མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོཊ་ལ་བསམ་གཞིཊ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

འདི་ལོའི་བོད་ཀྱི་མི་རབས་གསར་བའི་འོས་ལངས་ངོ་རྒོལ་གྱི་དུས་དྲན་ཉིན་མོ་སྟེ། ཕྱི་ ༩  ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འོས་ལངས་ངོ་རྒོལ་བྱས་ཏེ་ལོ་ངོ་ཉེར་གཉིས་འཁོར་བ་དང་སྟབས་བསྟུན། འཆར་ཅན་གྱི་ལོ་འཁོར་གསུམ་རེའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཚོགས་ཡོད། ཐེངས་འདིའི་ཚོགས་ཆེན་སྟེང་བསྐྱར་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱུར་མང་མོས་བྱུང་འདུག འདིའི་ཐད་གསར་འགྱུར་བརྒྱུད་ལམ་མང་བོས་དོ་སྣང་དང་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་བསམ་ཚུལ་ཡང་འདྲ་མིན་བསླེབས་ཡོད།

དོན་དངོས་ཀྱིས་བཤད་ན། ཐེངས་འདིར་དབུ་མའི་ལམ་ལ་ཤར་སྐྱོད་བྱས་པ་ནི་དོན་ལ་གནས་པ་ཞིག་ཡིན་ངེས་ཏེ། ཚོགས་ཆེན་གྱི་གོང་རོལ་ནས་ཀྱང་མི་མང་ཁྲོད་དུ་ཡང་ལངས་ཕྱོགས་ལ་འགྱུར་བ་ཐེབས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། དེའི་ཡོང་སྟངས་ནི་ཉེ་བའི་ཆར་༸གོང་ས་མཆོག་གིས་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་རྒྱུར་ཞལ་བཞེས་དེ་བརྒྱ་དང་བརྒྱད་ཀྱི་སྟེང་བབས་པའི་ཉེར་ལེན་ནི་རང་བཙན་ཁ་ལ་འཁྱེར་བའི་མི་འགྲོ་རེ་ཟུང་གིས་ལྷ་དགོངས་དཀྲུགས་པར་ངོས་འཛིན་བྱེད་པ་དང་། ཚོགས་པ་འདིའི་ཚོགས་མི་ཐམས་ཅད་ཀྱིས་ཀྱང་མུ་མཐུད་ནས་རང་བཙན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ན། ༸གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པ་ལས་མེད་པའི་བསམ་ཚུལ་འཛིན་གྱི་ཡོད་པ་དེ་རེད།

དད་པ་དམ་ཚིག་གམ་ཡང་ན་ཆོས་ཀྱི་དབང་དུ་མ་བྱས་ན། འདི་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་མང་བར་སེམས་ཏེ། བཙན་བྱོལ་ཁྲོད་ཀྱི་གཞུང་འབྲེལ་མ་ཡིན་པའི་གལ་ཆེའི་ཚོགས་པ་འདི་ལྟ་བུ་ཞིག་གིས་ཆ་རྐྱེན་གང་ཡང་མེད་པར་མར་བབས་ཚེ། ཕར་ཕྱོགས་ཁ་གཏད་ཀྱི་ཕྱོགས་ནས་རྣམ་འགྱུར་སྟོན་ཇེ་བདེར་བཏང་བ་མིན་ནམ་སྙམ་ལ། བཙན་བྱོལ་གཞུང་ངོས་ནས་རང་སྲིད་རང་སྐྱོང་གི་ལམ་ལ་འབད་པ་བྱེད་མུས་ཀྱི་ཁར་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ཚོགས་སྡེ་ཆེན་པོ་འདི་དང་གཞོན་ནུ་སོགས་ཀྱིས་རང་བཙན་བཤད་བསྡད་ན། མ་མཐར་ཡང་རྒྱ་གཞུང་ལ་བདམས་ཀ་ཞིག་བྱེད་རྒྱུ་ཡོད།

མདོར་བསྡུས་ན། ནམ་ཞིག་གཞོན་ནུའི་ལངས་ཕྱོགས་ཀྱང་འདི་ལྟར་འགྱུར་མི་སྲིད་པ་མིན་པའི་གནས་སྟངས་ད་ལོའི་ཚོགས་ཆེན་སྟེང་ང་ཚོས་མཐོང་གསལ་ཡིན་ལ། གལ་སྲིད་དེ་ལྟར་འགྱུར་བའི་ཉིན་མོར། རྒྱ་ནག་གི་ཕྱོགས་ནས་ཁ་གཏད་ཇེ་ཉུང་དང་འཁུར་བོ་ཇེ་ཡང་གི་ཟོལ་ཞིག་ཆགས་ཏེ། ཆེས་དམའ་བའི་ཆ་རྐྱེན་དེ་ཡང་ཧ་ཅང་ཆེན་པོ་ཞིག་ལ་རྩིས་ནས་སྟབས་བདེ་བོའི་ངང་འདུག་ཆོག་པ་ལྟ་བུར་གྱུར་བ་མ་རེད་དམ། རྒྱ་ཆེ་ས་ནས་བཤད་ན། རང་རེའི་གཞུང་འདི་མང་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པ་དང་། གཞུང་འདིའི་འཛིན་སྐྱོང་སོགས་ཀྱི་ཐད་ནས་ཀྱང་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་དག་དང་འདྲ་བར་ཁ་གཏད་ཚོགས་པ་དགོས་རབས་དང་གྲོས་ཚོགས་གོང་འོག་དགོས་རབས་བཤད་ཀྱི་ཡོད། དེ་ལྟ་ལགས་ན། སྐབས་འདིའི་གཞུང་ནི་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་པའི་གཞུང་ཞིག་ཡིན་པ་ལ། དེའི་ཁ་གཏད་དུ་རང་བཙན་གྱི་ཕྱོགས་ཁག་ཅིག་ཡོད་ཀྱང་མི་ཆོག་པ་ཅི་ལ་ཡོད་དེ། རང་བཙན་རྩོད་པ་ཁོ་ན་ནི་༸གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་གཞི་མ་ཡིན་པ་དེ་ཚང་མས་ཤེས་གལ་ཧ་ཅང་ཆེ།

ཉེ་ཆར་གྱི་༸གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པའི་སྐོར་གྱི་གནས་ཚུལ་ཧ་ཅང་ཁྱབ་རྒྱ་ཆེ་ཞིང་། མི་མང་གིས་ཀྱང་དོ་སྣང་དང་སེམས་ཁྲལ་ཆེ་གཞི་ཞིག་ཆགས་སོང་། ཁ་གསལ་བོས་བཤད་ན། དེ་ནི་མི་རེ་ཟུང་གིས་ཆེད་དུ་བཟོས་པའི་དཀྲུག་ཤིང་དང་བྱས་ཉེས་ལས་རང་བཙན་ཤོད་མཁན་བྱིངས་ལ་གཡོགས་མི་འོས། ཁོ་བོས་འདི་ལྟར་བཤད་སྐབས་ཀྱང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གཏམ་བརྗོད་ལྟ་བུ་ཞིག་ཏུ་མི་ཆགས་པའི་ངེས་པ་མེད་ནའང་། བསམ་བློ་ཞིབ་ཏུ་བཏང་སྟེ་༸གོང་ས་མཆོག་གི་བཀའ་སློབ་རབས་དང་རིམ་པ་དག་ལ་མཇལ་ཚེ། ཁོང་གི་མང་གཙོའི་དགོངས་གཞིའི་ནང་མི་མང་ལ་སྨྲ་བརྗོད་རང་དབང་དང་རང་ཐག་རང་གཅོད་ཀྱི་བདམས་ཀ་ཆ་ཚང་ཡོད་པ་མ་ཟད། རང་བཙན་རྩོད་པ་ཡང་རང་དབང་དུ་འཇོག་གིན་ཡོད། དེའི་སྟབས་ཀྱིས་ཁོང་གི་དགོངས་གཞིའི་དབུ་མའི་ལམ་དུ་མ་ཕྱིན་ཚེ་ལྷ་དགོངས་ འཁྲུག་པ་དེ་འདྲ་མིན་པ་ནི་ཁ་གསལ་ལག་གསལ་ཡིན། དེའི་ཐད་ཀྱི་ས་མཚམས་དངོས་གནས་རང་བཙན་ཁ་ལ་འཁྱེར་ནས་གཏམ་བརྗོད་འདྲ་མིན་བཤད་པ་དེ་ཡིན།

ང་ཚོའི་མི་མང་གི་ངོས་ནས་མགོ་རྨོངས་པའི་བྱ་སྤྱོད་སྤངས་ཏེ། རང་རང་གི་ཚོད་ཀྱི་རྣམ་དཔྱོད་དཀྲིགས་རྒྱུ་གལ་ཆེ། དེའི་སྟབས་ཀྱིས་ཐེངས་འདིའི་ཚོགས་ཆེན་སྟེང་གི་ཚོགས་མི་བྱིངས་ཀྱི་བསམ་བློ་ཡང་བསླེབས་དགོས་སར་ཐོན་པའི་གདེང་ཚོད་གང་ཡང་མི་འདུག ཚང་མས་ཐེངས་འདིའི་ལངས་ཕྱོགས་འགྱུར་བ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ འདོད་ཀྱི་ཡོད་ཀྱང་། དོན་དམ་པས་ཐུགས་དགྱེས་མཁན་སུ་ཡིན་ད་དུང་བཤད་ཚོད་མི་ཐུག

ཡང་གཅིག་བཤད་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དང་རྒྱ་བོད་མི་རིགས་གཉིས་ཀྱི་འཐབ་རྩོད་ཀྱི་ཐད་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་ལྟ་བུ་ཞིག་དབུ་མའི་ལམ་དུ་ཤར་སྐྱོད་བྱས་པ་ཙམ་གྱིས་སྔོ་ཐོག་མིན་ཀྱང་བཤད་དཀའ། ད་དུང་དེ་བས་ཀྱང་བརྗོད་དཀའ་བ་ཞིག་ལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་དག་ནི་བརྒྱ་ཆའི་ཆ་བོད་ནས་གསར་དུ་འབྱོར་བ་དང་ལོ་ནའི་བབ་དང་བསྟུན་ནས་ཕྱོགས་ཡོངས་ཀྱི་སློབ་གསོ་དང་བསམ་བློའི་གོ་རྟོགས་མ་སྨིན་པ་ཞེ་གཅིག་ཡིན་སྟབས། ཚོགས་ཆེན་རེ་རེའི་སྟེང་གནས་སྐབས་ཀྱི་ཚོར་བའི་དབང་དུ་སོང་སྟེ་ལངས་ཕྱོགས་ལ་འགྱུར་བ་རེ་ཐེབས་ཀྱི་མེད་དམ་སྙམ། དཔེར་ན་ཐོག་མར་ཚོགས་པ་དབུ་བརྙེས་སྐབས་རང་བཙན་དང་། ལོ་ཤས་རྗེས་ནས་དབུ་མའི་ལམ་ལ་ཤར་སྐྱོད་བྱས་མྱོང་། ཡང་དགའ་སྡུག་ཅི་བྱུང་ཆ་མ་འཚལ་བའི་སྒོ་ནས་བསྐྱར་དུ་རང་བཙན་ལ་འགྱུར་འདུག་པ་དེ་འདི་ལོར་ཡང་བསྐྱར་དབུ་མའི་ལམ་ལ་འགྱུར་བ་རེད། དེ་ལྟར་ཕོ་མིན་མོ་མིན་དང་ལྷ་མིན་འདྲེ་མིན་གྱི་རྣམ་འགྱུར་ཤུགས་བཙན་པ་འདི་ལ་སུས་ཀྱང་ཆ་འཇོག་མེད་སྲིད།

འདིའི་ཐད་ཚོགས་གཞོན་ཟུར་བ་ཀླུ་མཁར་བྱམས་ཀྱིས་ཀྱང་ལས་འཁུར་རྩིས་འབུལ་གྱི་ཆེས་མཐའ་མའི་གཏམ་བཤད་སྐབས་སུ་འདི་ལོར་ང་ཚོའི་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱུ་ནི་འོས་ཤོག་གི་སྒང་ནས་མང་མོས་ཐོབ་པ་ཡིན་སྟབས། བདག་གིས་ཀྱང་དམངས་གཙོའི་སྒྲིག་གཞི་ལ་བཀུར་བསྟི་བྱས་ཏེ་དགའ་བཞིན་སྤྲོ་བཞིན་རྩིས་འབུལ་ཞུ་ཡི་ཡོད། འོན་ཀྱང་ལོ་ངོ་གསུམ་གྱི་རྗེས་ནས་ང་ཚོ་བསྐྱར་དུ་ལངས་ཆོག་ཅེས་གསུངས་བར་སྐད། མ་འོངས་པའི་ལོ་གསུམ་གྱི་རྗེས་ནས་ཚོགས་པ་འདིའི་ལངས་ཕྱོགས་ཡང་བསྐྱར་གང་དུ་འགྱུར་རམ།

༢༠༡༣ ། ༡༠ ། ༡༤  ཉིན་ལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

སྐར་མ ༤༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 11

  1. གཡག says:
    ལོ་ 13 སྔོན།

    ཚོགས་པ་འདི་ལྟ་བུ་ལ་མཁས་དབང་འཇམ་དབྱངས་ནོར་བུ་དང་། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་། ཨ་ཚོགས་ཀླུ་མཁར་བྱམས་ལྟ་བུ་མེད་ན་མི་འཇོན་ཐག་ཆོད་ཡིན།

    Reply
  2. བསོད་ནམས་བསྟན་པ། says:
    ལོ་ 13 སྔོན།

    མིག་མི་འཛུམ་ཟེར་བ་འདིའི་བཤད་སྟངས་ཀྱིས་ཡིད་ཐང་ཆད་སོང་། སྔོན་ཆད་ཀྱང་མི་འདིས་རྩོམ་ཁྱོག་ཆལ་ཆོལ་རེ་སྤེལ་སོང་ཡང་སྐབས་དེར་ཚོར་བ་གང་ཡང་མེད་མོད། དེ་རིང་གི་བཤད་སྟངས་འདི་བརྒྱུད་ནས་མི་འདིའི་ནང་ཁོག་གསལ་བོར་མཐོང་སོང་ངོ།།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རང་རང་བསམ་འཆར་ཅི་ཡང་ལྷུག་འདོན་འོས།
    ཡིན་ཡང་མང་མོས་ལམ་ལ་གུས་བརྩི་དགོས།

    གཞུང་གིས་དམངས་ཀྱི་རེ་བ་སྒྲུབ།
    དམངས་ཀྱིས་གཞུང་གི་བཀའ་ཡང་བརྩི།
    གཞུང་དམངས་ཆིག་སྒྲིལ་རྒྱལ་ཁའི་གཞི།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གང་ལྟར་ཡང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོགས་དབུ་མའི་ལམ་ཕྱོགས་པ་ལ་དགའ་བསུ་ཚད་མེད་ཞུའོ། །

    Reply
  5. བྱེ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    ངོ་མ་གནད་ལ་འཁེལ་བ་ཞིག་བྲིས་འདུག་མིག་མི་འཛུམ།

    Reply
  6. རྒྱ་ཞིང་མྱི་དཀར says:
    ལོ་ 13 སྔོན།

    འདི་ལྟར་འགྱུར་ཆོག་ཆོག་གི་ལ་ཁའི་དར་ལྕོག་བཞིན་གཡུག་བཞིན་ཡོད་པའི་ཚོགས་པ་འདི་ངོ་མ་དགོད་སྤྲོ་བ་རང་རེད་བྱིས་བ་བསམ་མེད་འགའི་རྩེ་ར་བཞིན་ལམ་སང་ལམ་སང་འགྱུར་བ་གཏོང་ནས་ཁ་ཕྱོགས་དང་ལངས་ཕྱོགས་འདི་ཡིན་འདི་མིན་མེད་པ་མ་ཟད་ཁ་གཡར་ས་དང་ལག་འཕྱི་ས་རྐྱང་རྐྱང་ལ་བསམ་ནས་གང་ཡིན་འདི་ཡིན་མེད་པར་རྩ་དོན་ལ་འགྱུར་བ་བཏང་སྔོན་ཚོགས་གཙོ་དང་ཚོགས་གཞོན་སོགས་ཀྱིས་ཁ་ནས་རང་བཙན་དང་རང་དབང་གི་མེ་རླབས་དགོངས་ལ་འཁྱིལ་ཞིང་མི་རིགས་དང་ཡུལ་ལུང་གི་འདུ་ཤེས་སེམས་སུ་ཉལ་ནས་ཡོད་མོད་སྐབས་དེ་རིང་ནས་རང་བཙན་ལ་ཁུངས་མེད་སོང་ཡིན་ནམ་ཡང་ན་རང་བཙན་ལ་ཆོ་མེད་སོང་བ་ཡིན་རང་བཙན་ཁུངས་བསྐྱེལ་གྱི་ལོ་རྒྱུས་རྡོ་རིང་དག་སྐྱག་རྫུན་ཡིན་སོང་ག་ལ་ཡིན་ཡིན་མི་སྲིད་ཅི་ཞིག་གི་ཆེད་དུ་་་་ཡང་ན་ཅི་ཞིག་གོ་སོང་་་་་་འདི་ལྟར་ཚང་མ་འགྱུར་སོང་བ་ཡིན་ན་བཙན་བྱོལ་ལ་ཡོང་བའི་དགོས་མེད་སོང་བ་མ་ཡིན་ནམ་་་་་འགྱུར་ཆོག་ཆོག་གི་ཚོགས་པ་ཆོ་མེད་རྒྱུ་རང་རེད། རང་དབང་དང་མང་གཙོ་ཙམ་གཞིས་ལས་མི་མང་གིས་ང་ཚོ་ལས་ལྷག་པའི་ལས་འགུལ་རབ་དང་རུམ་པ་སྤེལ་བཞིན་ཡོད་རང་སྲོག་ལ་མ་འཛེམ་པར་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་མི་ཚེ་བསྐྱེལ་བཞིན་པའི་མི་བུ་ག་ཚོད་འདུག་ཚང་མས་ཤེས་གསལ་རེད་ང་འདིར་ཚོགས་སྒེར་ཚང་མ་འགྱུར་ཆོག་ཆོག་དང་འགྲོ་ཆོག་ཆོག་ཙམ་གྱིས་བསྡད་ཡོད་བས་ངོ་ཡིད་སྐྱོ་སོང་།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    བསམ་ཚུལ་ནི་བསམ་ཚུལ་རང་རེད་འདུག ཡི་གེ་བ་མིག་མི་འཛུམ་ཞུ་བ་ཁོང་གིས་དེ་སྔོན་བྲིས་རྩོམ་ཁག་ཅིག་དུས་བབ་དྲྭ་བ་བརྒྱུད་ནས་ཀློག་མྱོང་། དེ་དུས་བཙན་བྱོལ་གྱི་གནས་སྟངས་སྤྱི་ཡོངས་ལ་ཆ་རྒྱུས་ཏོག་ཙམ་ཡོད་མཁན་ཞིག་དང་། ཡིག་རྩ་ཡང་གང་འཚམ་ཞིག་འགྲིག་ག་བསམ་པ་ཞིག་བྱུང་། འོན་ཀྱང་དེ་རིང་གི་བསམ་ཚུལ་ལྟ་བུའི་རྩོམ་ཉོག་འདི་ལ་ནི། གཅིག་ནས་ཚིག་རྩ་མི་འདུག གཉིས་ནས་གང་ཞིག་བཤད་འདོད་ཀྱི་བརྗོད་སྙིང་དེ་ཚིག་ཉོག་འཕྲོས་བཤད་ཀྱིས་ཡོངས་སུ་བསྒྲིབ་འདུག གསུམ་ནས་བསམ་ཚུལ་བཤད་སའི་ཚོགས་པ་ལ་གནོད་དང་ཡང་ན་རང་གི་རྒྱབ་སྐྱོར་བྱེད་སའི་མི་ལ་གནོད་བཤད་ཚོད་མི་ཐུག་པ་ཞིག་བཟོས་འདུག

    Reply
  8. གངས་ལྡོམ། says:
    ལོ་ 13 སྔོན།

    ནོར་བཅོས་་་་་༼ང་ཚོས་དྲག་སྤྱོད་ཀྱི་བྱ་བ་རིགས་མི་བྱེད་ཀྱང་རང་བཙན་རྩོད་མཁན་དགོས་པར་བསམས།༽

    Reply
  9. གངས་ལྡོམ། says:
    ལོ་ 13 སྔོན།

    དངོས་གནས་ཡག་པོ་གསུངས་འདུག
    རྒྱ་གར་གྱིས་རང་བཙན་རྩོད་དུས་ཀྱང་ཞི་བ་དང་དྲག་པོ་གཉིས་ཀ་ཡོད་རེད།
    ང་ཚོས་དྲག་སྤྱོད་ཀྱི་བྱ་བ་རིགས་བྱེད་ཀྱང་རང་བཙན་རྩོད་མཁན་དགོས་པར་བསམས།

    Reply
  10. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    བོད་ལ་ཕར་རྒྱ་ནག་ལ་གདམས་ཀ་སྤྲོད་པའི་ནུས་པ་ག་རེ་ཡོད་རེད།

    Reply
  11. གནས་ཚང་། says:
    ལོ་ 13 སྔོན།

    གཅིག་བྱས་ན་འདི་ལྟར་བོད་ཀྱི་དཔའ་བོ་ཚང་མའི་རུས་ཐལ་སྒང་ནས་སྐྱིད་ཉལ་གྱིས་གོང་ས་དགུང་གྲངས་ཆིག་སྟོང་སུམ་བརྒྱར་ཡར་བསྐུལ་བྱེད་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese