མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་བློན་པེ་ཅིན་ལ་བསྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་བསྐྱོད་དེ་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་རྩོད་རྙོག་གཙོས་པའི་གནད་དོན་ཁག་ཅིག་གི་ཐོག་གྲོས་བསྡུར་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་(Manmohan Singh)མཆོག་རྒྱ་ནག་ནང་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། ཐེངས་འདིར་ཁོང་དང་ལྷན་དུ་རྒྱ་གར་གཞུང་གི་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ་བཅས་ཀྱི་མི་སྣ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འབྱོར་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་དང་མཇལ་འཕྲད་ཀྱིས་རྒྱ་དཀར་ནག་གཉིས་གྱི་དཔལ་འབྱོར་འབྲེལ་ལམ་གཙོས་རྒྱལ ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་། རྒྱ་གར་ཁོངས་གཏོགས་ཨ་རུ་ནཱ་ཅལ་མངའ་སྡེའི་མི་སེར་ལ་ཐོངས་མཆན་སྤྲོད་ཕྱོགས། བོད་ནང་གི་གཙང་པོ་ཆེན་པོ་བཞིའི་ཆུ་རྒྱུན་མཉམ་སྤྱོད་བྱེད་ཕྱོགས། པ་ཀི་སི་ཐན་འོག་གི་ཀ་ཤི་མུར་ཁུལ་དུ་རྒྱ་ནག་གིས་མ་རྩ་འཛུགས་འཇོག་གི་ལས་འཆར་སོགས་ལ་ཉིན་གཉིས་རིང་གྲོས་མོལ་བྱས་ཡོད་འདུག

དེ་རིང་སྔ་དྲོར་རྒྱ་གར་སྲིད་བློན་མན་མོ་ཧན་སིན་དང་རྒྱ་ནག་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་རྒྱ་ནག་མི་དམངས་ཚོགས་ཁང་དུ། རྒྱལ་ཁབ་གཉིས་ཀྱིས་ས་མཚམས་སྲུང་སྐྱོབ་ཀྱི་མཉམ་ལས་གྲོས་ཆོད་(BDCA)ཅེས་པར་མིང་རྟགས་བཀོད་ཡོད་ཅིང་། དེའི་ནང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་དམག་མི་ཕན་ཚུན་བར་ཚོགས་འདུ་སྐོང་རྒྱུ་དང་། ས་མཚམས་སུ་རྩ་ཆེའི་སེམས་ཅན་གྱི་ནག་ཚོང་རིགས་རྩ་མེད་བཟོ་རྒྱུར་མཉམ་ལས་བྱ་རྒྱུ་ཡིན་སོགས་བཀོད་ཡོད་འདུག་ཀྱང་། རྒྱ་ནག་གིས་རྒྱ་གར་ཨ་རུ་ནཱ་ཅལ་གྱི་མི་སེར་ལ་ཐོངས་མཆན་སྤྲོད་མིན་ཐོག་ཐག་གཅོད་གྲོས་ཆོད་གང་ཡང་བྱུང་མི་འདུག རྒྱ་གར་ཨ་རུ་ནཱ་ཅལ་གྱི་མི་རྒྱ་ནག་ནང་བསྐྱོད་སྐབས། རྒྱ་གཞུང་གིས་ཨ་རུ་ན་ཅལ་ནི་རྒྱ་ནག་གི་མངའ་ཁུལ་ཞིག་ཡིན་ཟེར་བའི་སྲིད་བྱུས་འོག་ཕྱི་མིའི་ཐོངས་མཆན་སྤྲོད་ཀྱི་མེད།

ཐེངས་འདིའི་ས་མཚམས་སྲུང་སྐྱོབ་ཀྱི་མཉམ་ལས་གྲོས་ཆོད་སྐབས། སྲིད་བློན་ལི་ཁེ་ཆང་གིས་རྒྱ་དཀར་ནག་གཉིས་ནི་ཡུན་རིང་ལོ་རྒྱུས་ལྡན་པའི་མིའི་དཔལ་ཡོན་དར་སྔ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་སྟབས། ས་མཚམས་རྩོད་རྙོག་གིས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་མངོན་འདོད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་ཕན་ལ་དོ་ཕོག་མི་འགྲོ་བ་མ་ཟད། ཕྱོགས་གཉིས་ཀྱིས་མཐའ་མཚམས་ལ་བརྟན་བརླིང་དང་ཞི་བདེ་ཡོང་བར་སྲུང་སྐྱོབ་བྱ་རྒྱུར་མོས་མཐུན་བྱུང་ཡོད་ཅེས་བརྗོད་འདུག སྲིད་བློན་མན་མོ་ཧན་སི་སིན་གྱིས་ཀྱང་ས་མཚམས་ཀྱི་བརྟན་བརླིང་དང་ཞི་བདེ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་སྟབས། ཁོང་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་ས་མཚམས་སྐོར་ལ་གྲོས་མོལ་ཐག་གཅོད་ཡག་པོ་བྱུང་སོང་ཞེས་གསར་འགོད་པར་བརྗོད་འདུག

ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཐུག་འཕྲད་ཐད་རྒྱ་གར་གསར་ལམ་ཁག་ཏུ། རྒྱ་དཀར་ནག་གཉིས་ཀྱི་མགོ་ཁྲིད་ཕན་ཚུན་བར་དོགས་པ་ཡོད་པ་དང་། བསམ་བློའི་ནང་ཕན་ཚུན་ལ་ཡིད་ཆེས་མེད་སྟབས། དོན་དངོས་ཐོག་ས་མཚམས་བརྟན་བརླིང་དང་ཞི་བདེ་དོན་འཁྱོལ་ཡོང་ཐུབ་ཁག་པོ་ཡིན་པ་དང་། རྒྱ་ནག་གིས་པ་ཀི་སི་ཐན་དང་བལ་གཉིས་ནང་དཔལ་འབྱོར་རོགས་རམ་གྱི་ལས་འཆར་ཁག་ཕྱིར་འཐེན་བྱེད་མི་སྲིད་པ་དང་། ལྷག་པར་དུ་རྒྱ་ནག་གིས་ཐོན་ཁུངས་བོད་ནས་ཡིན་པའི་གཙང་བོ་ཆེན་པོ་བཞིའི་ཐོག་གློག་ཤུགས་དང་ཆུ་མཛོད་རྒྱག་རྒྱུའི་ལས་འཆར་དེ་ཕྱིར་འཐེན་བྱས་ཏེ། ཧི་མ་ལ་ཡའི་གཙང་བོ་མཉམ་སྤྱོད་བྱེད་རྒྱུ་ཤིན་ཏུ་དཀའ་ཚུལ་སོགས་བརྗོད་འདུག རྒྱ་ནག་གི་གསར་ལམ་ཁག་ཏུ། རྒྱ་དཀར་ནག་གཉིས་ནི་ལོ་རྒྱུས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་སྟབས། ཕན་ཚུན་བར་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སུ་མཉམ་ལས་མཐུན་སྒྲིལ་དགོས་པ་མ་ཟད། སྲིད་བློན་མན་མོ་ཧན་སིན་ནི་རྒྱ་གར་གྱི་དཔལ་འབྱོར་གྱི་ཡབ་ཆེན་ཡིན་པའི་བསྔགས་བརྗོད་བྱས་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱ་གར་སྲིད་བློན་མན་མོ་ཧན་སིན་གྱི་གཞུང་འབྲེལ་གཟིགས་སྐོར་དང་བསྟུན་ཏེ། ༼ རྒྱབ་ཤ་དཀར་པོ ༽ ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་དེའི་ནང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིས་རྒྱ་གར་གྱི་ས་ཐོག་ཏུ། རྒྱ་ནག་མེས་རྒྱལ་ཆེན་མོ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་གྱི་ཡོད་པ་དང་། ད་ལྟ་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་གང་ལེགས་ཡོད་སྐོར། ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སི་པན་གྱིས་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་ (Hu Jintao) ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་བོད་རིགས་དམར་གསོད་རྩ་མེད་བཏང་བའི་ནག་ཉེས་ཁྲིམས་གཅོད་གནང་བ་དེར་སྐྱོན་བརྗོད་བྱས་པ་སོགས་བཀོད་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩

མཆན། 5

  1. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    ཚེ་རིང་རྣམ་རྒྱལ་ལགས། རྒྱའི་མིང་ཚིག་བསྡུས་ཏེ་辛格་ཞེས་པ་བོད་སྐད་དུ་སྒྲ་སྒྱུར་བྱས་ཚེ་ཞྭིན་ཀི་འམ། ཞིང་ཀི་རུ་འབོད་པ་ཡིན་ངེས་ཀྱང་། ང་ནི་ཁམས་ཀྱི་འབྲོག་པ་ཞིག་ཡིན་པ་དང་རྒྱ་སྐད་མི་ཤེས་པའི་གནས་སྟངས་གཉིས་ཀ་ཡོད་མོད། ཨམ་སྐད་དང་འབྲོག་པའི་སྐད་གདངས་ལ་རྒྱ་སྐད་ནི། དེ་ཙམ་འཚམས་པོ་མེད་པའི་སྐད་ཆ་ཐོས་མྱོང་། ངས་ཉན་པའི་གསར་འགྱུར་དེའང་མཚོ་སྔོན་གྱི་བོད་སྐད་གསར་འགྱུར་རེད། ང་འབྲོག་པ་ཞིག་ཡིན་པ་དང་མཚོ་སྔོན་གྱི་གསར་འགོད་པའང་འབྲོག་པ་ཞིག་ཡིན་ངེས། དེའི་སྟབས་ཀྱིས་ཞྭིན་ཀིའམ་ཞིང་ཀི་ལ་སེངྒེ་ཞེས་པའི་སྒྲ་དེ་བཤད་འགྱུར་དང་ཐོས་འགྱུར་དུ་སོང་བ་ཞིག་ཡིན་སྲིད། མ་གཞི་ནས་རྒྱའི་ཚིག་བསྡུ་འདི་ (Singh ) བེད་སྤྱོན་བཏང་བའི་ཚོད་ཡིན་སྲིད་ནའང་སྒྲ་འདི་ཚིག་བསྡུའི་ཏེ་བེད་སྤྱོད་བྱས་ཚེ། ཕལ་ཆེར་དབྱིན་སྐད་རང་གི་སྐད་གདངས་བྱེད་ནའང་སེངྒེ་ཞེས་པ་ཞིག་ཡོང་སྲིད། ཕྱོགས་གཅིག་ནས་རྒྱའི་ལྕེ་རྩེས་ནུས་པས་མ་འདེང་བ་དང་འབྲོག་པའི་སྐད་སྒྲ་འཕར་ཚད་ཆེ་བའི་དབང་གིས་ཡིན་པ་ལྟབུ་རེད་འདུག ཧེ་ཧེ་་་་་་་་་་ཚེ་རྒྱལ་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    གླང་དར་མ་ལགས། རྒྱ་གར་ནག་གཉིས་གྲོགས་པོ་ཆགས་ན་བོད་པས་མྱང་དགོས་དོན་ཅི།

    Reply
  3. ཚེ་རིང་རྣམ་རྒྱལ། says:
    ལོ་ 12 སྔོན།

    སེར་སྨད་བློ་དགའ་ལགས། དེ་ཁྱོད་ཀྱིས་དོ་སྣང་སྤྲད་དེ་དམིགས་བསལ་ཞིག་ཐོས་པ་དང་མཐོང་བ་གང་ཡང་མ་རེད། ཁྱོད་ཀྱིས་རྒྱ་ཡིག་མི་ཤེས་པའི་སྒང་ལ་རྒྱ་སྐད་ཀྱང་མ་གོ་བའི་རྟགས་རེད། རྒྱ་སྐད་ནང་སྲིད་བློན་མན་མོ་ཧན་སིན་མཆོག་གི་མཚན་ལ་曼莫汉·辛格 ་ཞེས་ཟེར་གྱི་ཡོད་པ་རེད། དེ་ལ་རྒྱ་ནག་གིས་ཚིག་བསྡུས་ཏེ་辛格་ཞེས་འབོད་པ་རེད། དེ་བོད་སྐད་ནང་སྒྲ་སྒྱུར་བྱས་ན་ཞྭིན་ཀི་འམ། ཞིང་ཀི་རུ་འབོད་པ་རེད། ད་གསལ་བོ་ཤེས་སོང་ངམ་་་་་་་་ཧ་ཧ་ཧ་་་་་་་་་་་་་་་་་་་་་ཨ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    རེད་རེད། དུས་བབ་ཀྱི་གསར་འགྱུར་བཀོད་པ་གཞིར་བཟུང་རེད། ཡིན་ཡང་། མདང་དགོང་ངས་དེའི་སྐོར་གྱི་གསར་འགྱུར་ལ་བལྟས་པ་ཡིན། སྐབས་དེ་དུས་ཡ་མཚན་པ་ཞིག་ལ། རྒྱ་ནག་གིས་གཞུང་འབྲེལ་གསར་འགོད་པས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་ཞེས་པའི་ཚིག་གཅིག་ཀྱང་ཐོན་གྱི་མི་འདུག བོད་སྐད་ནང་ ༼ རྒྱ་གར་གྱི་སེངྒེ་ ༽ ཞེས་པའི་ཚིག་དེ་རྐྱང་རྐྱང་བེད་སྤྱོད་བྱས་སོང་། དེའི་སྐོར་གསར་འགོད་པར་ཐུགས་སྣང་འདྲ་བྱུང་ཨེ་ཡོད་ན་་་་་་་་་་་་་་་་་་་ཧེ་ཧེ་ཧེ་་་་་་་་་་་་་ཨ་

    Reply
  5. གླང་དར་མ། says:
    ལོ་ 12 སྔོན།

    རྒྱ་དཀར་ནག་གཉིས་གྲོགས་པོ་ནང་ཚགས་ཆགས་བཞིན་འདུག་ག ད་བཙན་བྱོལ་བོད་མི་ཚོས་མྱོང་ཡ་རེ་ཞག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese