མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པའི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ཕུར་བའི་ཞོགས་པར་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་ཀྱིས། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་དུ་ལས་ཁུར་དམ་འབུལ་གནང་སོང་།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཇལ་འཕྲད་ཁང་དུ། ཉེ་ལམ་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཚོགས་སོང་ལ། དམ་འབུལ་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ། བདམས་ཐོན་ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྒྱུན་ལས་དང་། སྲིད་སྐྱོང་བློ་བཟང་སེང་གེའི་དབུས་བཀའ་བློན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་བཅས་འདུ་འཛོམས་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བདམས་ཐོན་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་ནས་རྟེན་གསུམ་འདེགས་འབུལ། བདམས་ཐོན་ཁྲིམས་ཞིབ་པས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་འཁུར་དམ་འབུལ་བཅས་གནང་རྗེས། མཛད་གཙོ་རྣམ་པ་དང་། དྲུང་ཆེ་དང་འགན་འཛིན་རྣམ་པས་བདམས་ཐོན་ཁྲིམས་ཞིབ་པར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་བཅས་གནང་སོང་།  

ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་ནི་བོད་ནས་སྐྱེས་ཤིང་། ༡༩༥༩ ལོར་འབྲུག་བརྒྱུད་བཙན་བྱོལ་དུ་འབྱོར་རྗེས་ཨ་སམ་དང་ཨོ་རི་ས་བཅས་སུ་གནས་སྡོད་ཀྱིས་འཛིན་རིམ་བཞི་བའི་བར་སློབ་སྦྱོང་དང་། དེའི་རྗེས་པ་ཆ་མ་རི་བོད་གཞུང་གཏན་སློབ་དང་མ་སུ་རི་བཅས་སུ་སློབ་སྦྱོང་གནང་སྟེ་འཛིན་རིམ་བཅུ་གཅིག་སློབ་ཐོན་བྱུང་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ཕྱག་ལས་གནང་ཞོར་མཐོ་སློབ་ཀྱི་སློབ་སྦྱོང་གནང་ཏེ་ལག་ཁྱེར་བླངས་ཡོད་ལ། ཨ་རིའི་ཨིན་ཌི་ཡ་ན་མཐོ་སློབ་དུ་འཛིན་སྐྱོང་གི་སློབ་སྦྱོང་དང་། ཝེ་སི་ཀོན་སིན་མཐོ་སློབ་དུ་རྒྱལ་སྤྱིའི་ཆབ་སྲིད་ནང་གི་རྒྱ་ནག་གི་གནས་བབ་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐོག་སློབ་སྦྱོང་བྱས་ཡོད། ༡༩༧༥ ལོར་གཞུང་ཞབས་ལས་བྱེད་ཀྱི་ཁོངས་སུ་ཞུགས་ཏེ། ད་ལྟའི་བར་ཨོ་རི་ས་རིམ་གདན་བཟོ་གྲྭའི་རྩིས་པ་དང་གཞིས་ཆགས་ཀྱི་སྐད་དྲུང་། ནང་སྲིད་ལས་ཁུངས་ཀྱི་གཞོན་དྲུང་། ཀུ་ལུ་བདེ་དོན། ངྷ་ས་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན། ལ་དྭགས་གཞིས་སྤྱི། ལྷོ་སྤྱི། བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན། ནང་སྲིད་དྲུང་འཕར། ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར། བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་དྲུང་ཆེ། བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བཅས་བཅས་ཕྱག་ལས་རབས་དང་རིམ་པ་གནང་ཡོད་པ་མ་ཟད། ཉེ་ལམ་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་གྱིས་དེ་རིང་ནས་བཟུང་དངོས་སུ་ལས་འཁུར་ཞུ་བཞིན་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 1

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    ཉེ་ལམ་གྲོས་ཚོགས་རྭ་བའི་ནང་ནས་འོས་འདེམས་ཀྱི་སྒྲིག་གཞི་གསར་བ་ཞིག་བརྒྱུད་ཁྲིམས་ཞིབ་པར་འོས་ཐོན་བྱུང་བའི་སྐུ་ཞབས་ངག་དབང་ཆོས་གྲགས་ལགས་སུ་འཚམས་འདྲི་ཞུ། སྐུ་ཉིད་ལོ་ན་རྒས་ཀྱང་གསར་ཚུགས་དོད་པ་དེ་གུས་མོས་སྣང་བར་འགྲོ་ཤོས་ཡིན། དེ་བཞིན་ཉིད་ཀྱི་མི་ཚེ་ཧྲིལ་བོ་བཙན་བྱོལ་སྲིད་གཞུང་གི་སྐྱིད་སྡུག་དང་འདྲེས་ཤིང་གཤིབ་ནས་ཡོང་བ་ཞིག་ཡིན་པའི་ངོས་ནས་རྒྱུས་ཆེ་ཞིང་། ཁྲིམས་ཞིམ་པར་འོས་འཚམས་སུ་མཐོང་། སླར་ཡང་བཀྲ་ཤིས་བདེ་ལེགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese