མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་འགྲོ་བ་མིའི་ཐོབ་ཐང་སྤྲོད་རོཊ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྐྱོན་བརྗོད་བྱས་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལོ་ ༤ རེའི་མཚམས་སུ་རྒྱལ་ཁབ་སོ་སོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་བསྐྱར་ཞིབ་ཚོགས་འདུ་རེ་ཚོགས་སྲོལ་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢1 ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་(Geneva)ནང་དུ་ཚོགས་ཆེན་དབུ་འཛུགས་བྱས་ཡོད་པ་དང་། ཚེས་ ༢༢ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བསྐྱར་ཞིབ་གནང་སྟེ། བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་དགོས་ཚུལ་བརྗོད་འདུག་ལ། ཨ་རིའི་སྐུ་ཚབ་ཀྱིས་བོད་རྒྱའི་གནད་དོན་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག

ཐེངས་འདིར་རྒྱ་ནག་གི་སྐུ་ཚབ་ཝུའུ་ཧེད་ལོང་ (Wu Hailong)གིས་རྒྱབ་ཤ་དཀར་པོ་ཟེར་བའི་ཡིག་ཆ་ཞིག་བཀྲམས་ཏེ། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་གཙོའི་རང་དབང་།  ཁྲིམས་ལུགས་དབང་སྒྱུར་ཚད་ལྡན་ཡོད་པའི་འོག་མི་མང་གིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་སྟབས། འདས་པའི་ལོ་བཞི་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཚུལ་བརྗོད་འདུག ཨ་རི་དང་འཇར་མན། ཨོ་སི་ཊོ་ལི་ཡཱ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ས་ཁུལ་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། དམག་མིས་དྲག་གནོན་དང་དོན་མེད་འཛིན་བཟུང་གཅར་རྡུང་། བཀག་གཉེར། སྲོག་ཁྲིམས་གཅོད་པ་དང་དྲ་རྒྱར་བཀག་སྡོམ་སོགས་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་དྲུང་ཆེ་གཞོན་པ་ལྕམ་ཨོ་ཛི་རཱ་ (Uzra Zeya) ལགས་ཀྱིས། རྒྱ་གཞུང་གིས་ངེས་པར་དུ་གྲངས་ཉུང་མི་རིགས་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་པ་དང་། ཆབ་སྲིད་འཐབ་རྩོད་པ་ཚོའི་ནང་མི་ཚོར་བརྙས་བཅོས་དང་བཀག་གཉར། དོན་མེད་འཛིན་བཟུང་སོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་ཞེས་དང་། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་ཞིག་ཡིན་ཡང་། བོད་དང་ཤིན་ཅང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༢1 ཡིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་སྟབས། རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་ཞིག་བོད་དང་ཤིན་ཅང་ས་ཁུལ་བསྐྱོད་དེ་དོན་དངོས་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

ཐེངས་འདིའི་ཚོགས་ཆེན་སྐབས། ཡུ་རོབ་ཁུལ་གྱི་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་གཞོན་ནུ། དེ་བཞིན་སུད་སིར་གནས་བཞུགས་བོད་མི་མང་པོས་ཚོགས་ཁང་གི་ཕྱི་ལོགས་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འཁྱོག་བརྗོད་བྱེད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་ཅེས་པའི་འཕྲད་དར་ཆེན་པོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཁང་བརྩེགས་མདུན་སྒོའི་ངོས་སུ་དཔྱངས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཏེ་མི་ ༤ འཛིན་བཟུང་བྱས་ཡོད་འདུག  ཁོང་ཚོས་ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ ༤༧ ཡོད་པའི་ཁྲོད་རྒྱ་ནག་འོས་འདེམས་བྱེད་མི་ཆོག་ཚུལ་བརྗོད་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་དཔའ་ཆོན་ཡུན་(Hua Chunying ) གྱིས། བོད་དོན་རྒྱབ་སྐྱོར་པ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཚོགས་ཞུགས་རྒྱ་མིའི་སྐུ་ཚབ་ལ་ངོ་རྒོལ་བྱས་པར་སྐྱོན་བརྗོད་དང་། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཚོས་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་འདོད་པ་ཡོད་ཚུལ་བརྗོད་ཡོད་འདུག ༢༠༡༣ ལོ་གཅིག་པུར་རྒྱ་གཞུང་གིས་ངོ་རྒོལ་བྱེད་མཁན་ལ་ཆབ་སྲིད་ཀྱི་ཉེས་མིང་བཏགས་ཏེ་མི་གྲངས་ ༡༦༠༠༠༠ ལྷག་ཁྲིམས་ཁང་བརྒྱུད་མེད་པར་བཙོན་ཁང་ ༣༦༠ ནང་དུ་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་འཇུག་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་དེ་ཟླ་འདིའི་ཚེས་ ༢༡ ནས་ཟླ་ ༡༡ ཚེས་ ༡ བར་ཚོགས་རྒྱུ་ཡིན་པ་དང་། ཞོར་དུ་ལྷན་ཚོགས་དེའི་རྒྱུན་ལས་རྒྱལ་ཁབ་ ༤༧ གྱི་སྐུ་ཚབ་རྣམས་འོས་འདེམས་བྱེད་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. བསྟན་ཆོས། says:
    ལོ་ 13 སྔོན།

    ད་རེབ་འཛམ་གླིང་སྐད་ཀྱིས་བརྒྱོང་དགོས་ཚོད་རེད་མོད། རེ་ཟུང་ནང་ན་མ་གཏོག ཤོ་ཧེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese