མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གསུམ་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེཊ་ལ་རྐྱེན་བྱས་ཏེ། བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་བོད་མི་གསུམ་ལ་ལོ་བཞི་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨  ཉིན་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྐབས། ཉེན་རྟོག་པ་དང་ལས་བྱེད་པས་མེ་གསོད་ཀྱིན་པ་བཀག་འགོག་བྱས་པའི་ཉེས་མིང་འོག བོད་མི་གུར་མགོན་དང་ནོར་བུ་རྡོ་རྗེ། བསོད་ནམས་ཡར་འཕེལ་བཅས་མི་གསུམ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༧ པའི་ནང་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་མི་བསད་པའི་ཉེས་མིང་འོག་གུར་མགོན་དང་བསོད་ནམས་ཡར་འཕེལ་གཉིས་ལ་ལོ་ ༤ རེ་དང་། ནོར་བུ་རྡོ་རྗེ་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ཆར་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བཀར་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིའི་གནས་ཚུལ་དེ་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣།༡༥  ཡས་མས་སུ་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མའི་ཕ་ཀྱོག་པོ་དང་མ་གཡང་མཚོ་གཉིས་ཀྱི་བུ་རང་ལོ་ ༢༨ ཡིན་པའི་གྲུབ་མཆོག་ལགས་ཀྱིས། སྦྲ་ཆེན་མཐུན་སྒྲིལ་ཐང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྐབས། དེ་མ་ཐག་ཉེན་རྟོག་པ་དང་ལས་བྱེད་མི་སྣ་འབྱོར་ཏེ་ཁོང་གི་ལུས་སྟེང་གི་མེ་གསོད་རྩིས་བྱས་པར། བོད་མི་གུར་མགོན་དང་ནོར་བུ་རྡོ་རྗེ། བསོད་ནམ་ཡར་འཕེལ་བཅས་ཀྱིས་ཉེན་རྟོག་པའི་ལག་ཏུ་ཡོད་པའི་མེ་གསོད་ཡོ་བྱེད་ལ་འཇུས་ནས་བཀག་འགོག་དང་། གཞན་བོད་མི་མང་པོ་མཉམ་རུབ་ཐོག་འགོག་ཐབས་བྱས་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་སྐབས་དེའི་གནས་ཚུལ་ལ་རྐྱེན་བྱས་ཏེ། ཁོང་གསུམ་ལ་འཛིན་བཟུང་བཀའ་རྒྱ་བསྒྲགས་པ་དང་། གལ་སྲིད་ཁོང་གསུམ་གྱིས་མགོ་འདོགས་ཞུས་ན་ཁྲིམས་ཆད་ཡང་མོ་གཅོད་ཀྱི་ཡིན་ཚུལ་སོགས་བཤད་དེ་འཛིན་བཟུང་གིས་ཁྱུང་ཆུ་རྫོང་དུ་བཀག་ཉར་འདྲི་བརྩད་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཙམ་ལ་ཁྱུང་མཆུ་རྫོང་མི་མང་ཁྲིམས་ཁང་གིས། རྫོང་ཁོངས་ཀྱི་ཞང་ཁག་གི་མགོ་ཁྲིད་དང་ལས་བྱེད། ཁོང་གསུམ་གྱི་ནང་མི་གཉིས་རེ་བཅས་སྐོང་འགུག་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

 

ཉེ་ཆར་རྒྱ་གཞུང་གིས་ཞང་དང་རྫོང་བཅས་རིམ་པ་ཁག་བརྒྱུད་ཡིག་ཆ་འདྲ་མིན་བཟོ་དགོས་པའི་སྒྲིག་གཞི་གཏན་འབེབས་དང་སྟངས་འཛིན་བྱེད་ཀྱི་ཡོད་སྟབས། ནང་མི་ཉེ་འབྲེལ་ཚོ་ཁོང་ཚོར་ཐུག་འཕྲད་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༣ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese