྡེ་གཅིག་གཉིས་ཤིག་མ་ཡིན་པར་འབྲི་རུའི་ལུང་པ་སྤྱི་ཡོངས་ལ་དཀའ་ངལ་འཕྲད་ཡོད་འདུག

དེང་སྐབས་ཁམས་འབྲི་རུ་རྫོང་དུ་རྒྱ་དམར་གུང་ཁྲན་ཚང་གིས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སླར་ཡང་བསླེབས་པ་ལྟ་བུ་འདུག་ཅེས་ས་གནས་མང་ཚོགས་ཀྱོས་རྗོད་བཞིན་ཡོད་འདུག ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་ལ་མང་ཚོགས་ཁྲོད་དུ་བཅའ་སྡོད་ལས་བྱེད་འབོར་ཆེན་བཏང་སྟེ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བའི་བརྒྱུད་རིམ་ཁྲོད་འབྲི་རུ་རྫོང་ལ་ད་ལྟའི་བར་གྲུབ་འབྲས་གང་ཡང་ཐོན་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    རེ་ཞུའི་ཡིག་ཆུང་འདི་རུ་བཀོད་འདུག་ཀྱང་། གསུང་ལན་འདི་ཡིན་ཐོས་རྒྱུ་མི་འདུག་གོ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བཙན་དབང་མེ་མདའི་འོག་ཏུ། རང་དབང་མགོ་བོ་མི་སྒུར།
    དམར་དབང་དམག་ཤུགས་ཅན་གྱི། སྲིད་དབང་དམངས་ཀྱིས་འཕྲོག་ངེས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ངའི་འཕྲུལ་གྲོགས་ཤིག་གི་འདི་འདྲ་ཞིག་སྤེལ་འདུག

    ༼༢༠༡༣ལོ་ཟླ་བ་༩ ཚེས་༢༩ དགོང་མོ་སློབ་མ་༤༠༠༠ ཙམ་གྱི་སློབ་གྲའི་ནང་ལ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག་།
    སྐབས་དེ་དུས་དགེ་རྒན་ཚོའི་བཀག་འགོག་བྱས་སྐབས་སློབ་མ་ཚོའི་དགེ་རྒན་ཁག་གཅིག་ལ་ཉེས་རྡུང་གཏོང་འདུག་།
    སྤྱིར་འབྲི་རུ་རྫོངས་ཀྱི་ནང་ལ་སློབ་ཕྲུག་བཞི་སྟོང་ཡོད་པའི་ནང་ནས་སློབ་མ་༦༠ མ་ཏོག་སློབ་མ་ཆ་ཚང་ཐོག་མར་ཕྱིར་འབུད་གཏོང་འདུག།
    སློབ་མ་༦༠ ཐམ་པ་ནི་ལས་བྱེད་པའི་ཕྲུ་གུ་རེད་འདུག་། སློབ་མ་ཚང་མ་ཁ་འཐོར་ཡ་འཐོར་དུ་སོང་ནས་སློབ་མ་
    ཁག་གཅིག་ད་ལྟའི་གནས་སྐབས་སུ་ནང་ལ་འབྱོར་མི་འདུག་པའི་ཕ་མ་དང་ནང་མི་རྣམས་ཧ་ཅང་སེམས་ཁྲལ་དང་སྡུག་བསྔལ་ངང་གནས་འདུག། དེ་རིང་༢༠༡༣ ཟླ་བ་༡༠ ཚེས་༢ ཉིན་ད་དུང་ཡུལ་མི་མང་པོ་ཞིག་གི་རྒྱ་གཞུང་གི་བོད་མི་རྩ་མེད་གཏོང་ཡག་གི་ཆབ་སྲིད་ཀྱི་བྱ་ངན་དེ་དག་ལ་ངོ་རྒོལ་བྱེད་ནས་མུ་མཐུད་གཞུང་ལམ་ལམ་ཆེན་ཐོག་ཉལ་ནས་སྡད་འདུག་།
    མི་དམངས་དེ་ཚོའི་འཕྲོད་རྟེན་དང་བདེ་ཐང་ལ་ཧ་ཅང་ཉེན་ཁ་ཆེན་པོ་རེད་འདུག་།
    གཙོ་བོ་ཞི་རྒོལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༼སློབ་མ་སློབ་གྲ་ནས་ཕྱིར་འབུད་གཏོང་བ་དང་གཅིག་། ༽
    ༼ནད་པ་སྨན་བཅོས་བྱེད་ཀྱི་མིན་ལབ་པ་དང་གཉིས་།༽ ༼འབྲོག་པ་དབྱར་རྩ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་ལབ་པ་དང་གསུམ།༽ ༼སྐར་ལྔའི་དར་དམར་ཁང་ཐོག་ཏུ་བསྒྲེངས་དགོས་པའི་བཙན་བཀའ་གཏོང་བ་དང་བཞི།༽ དེང་རབས་ཅན་གོ་མཚོན་ཆ་ཚང་བའི་དམག་མི་དང་ཉེས་རྟོགས་པ་ཁྲི་གཅིག་ལྷག་དང་བཅའ་སྡོད་ལས་བྱེད་ཆིག་ཁྲི་བརྒྱད་སྟོན་ཙམ་འབྲོག་པ་མང་ཚོགས་ཐོག་ལ་རྒྱ་སྟག་ལུག་ལ་མཆོང་བ་ནང་བཞིན་ཞི་བའི་ཉམས་ཆུང་མང་ཚོགས་ཐོག་ལ་མཆོང་ཡོང་བ་སོགས་ལ་རྟེན་ནས་ཞི་རྒོལ་མི་བྱེད་དཀའ་མེད་བྱུང་བ་རེད་འདུག་། ༢༠༡༣ ཟླ་བ་༡༠ ཚེས་༢ ཉིན་འབྲི་རུ་བ་༼མིག་ཆུ་༽ནས་བྲིས། ཡིག་ནོར་མང་བའི་དགོངས་དག།༽

    Reply
  4. བསྟན་པ། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་དེང་སང་དྲ་སྣང་ན་མཐོང་རྒྱུ་མིན་འདུག་པས། འབྲི་རུ་རྫོང་དུ་ཕྱིན་པ་མིན་ནམ་སེམས། གང་ལ་ཞེ་ན་འབྲི་རུ་རྫོངས་ཀྱི་བོད་མི་ཚོས་རྒྱ་དར་ཆུ་ལ་བསྐྱུར་བཞིན་པའི་སྐབས་ཡིན་པ་དང་། ཕལ་ཆེར་ཁོས་རྒྱ་དར་དེ་ཚོ་ཕྱིར་བསླངས་ནས་འབྲི་རུ་རྫོངས་པ་ཚོས་ཁ་ཐོག་ཏུ་བཙུགས་ན་དབུ་མའི་ལམ་དང་མཐུན་ལུགས་ཁ་ཏ་བྱེད་ཀར་ཕྱིན་པ་མིན་འགྲོ སྐུ་རྩེད་ཡིན། ཁྱེད་ཚེ་རིང་།

    Reply
  5. བཙན་ནག་པས། says:
    ལོ་ 13 སྔོན།

    གཞི་ལུས་བོད་པས་དམར་དར་བགྲེང་བ་ལ།
    རང་སྲོག་བློས་བཏང་ངོ་རྒོལ་བྱེད་བཞིན་དང་།
    བཙན་བྱོལ་མི་སྣས་དམར་དར་མགོ་ཐོག་བགྲེང་།
    བོད་ལ་ལོག་རྒྱུའི་བསམ་པ་གོད་རེ་བྲོ།
    གཞི་བྱེས་འབོད་སྒྲ་གཅིག་མཐུན་མེད་པ་འདི།
    བོད་དོན་སྒྲུབ་པའི་དགག་རྡོ་དང་པོ་ཡིན།།

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས། གུས་མོས་ཟིན་བྲིས་ཀྱི་སྒོ་ཕྱེ་ཐུབ་ཀྱི་མི་འདུག་ན། རྒྱུ་མཚན་ག་རེས་ཡིན་ལམ་སྟོན་ཞིག་གནང་རོགས། ཞབས་མཆན་འཇོག་ཐུབ་ཀྱི་འདུག འོན་ཀྱང་དེ་ཙམ་པོས་ཟིན་བྲིས་སྒོ་འབྱེད་ཐུབ་ཀྱི་མི་འདུག སྒོ་མ་ཕྱེས་ནས་དུས་ཚོད་ཡུན་རིང་འགོར་སོང་བས་རེད་དམ། གསུང་ལན་ཞིག་གནང་བར་མཁྱེན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese