མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ལྷ་ས་ཆུ་ཤུལ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་བསོད་ནམས་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་མ་ཤེས་པར་ལྷག་འདུག

རྒྱ་གར་ལྷོ་ཕྱོགས་གནས་སྡོད་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་དེ་སྔོན་སྔ་རྗེས་ཐེངས་གསུམ་ལ་འཛིན་བཟུང་གིས་ལོ་ ༡༤ བཙོན་འཇུག་བྱས་པའི་ལྷ་ས་ཆུ་ཤུལ་རྫོང་གི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་བསོད་ནམས་ལགས། ཟླ་གཉིས་ཀྱི་གོང་གསང་བའི་སྒོ་ནས་ཡང་བསྐྱར་འཛིན་བཟུང་བྱས་ཏེ། ད་ཆར་ནང་མི་ཉེ་འབྲེལ་ཚོས་ཁོང་ནག་ཉེས་ཅི་ཞིག་གི་དབང་གིས་འཛིན་བཟུང་བྱས་མིན་དང་། ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་མ་ཤེས་པར་ལྷག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༢ ཉིན་ཐུབ་བསྟན་བསོད་ནམས་ལགས་ཀྱིས། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གློ་བུར་སྐུ་གཤེགས་པའི་གནས་ཚུལ་ཐད་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། འཛིན་བཟུང་བྱས་ཏེ་ལོ་ ༩ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ལྷ་སའི་ཝུའུ་ཀྲི་ཏེ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ཕྱིས་སུ་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་ཐོབ་ཡོད་ཀྱང་།  ཡང་བསྐྱར་ལྷ་སའི་ངོ་རྒོལ་སྐད་འབོད་ཁྲོད་ཞུགས་པའི་ཉེས་མིང་འོག་ཏེ་ལོ་ ༢ རིང་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག

༢༠༠༩ ལོར་རྒྱ་གཞུང་གིས་ཁོང་ལྷ་སའི་བར་སྐོར་དུ་བོད་མིའི་ངོ་རྒོལ་སྐད་འབོད་བྱེད་སྐབས་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་ ༢ ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་གིས་གཅར་རྡུང་མནར་གཅོད་བཏང་སྟེ་ཉལ་སར་ལྷུང་ཡོད་ཀྱང་། ཕ་ཡུལ་ཆབ་མདོ་ནས་ཡིན་པའི་བསྟན་འཛིན་ཆོས་འཕེལ་ཞུ་བ་ཞིག་གིས་བཙོན་སྲུང་བར་ཐུབ་བསྟན་བསོད་ནམས་ཀྱིས་ན་རྫུན་བཤད་པ་རེད་ཅེས་གཏུག་བཤེར་བྱས་སྟབས། བཙོན་ཁང་གིས་ཁོང་ལ་དུས་ཡུན་ལོ་གཅིག་ཁ་སྣོན་བྱས་ཡོད་འདུག

ཁོང་གིས་ཆུ་ཤུལ་བཙོན་ཁང་དུ་སྡོད་སྐབས་རྒྱ་གཞུང་གིས་བོད་པའི་ཆབ་སྲིད་བཙོན་པ་ཚོར་ཟ་འཐུང་མ་སྤྲད་པར་ལྟོགས་སྐོམ་མྱངས་བཅུག་པ་དང་། གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་བཙོན་པ་ཚོ་དཀའ་ངལ་འཕྲད་ཡོད་ཚུལ་དང་། བཙོན་གྲོགས་ཚོར་༧གོང་ས་མཆོག་ཕྱིར་བོད་ཡུལ་མ་ཕེབས་བར་དུ་ང་རང་བཙོན་ཁང་ནས་ཕྱིར་འགྲོ་རྒྱུ་མིན་ཞེས་བརྗོད་ཡོད་འདུག

ཉེ་ཆར་ཁོང་འཛིན་བཟུང་མ་བྱས་གོང་འདྲ་པར་ཞིག་གི་སྟེང་། བོད་ལ་རང་དབང་ཐོབ་པའི་སྨོན་འདུན་དང་། ༸གོང་ས་མཆོག་ལ་བསྟོད་བསྔགས་ཀྱི་སྙན་རྩོམ་ཅིག་བྲིས་པའི་ནང་། རླུང་རྟ་རི་རྩེར་སྒྲོན་ཡོད། སྨོན་ལམ་སེམས་ནས་བཏབ་ཡོད་། གངས་ཅན་བོད་ཀྱི་མི་ལ། རང་དབང་ཐོབ་རྒྱུར་སྒུག་ཡོད་། སྐུ་འགྱུར་མེད་རྡོ་རྗེ་བྲག་བཞིན་བརྟན། གསུང་མི་འགྱུར་ཚངས་བའི་དབྱངས་བཞིན་སྙན། ཐུགས་འཁྲུལ་མེད་དྭངས་གསལ་མེ་ལོང་བཞིན། ངའི་རྩ་བའི་བླ་མ་སྙིང་ནས་དྲན། ཞེས་འཁོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese