མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིན་ལ་ལོ་ ༣ གྱི་རོཊ་རམ་རག་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སློབ་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ཅིག་གི་མཐུན་འགྱུར་འོག་ཁྲིན་ཀང་ཁྲུན་གྱིས་མུ་མཐུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་གནང་རྒྱུ་ཡིན་འདུག

ཁ་སང་ཨ་རིའི་ཤར་ཕྱོགས་ཀྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གསར་འགོད་པའི་སྤྲོ་ཚོགས་ཁང་དུ་ཨ་རིའི་གནམ་བདག་ཆོས་ལུགས་སློབ་ཆེན་དང་ཝེ་ཊིར་སུ་ཕོན་ཞིབ་འཇུག་གླིང་ (the Witherspoon Institute)། ལན་ཊོ་སུ་འགྲོ་བ་མིའི་ཐོབ་ཐང་དང་བདེན་དོན་ཐེབས་རྩ་ཁང་(the Lantos Foundation for Human Rights and Justice)བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཁྲིན་ཀང་ཁྲུན་ལགས་ལ་སློབ་ཞུགས་ཀྱི་མཐུན་འགྱུར་བསྐྲུན་ཏེ། མུ་མཐུད་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་གནས་བབ་ལ་ཞིབ་འཇུག་བྱེད་དུ་འཇུག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

ཝེ་ཊིར་སུ་ཕོན་ཞིབ་འཇུག་གླིང་གི་ཆོས་ལུགས་དང་རྩ་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཧྥོ་ལན་ཁེ་ཡིས། མ་འོངས་པའི་ལོ་ངོ་ ༣ རིང་ཁྲིན་ལ་མཐུན་འགྱུར་བསྐྲུན་ཏེ་ཞིབ་འཇུག་བྱ་རྒྱུ་ཡིན་ཡང་། མཐུན་འགྱུར་གྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་ན་སྟབས་བདེ་མིན་ལུགས་བརྗོད་འདུག

གསར་འགོད་ལྷན་ཚོགས་ཐོག་ཁྲིན་ཀང་ཁྲུན་ལགས་ཀྱིས། མ་འོངས་པར་དཀའ་ངལ་ག་རེ་འཕྲད་ཀྱང་འཕྱར་གྲུ་མཉམ་འདེགས་ཀྱིས་མཉམ་ལས་འབྲེལ་བ་དམ་འཛིན་བྱས་ཏེ་རྒྱ་ནག་མི་མང་དང་ལྷག་པར་དུ་མིའི་རིགས་ཀྱི་རང་དབང་དང་ཐོབ་ཐང་སོགས་ལ་སྲུང་སྐྱོབ་ཆེད་སྔར་ལས་འབད་བརྩོན་བྱ་རྒྱུ་ཡིན་པ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་ཐུབ་པ་ཡིན་ན། དབང་ཆ་གཅིག་སྡུད་པས་འགལ་རྐྱེན་ཇི་ལྟར་བཟོས་ཀྱང་འཛམ་གླིང་གི་རང་དབང་སུས་ཀྱང་ཡོངས་སུ་སྟངས་འཛིན་བྱེད་མི་ཐུབ་ལ། རང་ཉིད་ཀྱིས་སྒྲུབ་མི་འདོད་པ་མི་བསྒྲུབ་པ་དེ་དབང་ཆ་སྒེར་གཅོད་པའི་ལག་འོག་ཏུ་ཡོད་པའི་མི་མང་གིས་འཚོལ་སྙེག་བྱེད་བཞིན་པའི་རང་དབང་ཡིན་ལུགས་སོགས་བརྗོད་འདུག

ད་ལྟའི་ཆར་ཁྲིན་ཀང་ཁྲུན་བཟའ་མི་ ༤ ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པ་དང་། ཁྲིན་གྱི་བུ་རང་ལོ་ ༡༢ ཡིན་པ་ཁྲིན་ཁེ་རའི་དང་བུ་མོ་ལོ་ ༨ ཅན་ཁྲིན་ཁེ་སི་གཉིས་ནེའུ་ཡོག་ཏུ་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། མ་འོངས་པར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་གནས་སྤོར་བྱ་འཆར་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ ཉིན་ཁྲིན་བཟའ་མི་ ༤ རྒྱ་ནག་པེ་ཅིན་ནས་ནེའུ་ཡོག་ཏུ་གནས་སྤོར་བྱས་ཏེ། ལོ་གཅིག་ཙམ་རིང་ནེའུ་ཡོག་སློབ་ཆེན་གྱིས་ཁོ་ཚོར་འཚོ་བའི་རོགས་རམ་དང་། ཁྲིན་ལ་ཁྲིམས་ལུགས་ཞིབ་འཇུག་གི་གོ་སྐབས་སྤྲད་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ནེའུ་ཡོག་སློབ་ཆེན་གྱིས་མུ་མཐུད་རོགས་རམ་བྱེད་མི་ཐུབ་པ་མ་ཟད། ཁྲིན་ཀང་ཁྲུན་ནེའུ་ཡོག་སློབ་ཆེན་ནས་འབུད་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་། བརྒྱུད་ལམ་ཁག་ནས་ཐག་གཅོད་དེ་རྒྱ་ནག་གི་གནོན་ཤུགས་ཡིན་སྐོར་བརྗོད་ཀྱང་ནེའུ་ཡོག་སློབ་ཆེན་གྱིས་གཏན་ནས་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist