མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུ་ནས་རྩོམ་པ་པོ་ཞོགས་དྲིལ་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་པིར་མིང་ལ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག 

ཟླ་འདིའི་ཚེས་ ༡༡ ཉིན་མཚན་མོའི་ཆུ་ཚོད་ ༡ ཙམ་ལ། འབྲི་རུ་རྫོང་ཉེན་རྟོག་མི་སྣ་ཁ་ཤས་གློ་བུར་དུ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་འབྱོར་ཏེ། ཞོགས་དྲིལ་སྡོད་ཁྱིམ་དུ་འཛུལ་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་དཀྲུག་ཤིང་བྱས་པའི་ཉེས་མིང་དང་། ཉེ་ཆར་ནགས་ཤོད་འབྲི་རུ་རྫོང་མོ་བ་གྲོང་དང་སྨོན་ཁྱིམ་གྲོང་། ཟླ་ཐང་ཤང་། དེ་བཞིན། རྫོང་གི་སློབ་གྲྭ་དང་མི་དམངས་བཅས་ཀྱིས་ཟས་བཅད་ངོ་རྒོལ་སོགས་བྱས་སྐབས། ཁོས་རྫོང་ཐོག་ཏུ་སྐད་ཆ་འདྲ་མིན་བཤད་ཡོད་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་འདུག ད་དུང་སྡོད་ཁང་སྔོག་བཤེར་བྱས་ཏེ་ཁོང་གི་གློག་ཀླད་དང་ཁ་པར། དཔེ་དེབ་སོགས་ཀྱང་བཙན་འཕྲོག་བྱས་ཡོད་འདུག 

དེའི་ཕྱི་ཉིན་སྔ་དྲོར་ཁོང་གི་གྲོགས་པོ་གཡུལ་རྒྱལ་ཡང་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་གློ་བུར་འཛིན་བཟུང་བྱས་ཡོད་པ་དང་། གཡུལ་རྒྱལ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་གོང་མཚུངས་ལྟར། རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ཀ་བྱས་པ་དང་།  སྐད་ཆ་འདྲ་མིན་བཤད་ནས་སྤྱི་ཚོགས་བརྟན་ལྷིང་ལ་ཕུང་དཀྲུག་བྱས་པ་སོགས་ཀྱི་ཉེས་མིང་གཡོགས་ཡོད་འདུག

ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་ཞོགས་དྲིལ་ལགས་ནི། ད་ལྟ་རང་ལོ་ ༢༧ ཡིན་པ་དང་ཁོང་གི་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་འདུག ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་འགྲིམས་པ་དང་། ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲར་ཞུགས་ཏེ་ནང་ཆོས་གཙོས་པའི་བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་སོགས་ལ་སློབ་གཉེར་གནང་ཡོད་ཅིང་། ༢༠༠༩  བར་སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་།  སྡེ་དགེ་ཞེ་ཆེན།   སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར།  ཨ་མདོ་རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲ་སྐོར་ལ་ཕེབས་ཡོད་འདུག

༢༠༠༩  ལོའི་མཇུག་ཏུ་སྐྱ་སར་བབས་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ཏེ་ད་བར་ལོ་ ༤ རིང་རྒྱ་ཡིག་གི་ལམ་ནས་རྩོམ་རིགས་སྐོར་ཆེད་སྦྱང་གནང་མུས་ཡིན་ཡང་། ད་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གཞུང་གིས་ཞོགས་དྲིལ་དང་སློབ་ཕྲུག་གཞན་ཁ་ཤས་ཀྱིས་ནམ་རྒྱུན་ནུབ་བྱང་མ་རིགས་སློབ་ཆེན་ནང་ཁྲིམས་འགལ་ཐོག་བགྲོ་གླེང་གོ་སྒྲིག་བྱེད་ཀྱིན་ཡོད་པའི་ཉེས་འཛུགས་བྱས་ཏེ་སློབ་གྲྭ་ནས་ཕྱིར་འཕུད་བཏང་ཡོད་འདུག ཕྱི་ཟླ་ ༦ པའི་ནང་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ལོག་ནས་ <<  མི་རབས་གསར་པའི་མགྲོན་ཁང  >>ཞེས་པ་ཞིག་བཙུགས་ཏེ། ཞོར་དུ་ཟུར་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། ན་གཞོན་ཚོར་བོད་རྒྱ་ཡིག་རིགས་གཉིས་ནས་རིན་མེད་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག 

༢༠༠༧ ལོར་ཁོང་གིས  << ཁ་བ་ལ་འཁྲེང་བའི་དུང་སེམས་ཀྱི་ཅོང་སྒྲ > ཞེས་པ་དང << གངས་རིའི་ལས་དབང >> ཅེས་པའི་རྩོམ་དེབ་གཉིས་སྔ་ཕྱིར་དཔར་སྐྲུན་བྱས་རྗེས་ཀློག་པ་པོ་ཚོས་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། ༢༠༡༢ ལོ་ནས་རིམ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོང་དང་སློབ་མ་ཁ་ཅིག་མཉམ་རོབ་ཐོག་<< མི་རབས་གསར་པ >> ཅེས་པའི་ལོ་དེབ་རྩོམ་སྒྲིག་བྱས་ཡོད་པ་དང་། ད་དུང་རྒྱ་ཡིག་ཐོག་ <<秀真博客 >>ཞེས་པའང་གཉེར་གྱི་ཡོད་ཅིང་། གཞན་ཁོང་གིས་ནམ་རྒྱུན་རྩོམ་ཡིག་སྤེལ་སའི་དྲ་ངོས་ཀྱི་ཟིན་བྲིས་http://xiuzheng.tibetcul.com/131613.html#253254 ཞེས་པ་འདི་ད་ལྟ་རྒྱ་གཞུང་གིས་སྒོ་བརྒྱབ་ཡོད་འདུག

ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་པའི་གཡུལ་རྒྱལ་ལགས་ནི་ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་དུ་འགྲིམས། ༢༠༠༥ ལོར་རྫོག་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་གིས་ལོ་ ༧ ལས་ཀ་བྱས་ཡོད་ཀྱང་། ཉེན་རྟོག་པའི་ལས་ཀ་ནི་ཆབ་སྲིད་ཀྱི་ལས་ཀ་རྐྱང་རྐྱང་ཡིན་སྟབས་ཁོང་གིས་མུ་མཐུད་བསྒྲུབ་འདོད་མ་བྱུང་བར། ༢༠༡༢ ལོར་རང་འགུལ་ཐོག་རྩ་དགོངས་ཞུས་ཏེ་རྫོང་ཐོག་ཏུ་ཚོང་ལས་གཉེར་གྱིན་ཡོད་འདུག ཁོང་གིས་ཉེན་རྟོག་པའི་ལས་ཀ་བྱས་རིང་ཕ་ཡུལ་གྱི་མི་དམངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག

གཡུལ་རྒྱལ་ལགས་ཀྱི་བཟའ་ཟླའི་མིང་ལ་ལྷ་སྐྱིད་སྒྲོལ་མ་ཟེར་ཞིང་ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    “ང་འདི་ལྟར་ཕུགས་བསམ་ཞིག་གི་ཆེད་དུ་ཡོང་དུས།
    མི་ལ་ལས་སྨྱོ་འདུག་བཤད་སྲིད་ལ།
    མི་འགའ་རེས་འཆུགས་འདུག་གླེང་སྲིད།
    གང་ལྟར་ངས་དེ་དག་ལ་ཁ་ཡ་བྱེད་ན་མི་འདོད།”

    ___ཞོགས་དྲིལ།

    ‘ཞོགས་དུང’ ‘ཞོགས་དྲིལ’
    འབུད་མི་ཆོག འཁྲོལ་མི་ཆོག
    གལ་ཏེ་མི་ཉན་ན
    མེ་མདའ་རྒྱག་ཆོག
    ___གུང་ཁྲན་ཏང།

    རང་དབང། དམངས་གཙོ།
    སུས་ཀྱང་མི་སོད།
    ངེས་པར་རྒྱལ་ངེས།
    ___མི་དམངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese