མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདའ་ཁ་བོད་ལ་གཟས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དཔལ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་འཕུར་སྐར་བཅུ་དྲུག་རྟགས་ཅན་ཞེས་པ་ཚོད་ལྟ་བྱེད་ཁུལ་བྱས་ཏེ་བོད་ཤར་ཕྱོགས་ཨ་མཆོག་དང་བསང་ཁོག་གི་ས་མཚམས་ལ་བརྡབས་ནས་ས་བརླགས་ཕྱུགས་བསད་ཀྱི་སྐྱི་གཡའ་བའི་གནས་ཚུལ་བྱུང་འདུག་པ་མ་ཟད། བརྡབ་སྒྲས་སྤྱི་ལེའུ་ལྔ་བཅུ་དྲུག་ཅུའི་མཚམས་ཀྱི་མི་རྣམས་ལ་ས་འགུལ་ཆེན་པོ་རྒྱུགས་པ་ལྟ་བུའི་ཚོར་སྣང་བྱིན་འདུག གར་ལྷུང་གི་ཕྱོགས་ཙམ་མི་ཤེས་པར་ཚོད་ལྟ་བྱེད་མི་སྲིད་པས།  རྒྱ་གཞུང་ལ་གདེང་ཚོད་མེད་པར་གཟས་ནས་མདའ་ཁ་བོད་ཕྱོགས་སུ་གཏད་ཡོད་པ་གསལ་བོ་རེད། 

ཐེངས་འདིའི་འཕུར་སྐར་འདི་ས་སྟོང་འདི་འདྲ་ཞིག་ལ་བརྡབས་པ་སྟབས་ལེགས་འདུག་མ་གཏོགས།  ས་ཁུལ་འདིའི་གཡས་གཡོན་གྱི་གྲོང་ཚོ་དང་གྲོང་ཁྱེར། དགོན་སྡེ་དང་སློབ་གྲྭ་ཞིག་ལ་ལྷུང་ན་མི་ག་ཚོད་ཅིག་གི་ཚེ་སྲོག་འཕྲོག་རྒྱུ་ཡིན་པ་འཕུར་སྐར་འདིའི་བོངས་ཚོད་ལ་བལྟས་ན་ཤེས་ངེས་རེད།  འཕུར་སྐར་འདི་ལྷུང་སའི་ས་ནས་སྤྱི་ལེའུ་ཉི་ཤུ་སུམ་ཅུ་ནས། བཞི་བཅུ་ལྔ་བཅུའི་མཚམས་ན་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དང་བསང་ཆུ་རྫོང་། མདོ་ལྷོ་ཁུལ་གཙོས་གྲོང་ཁྱེར་དང་འབོ་རའི་གནམ་ཐང་སོགས་དགོན་ཆེན་དང་གྲོང་ཁྱེར་དུ་མ་ཡོད་ལ། དེ་འདྲ་ཞིག་ལ་ལྷུང་ན་འཇུག་འབྲས་ག་རེ་འབྱུང་གི་རེད། 

འདི་ནི་རྒྱ་གཞུང་གིས་རང་གི་མི་སེར་ཡིན་པར་ཁས་འཆེ་བའི་ཉམས་ཆུང་བོད་མི་ཚོར་སྣང་མེད་ཐུབ་ཚོད་བཏང་བ་ཞིག་ཡིན་པ་མ་ཟད། ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་འདི་གཅིག་བུའི་ཐོག་ནས་བལྟས་ན་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལ་ཆ་འཇོག་ག་འདྲ་ཞིག་བྱེད་ཀྱིན་ཡོད་མེད་ཟུར་བལྟས་ལེབ་མཐོང་རེད།

མ་གཞི་ནས་རྒྱལ་ཁབ་གང་དང་གང་གིས་བརྟག་དཔྱད་འདི་འདྲ་བྱེད་ཀྱི་ཡོད་མོད། ཡིན་ཡང་མདའ་ཤུབས་ལྷུང་ས་རྒྱ་མཚོ་དང་མི་མེད་བྱེ་ཐང་སོགས་ལ་གཟས་ཀྱིན་ཡོད་ན། ཐེངས་འདིའི་ལྷུང་ས་དང་རྒྱ་མཚོའི་བར་ཐག་ཅི་ཙམ་ཡོད་མེད་ཤེས་གསལ་རེད། གནས་ཚུལ་འདི་བྱུང་མ་ཐག་བསང་ཆུ་རྫོང་གི་དམག་དཔུང་དང་ཉེན་རྟོག་སྡེ་ཁག་ཡོང་ནས་འབྲོག་པ་མང་ཚོགས་ལ་དམངས་སྒོར་ ༥༠༠༠༠ ཙམ་བྱིན་ནས་ཁ་གཅོད་ཐབས་བྱས་འདུག  འབྲོག་པ་མང་ཚོགས་ལ་འདི་མིན་དེ་ཡིན་གྱི་འདམ་ཀ་དང་། ཁྲིམས་གཏུག་བྱེད་ས་མེད་པར་རྔན་པ་དེ་ཙམ་གྱིས་འཐུས་པ་བྱེད་རྒྱུ་ལས་ལམ་ཁ་གཞན་ཡོད་པ་མ་རེད།

ཁ་སང་དེ་རིང་སུད་སི་ན་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐོག་ན་རྒྱ་ནག་གི་འཐུས་མིས་མི་བདེན་རྫུན་སྒྲིག་གི་བོད་དང་ཤིན་ཅང་སོགས་སུ་སྔར་ལས་རང་དབང་ཡོད་རབས་དང་། གནས་སྟངས་ཡག་རབས་ཤོད་ཀྱིན་འདུག་པས་ཚེ་སྲོག་གི་མེ་ལྕེ་མཆེད་ཀྱིན་པའི་རྒྱལ་ཁབ་འདི་ལ་ངོ་ཚ་འདུག་གམ།  རྒྱ་གཞུང་གིས་བཤད་པ་དོན་དངོས་ཡིན་ན་བཟའ་ཟླ་བུ་ཕྲུག་དང་ཕ་མ་སྤུན་མཆེད་བཞག་ནས་ང་ཚོའི་བོད་རིགས་སྤུན་ཟླ་དཔའ་བོ་དཔའ་མོ་ ༡༢༡ ཙམ་གྱིས་རང་ལུས་མེ་བསྲེགས་བཏང་བ་སྐྱིད་དྲགས་ནས་རེད་དམ།

འཇིག་རྟེན་ན་ཆེས་མི་འདོད་པ་ཞིག་ཡོད་པ་ནི་རང་ཉིད་ལ་སྡུག་སྦྱོང་མནར་གཅོད་དང་མེས་བསྲེགས་ནས་འཆི་མི་འདོད་པ་དེ་རེད། རྒྱ་གཞུང་གིས་ད་དུང་ངོ་ཚ་མེད་པར་ཧམ་པ་རི་འདྲ་ལངས་ཏེ། ༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས། གཞོན་ནུ་ཚོགས་པ་སོགས་ཀྱིས་བརྒྱུད་སྐུལ་བྱས་ཏེ་མི་ཀླད་མེད་ཉུང་ཤས་ཞིག་གིས་རང་ཉིད་བརླགས་ཚུལ་དང་། ནང་མི་སྡུག་ལ་སྦྱར་ཚུལ། རྒྱལ་ཁབ་ཁ་བྲལ་བཏང་ཚུལ་སོགས་སྐྱུག་བྲོ་བའི་རྫུན་གཏམ་འཛམ་གླིང་ལ་བསྒྲགས་དང་སྒྲོག་གི་ཡོད།

ཁྱེད་ཅག་གིས་བཤད་པ་དོན་དངོས་ཡིན་ན་ཅིའི་ཕྱིར་ ༢༠༡༣ ལོ་གཅིག་བུར་ངོ་རྒོལ་བྱེད་མཁན་ལ་ཆབ་སྲིད་ཀྱི་ཉེས་མིང་བཏགས་ཏེ་མི་གྲངས་ ༡༦༠༠༠༠ ལྷག་ཁྲིམས་ཁང་བརྒྱུད་མེད་པར་བཙོན་ཁང་ ༣༦༠ ནང་དུ་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་འཇུག་བྱས་པ་ཡིན།  འདི་ནི་རང་དབང་ཡོད་པའི་མཚོན་རྟགས་རེད་དམ། འདི་ལ་རང་དབང་ཟེར་རམ། ཉེར་ཆར་བོད་རྟའུ་མང་ཚོགས་ལ་མེ་མདའ་བརྒྱབ་ནས་མི་ག་ཚོད་བསད་རྨས་བཏང་བ་རེད།  ད་དུང་དེས་ཀྱང་མ་འཚིམ་པར་བོད་ས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་ཡུལ་དུ་བེད་སྤྱོད་གཏོང་གི་འདུག མ་གཞི་ནས་ད་ལྟའི་བོད་མིའི་གནས་སྟངས་འདི་འཛམ་གླིང་མི་མང་དང་། ལྷག་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ད་ཐེངས་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དངོས་ལ་གཟིགས་ཞིབ་གནང་རོགས།།

ཕྱི་ལོ་ ༢༠༡༣ ཟླ ༡༠ ཚེས། ༢༦  ཉིན་ལ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༦ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese