མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོ་ཕྱུག་པོ་ཆགས་རྒྱུར་ཧ་ཅང་དགའ་བོ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་པ་སེམས་ཁམས་སློབ་གསོ་ཁྱད་ལས་པ་སྐུ་ཞབས་ཨོར་རྒྱན་ཤཱར་ཌི་( Jurgen Manshardt)ལགས་ཀྱིས་ལོ་ངོ་ ༣༠ ལྷག་རིང་བོད་ཡིག་དང་བོད་པའི་ནང་ཆོས་སློབ་གཉེར་བྱས་ཡོད་ཅིང་། དེང་སང་འཇར་མན་རྒྱལ་ས་སྦར་ལིན་ནང་ནང་ཆོས་དཔེ་དེབ་རྩོམ་སྒྲིག་དང་སྐད་བསྒྱུར། སེམས་ཁམས་སློབ་གསོ་བཅས་ཀྱི་ཐོག་ཕྱག་ལས་གནང་གི་ཡོད་སྟབས་གསར་འགོད་པའི་ཁོང་དང་གླེང་མོལ་བྱས་ཡོད།

    སྐུ་ཞབས་ཨོར་རྒྱན་ཤཱར་ཌི་ལཊ་ཀྱིས་ཁོ་རང་གི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་གནང་དོན། “ ང་སྐྱེས་ས་འཇར་མན་གྱི་གྲོང་ཁྱེར་ཧམ་བྷོ་གྷི་(Humburg) ནང་རེད། ང་རང་ཆུང་དུས་ཉི་ཧོང་ནང་དར་བའི་ནང་ཆོས་ཀྱི་དེབ་འགའ་རེ་ཀློག་མྱོང་ཡོད། ༡༩༧༩ ལོ་ཙམ་ནས་བོད་པའི་ནང་ཆོས་ལ་དོ་སྣང་བྱུང་སོང་། ང་རང་སྐྱེས་སའི་གྲོང་ཁྱེར་དེའི་ནང་དགེ་ལུཊ་པའི་ཆོས་ཚོགས་ཞིག་ཡོད་པ་རེད། དེར་ནང་ཆོས་སློབ་སྦྱོང་དང་སྒོམ་རྒྱག་སྟངས་ཐོག་ཉམས་ལེན་ཏོག་ཙམ་བྱས་མྱོང་ཡོད། ཧམ་བྷོ་གྷིའི་མཐོ་སློབ་ནང་ནུབ་ཕྱོཊ་མཚན་ཉིད་རིག་པ་དང་བོད་སྐད་བོད་ཡིག་ཐོག་སློབ་སྦྱོང་བྱས་པ་ཡིན། ༡༩༩༢ ལོར་འཇར་མན་ནང་རྟེན་གཞི་བྱས་པའི་དགེ་ལུཊ་པའི་ཆོས་ཚོཊ་ (Tibet Center Humburg) ནང་གྲྭ་བ་བྱས་ཤིང་། རྗེས་སུ་རྒྱ་གར་ནང་ཡོང་སྟེ་ནང་ཆོས་སློབ་སྦྱོང་དང་སུ་ཇཱ་སློབ་གྲྭར་སེམས་ནད་གསོ་ཐབས་ཐོག་ཟབ་སྦྱོང་སོཊ་སྤྲོད་ཀྱི་ཡོད” ཅེས་བརྗོད་བྱུང་།

    སུ་ཇཱ་སློབ་གྲྭའི་ནང་སེམས་ཁམས་སློབ་གསོའི་ཟབ་སྦྱོང་གནང་བའི་སྐོར་དྲིས་པར་ཁོང་གིས། “སྤྱིར་བཏང་ང་རང་སྒོམ་རིམ་ནས་སེམས་ལ་སྟངས་འཛིན་ཇི་ལྟར་བྱེད་མིན་ཐོག་དམིགས་བསལ་དོ་སྣང་ཡོད། ངས་སྔོན་མ་ནས་ནང་ཆོས་དང་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་ཟུང་འབྲེལ་ཐོག་སེམས་ནད་གསོ་ཐབས་ཐོག་ཉམས་ཞིབ་བྱེད་ཀྱིན་ཡོད། རྗེས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འཆར་འོག་ང་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་སེམས་ནད་གསོ་ཐབས་ཐོག་ཟབ་སྦྱོང་སྤྲོད་ཐུབ་མིན་སྐད་ཆ་དྲིས་སོང་། ལས་ཀ་དེར་ངས་ངོས་ལེན་བྱས་ཏེ་སུ་ཇཱ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག ཁྱིམ་ཚང་གི་ཨ་མ་ཚོར་བདུན་ཕྲག་གཅིག་རིང་ཟབ་སྦྱོང་དང་། ལྷག་པར་སེམས་ཀྱི་དཀའ་ངལ་ཡོད་པའི་སློབ་ཕྲུག་ཚོར་རོགས་རམ་བྱས་པ་ཡིན། དེའི་རྗེས་ནས་བཟུང་ང་ལོ་རེར་ཐེངས་གཉིས་རེ་སུ་ཇཱ་སློབ་གྲྭ་གཙོས་བོད་ཁྱིམ་སློབ་གྲྭ་ཁག་ཏུ་འགྲོ་བཞིན་ཡོད” ཅེས་བརྗོད་བྱུང་།

    བོད་པའི་ཆབ་སྲིད་སྐོར་ནས་གླེང་མོལ་བྱས་སྐབས་ཁོང་གིས། “ ༡༩༨༩ ལོར་ལྷ་སའི་དོན་རྐྱེན་བྱུང་རྗེས་ང་དང་གྲོགས་པོ་ཁ་ཤས་ཀྱིས་གྲོང་ཁྱེར་ཧན་བྷོ་གྷི་གཙོས་གྲོང་ཁྱེར་ཁ་ཤས་ནང་འཇར་མན་བོད་དོན་རོགས་སྐྱོར་ཚོགས་པ་ (Tibet Initiative Deutschland) བཙུགས་པ་ཡིན། བོད་དོན་ཁྱབ་བསྒྲགས་དང་རོགས་དངུལ་འཚོལ་སྒྲུབ་བྱས་པ་ཡིན། ང་རང་གྲྭ་བ་བྱས་རྗེས་ནང་ཆོས་དང་ཆབ་སྲིད་གཉིས་མཉམ་དུ་འགྲོ་ཐབས་མེད་སྟབས། བོད་དོན་ཆབ་སྲིད་སྐོར་ལ་ལས་ཀ་བྱེད་རྒྱུ་མཚམས་འཇོག་བྱས་ཀྱང་། ལོ་འགའི་སྔོན་འཇར་མན་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཚོས་ང་ལ་འབྲེལ་བ་བྱས་ཏེ་བོད་དོན་ལས་ཀ་མང་པོ་ཞིག་བྱེད་དགོས་བྱུང་སོང” ཞེས་བརྗོད་སོང་།

    བོད་དོན་འཐབ་རྩོད་ཐོག་ལྟ་ཚུལ་གང་འདྲ་ཡོད་མེད་དྲིས་པར། “ངས་བསམ་ན་བོད་པར་བསྐྱར་དུ་རང་བཙན་རག་རྒྱུ་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རྒྱ་ནག་ཕྱོགས་གང་ཐད་ནས་ཡག་པོ་ཆགས་ཡོང་གི་ཡོད་པ་རེད། འཛམ་གླིང་ཐོག་ནས་རྒྱ་ནག་དང་མཉམ་འབྲེལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། འབྱུང་འགྱུར་ལོ་ཉི་ཤུའི་ནང་ཕྱི་དངོས་པོའི་འཕོ་འགྱུར་དང་བསྟུན་ཏེ་བོད་པའི་འཐབ་རྩོད་ཀྱི་སེམས་ཤུགས་སོབ་སོབ་འདྲ་བོ་ཆགས་རྒྱུའི་ཉེན་ཁ་མཐོང་གི་འདུག དོན་དག་གཉིས་པ། རྒྱ་ནག་དམར་ཤོག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་རིགས་ས་ཡ་མང་པོ་བོད་ནང་གནས་སྤོར་བྱས་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་བོད་དོན་ལ་རོགས་པ་བྱེད་མཁན་ཚོས་ཀྱང་བོད་དང་རྒྱ་གཉིས་ཁ་ཁ་བྱེད་རྒྱུར་འདོད་པ་ཡོད་པ་མ་རེད། གལ་སྲིད་རྒྱ་ནག་དམངས་གཙོར་གྱུར་ཡང་། བོད་ནང་གི་མི་འབོར་མང་ཤོས་རྒྱ་རིགས་ཆགས་ཡོད། ཁོང་ཚོ་ཕྱིར་ལོག་གི་མ་རེད། ང་རང་གི་བསམ་ཚུལ་བྱས་ན། རྒྱ་ནག་ལ་འགྱུར་བ་ཞིག་ཏན་ཏན་འགྲོ་གི་རེད། གོ་སྐབས་དེ་དང་བསྟུན་ཏེ་རིམ་བཞིན་བོད་པའི་དཀའ་ངལ་དེ་ཡང་སེལ་རྒྱུའི་རེ་བ་ཡོད་པ་རེད་བསམ་གྱི་འདུག བོད་པ་ཚོས་གོ་སྐབས་ཡག་པོ་ཞིག་སླེབས་སྐབས་གྲ་སྒྲིག་ཡག་པོ་དགོས་པ་རེད” ཅེས་བརྗོད་བྱུང་།

    ཁོང་ཐོག་མ་གྲྭ་བ་བྱས་པ་དང་རྗེས་སུ་གྲྭ་བ་ལོག་པ་བཅས་ཀྱི་སྐོར་དྲིས་པར། “ ཐོག་མ་ངས་ནང་ཆོས་སློབ་གཉེར་དང་ཉམས་ལེན་ཡག་པོ་ཞིག་བྱེད་ཨེ་ཐུབ་ན་བསམ་ནས་གྲྭ་བ་བྱས་པ་ཡིན། ལོ་ལྔ་ཙམ་རིང་གྲྭ་བ་ཡག་པོ་བྱས་ཏེ་བསྡད་ཀྱང་གྲོང་ཁྱེར་ཧམ་བྷོ་གྷིའི་ནང་གྲྭ་ཆས་གྱོན་ནས་སོང་ན་མི་བདེ་བ་དང་། ནང་ཆོས་གཏིང་ཟབ་པོ་ཞིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་རག་གི་མི་འདུག དེ་ནས་ངས་ཆོས་ཚོགས་ཀྱི་དགེ་བཤེས་ངག་དབང་ཐུབ་བསྟན་ལགས་སུ་ཞུས་ཏེ། ང་རང་ངྷ་ས་རིགས་ལམ་སློབ་གཉེར་ཁང་ངམ་སེ་ར་དགོན་པ་ལྟ་བུའི་ནང་ཆོས་ཉམས་ལེན་བྱེད་དུ་འགྲོ་འདོད་འདུག་ཅེས་ཞུས་པ་ཡིན། རྗེས་སུ་ང་རྒྱ་གར་རྡོ་རྗེ་གདན་དུ་ཡོང་སྟེ་ནང་ཆོས་སློབ་སྦྱོང་དང་མཉམ་དུ་ཁུ་ནུའི་བླ་མས་མཛད་པའི་བྱང་ཆུབ་སེམས་འགྲེལ་འཇར་མན་སྐད་ཡིག་ནང་བསྒྱུར་བ་དང་། ཁོང་གི་མཛད་རྣམ་གྱི་དེབ་ཅིག་བྲིས་པ་ཡིན།དེ་ནས་རིམ་བཞིན་ང་རང་གི་ཐག་གཅོད་ལྟར་བལ་ཡུལ་ནང་གི་བླ་མ་ཞིག་ལ་སྡོམ་པ་ཕུལ་རྗེས། བོད་རིགས་བུད་མེད་ཀརྨ་སྒྲོལ་མ་དང་མཉམ་དུ་ཆང་ས་བརྒྱབ་སྟེ་ད་ལྟ་བུ་གཅིག་སྐྱེས་ཡོད” ཅེས་གད་མོ་དགོད་བཞིན་བརྗོད་བྱུང་།

    བོད་མི་ཚོར་འབྲེལ་འདྲིས་ཡུན་རིང་བྱས་པའི་བརྒྱུད་རིམ་ཁྲོད་བོད་མི་ཚོ་གང་འདྲ་ཞིག་ལ་མཐོང་སོང་། “ ང་སྡོད་ས་རྒྱལ་ས་སྦར་ལིན་ནང་བོད་པ་གང་ལ་གང་འཚམ་ཞིག་ཡོད་པ་རེད། ངས་སྐད་ཆ་དྲང་མོར་བཤད་ན། བོད་པ་ཚོ་ཕྱུག་པོ་ཆཊ་རྒྱུར་ཧ་ཅང་དགའ་བོ་འདུག ལས་ཀར་ཡང་གདམ་གསེས་ཆེན་པོ་བྱེད་ཀྱི་འདུག སེམས་ནང་གི་གནས་ཚུལ་ཕྱིར་མི་སྟོན་པར་འདྲ་ཆཊ་པོ་བྱེད་རྒྱུར་དགའ་བོ་འདུག དེས་སོ་སོར་གྱོང་རག་གི་རེད་དྲན་གྱི་འདུག” ཅེས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 7

  1. མི་རྒོད། says:
    ལོ་ 13 སྔོན།

    སྐྱ་སར་བབས་པའི་སྐུ་ཞབས་འདིས་གནས་ཚུལ་ཇི་མ་ཇི་བཞིན་གསུངས་པ་རེད། ཧ་ཅང་དགའ་པོ་བྱུང་། རེད་རེད་བོད་པ་རྒྱུ་གསོག་རྒྱུ་དགའ་དྲགས་ནས་ཆོས་དང་་ ཆབ་སྲིད་གང་ཐད་ནས་གྱོང་གུད་རག་པ་འདས་ཟིན་པའང་ཡོད་ལ་ ད་དུང་ཡོང་རྒྱུ་ཡོད་པའང་དེ་མཚུངས་རེད། ཡིནའང་རྒྱུ་གསོག་པ་ནི་ལུས་སེམས་ལ་བདེ་བ་རག་ཆེད་ཡིན་པ་ང་ཚོས་གསལ་པོ་ཤེས་དགོས་པ་རེད། གལ་ཏེ་དེ་ལྡན་ཡོད་ཚེ་བེད་སྤྱོད་ཤེས་པ་དགོས་རྒྱུ་ཧ་ཅང་གི་གནད་དོན་རེད་མི་ཚེ་འདིར་དཔལ་འབྱོར་ཁེ་རྐྱང་གི་ཕན་ནུས་མེད་པ་ཧ་གོ་དགོས་པ་རེད། དེར་བརྟེན་དེང་སྐབས་འབྱོར་ལྡན་ཁྱིམ་མི་འགའ་ནང་ཆོས་ལ་དགའ་བ་དང་ཉམས་ལེན་ཡང་ལེགས་པོ་གནངབ་་ཉུང་ཙམ་མཐོང་རྒྱུ་ཡོད་འཛམ་གླིང་མི་འབོར་ཆ་ནས། དེ་རྣམས་སུ་དཔལ་འབྱོར་ནི་སྐྱུ་བྲོ་བའི་ཟས་ཞིག་ཡིན་པ་ངེས་ཤེས་དང་ ཆོག་ཤེས་ཀྱི་ལས་བསྡོམས་ཤིག་ཡོད་པ་གསལ་པོ་རེད། སོང་ཙ་བོད་པ་ཡང་ཁ་ནས་༧་སྐྱབས་མགོན་རིན་པོ་ཆེ་ཞེས་མ་འབོད་པ་དོན་ལ་རྒྱུ་ཡོད་པ་དེར་ཆོག་ཤེས་ཀྱིས་སྤྱི་ཚོགས་ལ་སྨིན་པའི་བྱ་བཞག་འདྲ་སྒྲུབ་པའི་མིག་རྒྱན་དགོས་པ་གལ་ཆེ་རེད། དཔའ་འབྱོར་གསོག་སྒྲུབ་ནི་མང་བ་གཡོ་རྒྱུ་དང་ མགོ་སྐོར། རྫུན་གཏམ། བསླུ་བྲིད། གཞན་རྒྱུ་ཧམ་ཟས། སོགས་ནས་ཡོང་གི་ཡོད་པས་འཆི་ཁར་དཔལ་འབྱོར་གྱི་འབྲས་བུ་ལ་བསྡོམས་རྩིས་བྱས་ཚེ་མཐའ་ཐུག་མྱ་བར་ལྷུང་བའི་འབྲས་བུ་སྒྲུབ་པ་རང་རེད་ངེད་ནང་པ་རྣམས་སུ་ཨ་ནི་བྱ་བ་འདི་བཟང་ངན་གང་འདྲ་ཞིག་ཡིན་པ་ཤེས་ཀྱང་ཚེ་རྫོགས་ཟིན་པས་དུས་ཚོད་བཟང་པོ་མེད་པ་རེད་བོད་པ་ཚོ། ད་སྔ་ལམ་ངན་འབྲས་དོར་ནས་དུས་རབས་ཉེར་གཅིག་པའི་སྤུས་གཙང་བོད་པ་གཅིག་སྒྲུབ་ཐབས་ལ་འབད་དགོས་པ་ངས་གལ་ཆེ་མཐོང་ནས་ལོ་ཉི་ཤུ་འགྲོ་བཞིན་འདུག་ཨ་ཀ་སེམས་པ་སྐྱོ་བ་ལ་ [Sob][Sob]

    Reply
  2. ཀརྨ་རྒྱལ་མཚན། says:
    ལོ་ 13 སྔོན།

    ཐོག་མར་དབྱིན་ཇི་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཁོང་བོད་མི་རིགས་ལ་ཤ་ཚ་ཅན་ལོ་མང་བོད་སྐད་ལ་དོ་སྣང་དང་བོད་ཀྱི་བུ་མོ་ཡང་ཁབ་ཏུ་བཞེས་པ་བཀའ་དྲིན་ཆེ།
    འོན་ཀྱང་ངོས་ཀྱི་བསམ་ཚུལ་ལ་མི་རིགས་དཀར་པོ་ཞིག་གི་བོད་པ་ཚོ་ཕྱུག་པོ་ཆགས་རྒྱུར་དགའ་པོ་བྱེད་ཀྱི་འདུག་ཟེར་བ་ཙམ་ལ་ཡ་མཚན་སྐྱེ་རྒྱུ་གང་ཡང་མེད་
    གང་ལ་ཟེར་ན་ཁོང་རང་གི་བཤད་པ་དེ་ཁོ་རང་གི་སྣང་ཚུལ་དང་མཐོང་ཚུལ་གྱི་སྒོ་ནས་བཤད་པ་རེད་ཁོང་ལྟ་བུ་ལ་ཆ་མཚོན་ན་འབྱོར་ལྡན་ཅན་གྱི་རྒྱལ་ཁབ་ནང་སྐྱེས་པ་དང་དེར་སློབ་སྦྱོང་མཐར་སོན་པ་ཞིག་གི་ལྟ་ཚུལ་ཞིག་དང་ང་ཚོ་བོད་མི་རང་ཡུལ་བྲལ་ཏེ་གཞན་ཡུལ་དཀའ་སྡུག་ཚད་མེད་མྱོང་བའི་མྱོང་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རེད་ང་ཚོ་བོད་པར་དངུལ་ལོས་དགོས་ང་ཚོར་དངུལ་ཡོད་པ་དང་ཕྱི་རྒྱལ་མགོ་སེ་ཚོར་དངུལ་ཡོད་པ་གཉིས་ཡོད་ལུགས་མི་འདྲ་བ་ཡོད་ང་བོད་མི་ཚོ་ནང་མི་ཕ་མ་སྤུན་མཆེད་སྐྱོ་པོ་ཚོར་མི་རེ་ངོ་རེའི་ངོས་ནས་རོགས་གང་ཐུབ་བྱེད་ཀྱི་ཡོད། མགོ་སེ་ཚོས་དངུལ་བཟོ་སྟངས་དེ་ང་ཚོའི་བློ་ཡུལ་དུ་མི་ཤོངས་བའི་འདོད་རྔམས་ཆེན་པོ་དེ་འདྲ་ཡོད་དེ་ནི་ངེས་པར་དུ་སྤང་དགོས་པ་ཞིག་ལས་ང་ཚོའི་དངུལ་དེ་ཁ་ཚ་དགོས་ཏུག་རང་གཞན་ཀུན་ལ་ཕན་པ་ཞིག་ཡིན་བསམ།

    Reply
  3. མཉམ་ཞུགས says:
    ལོ་ 13 སྔོན།

    དྲ་གྲོགས་བོད་དགའི་སྐད་ཆ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་པ་མ་ཟད་མ་ཧ་ཅང་ཉམས་མྱོང་གི་ཐོག་ནས་བཤད་པའི་སྐད་ཆ་ཞིག་རེད།སྤྱིར་བཏང་འཇིག་རྟེན་འདིའི་སྟེང་འཚོ་གནས་བྱེད་པའི་མི་དཀྱིལ་མ་ཞིག་ཡིན་ཚེ་ཕྱུག་ཆགས་མི་འདོད་མཁན་དང་དངུལ་དང་དཔལ་འབྱོར་ལ་མི་དགའ་བ་ཞིག་ཡོད་མི་སྲིད་ལ་དེ་ནི་གནས་ཚུལ་ཡག་པོ་ཞིག་ལས་ངན་པ་ཞིག་གཏན་ནས་མིན།འོན་ཀྱང་ཚུལ་མིན་གྱི་ཐབས་ལམ་ཐོག་ནས་ཕྱུག་པོ་ཆགས་རྒྱུའི་འབད་བརྩོན་བྱེད་པ་ནི་ཡག་པོ་ཞིག་གཏན་ནས་མ་རེད།དེ་ལྟར་བསམ་བློ་བཏང་ཚེ་ང་ཚོ་བོད་མི་ལས་མགོ་སེར་དེ་ཚོའི་ནང་དངུལ་གྱི་ཆེད་དུ་སོ་སོའི་ཕ་མ་དང་བུ་ཕྲུག་ཁྲིམས་ལ་སྦྱོར་མཁན་དང་ལྐོག་གསོད་བྱེད་མཁན་གྱི་གནས་ཚུལ་མི་ཉུང་བྱུང་དང་འབྱུང་བཞིན་ཡོད་ལ་ང་ཚོ་བོད་མིའི་དེ་འདྲ་ཕལ་ཆེར་བསམ་བློའི་ནང་དུ་འཁོར་མི་སྲིད་པ་ཞིག།ད་དུང་ཕྱི་རྒྱལ་མགོ་སེར་ཚོའི་ནང་ཁག་ཅིག་གི་ང་ཚོའི་རིག་གཞུང་དང་མི་རིགས་ལ་ཤ་ཚ་ཡོད་མདོག་མདོག་གིས་དོན་དངོས་ཐོག་སོ་སོའི་དངུལ་འཚོ་ཐབས་དང་སོ་སོའི་སྙན་གྲགས་རྒྱས་ཆེད་བེད་སྤྱོད་གཏོང་མཁན་ཧ་ཅང་པོ་ཡོད་པ་ཡང་དངོས་ཡོད་གནས་ཚུལ་རེད།སྤྱིར་ང་ཚོའི་མི་རིགས་འདི་གཤིས་རྒྱུད་དྲང་དྲགས་པའི་རྐྱེན་གྱིས་མགོ་སེར་ཚོ་གཙོས་མི་རིགས་གཞན་གྱི་བཅོས་མའི་འཛུམ་མདངས་ཀྱིས་བསླུ་བྲིད་ཐེབས་པ་ཧ་ཅང་མང་པས་ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པར་སེམས།བོད་མིའི་ནང་དངུལ་གྱི་ཆེད་དུ་ཁྲིམས་འགལ་བྱེད་མཁན་མེད་པ་གཏན་ནས་མིན་མོད་མི་རིགས་གཞན་དང་བསྡུར་ཚེ་ང་ཚོའི་མི་རིགས་འདི་ནི་ཆེས་བཟང་སྤྱོད་ལྡན་པ་དང་ཆེས་ཡ་རབས་སྤྱོད་བཟང་གི་མི་རིགས་ཤིག་ཆགས་ཀྱི་ཡོད་པ་ང་ཚོས་ངེས་པར་ཤེས་པའང་གལ་ཆེན་པོར་མཐོང་སྟེ་འདི་ལྟར་བཤད་པ་ཡིན།འདིར་དྲ་གྲགས་འགས་བཤད་སྟངས་ལ་ལྟོས་ཚེ་ང་ཚོ་བོད་མི་རིགས་ཟེར་བ་འདི་དངུལ་དང་ཕྱུག་པོ་ཆགས་རྒྱུ་མ་གཏོགས་གང་ཡང་བསམ་གྱི་མེད་པའི་མི་རིགས་ཤིག་ཡིན་པ་འདྲ་བོ་བཟོས་འདུག།

    Reply
  4. ལུང་རྟོགས། says:
    ལོ་ 13 སྔོན།

    ཕྱུག་པོ་ཆགས་ན་མི་འདོད་པའི་མི་ཞིག་དཀོན་པོ་ཡིན་རྒྱུ་རེད། འོན་ཀྱང་ཕྱུག་པོ་ཆགས་རྒྱུའི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་པ་ནི་ཧ་ཅང་ཐབས་སྡུག་རེད། བཙན་བྱོལ་བོད་པ་ཕལ་མོ་ཆེས་ཕྱུག་པོ་བཟོ་ཆེད་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཐར་བའི་དོན་དུ། ཆེ་ས་ནས་བོད་དོན་དང་ཆུང་ས་ནས་རང་གི་ཁྱིམ་ཚང་ཡང་ཆད་བློས་གཏོང་རྐྱང་བྱེད་པ་འདི་ནི་ངོ་མ་བསམ་བློ་བཏང་དགོས་པའི་གནད་དོན་ཞིག་རེད།

    Reply
  5. བོད་དགའ། says:
    ལོ་ 13 སྔོན།

    ཕྱུག་པོ་ཆགས་མི་འདོད་མཁན་ཞིག་འཛམ་གླིང་ན་ཉུང་ཤས་ཞིག་ལས་རག་གི་མ་རེད། དྲང་པོར་བཤད་ན་ཕྱི་རྒྱལ་བ་འགའ་ཞིག་གིས་དེང་སང་བོད་པའི་རིག་གཞུང་དང་བཟང་སྤྱོད་ལ་ནག་ཐིག་རྒྱག་གིན་འདུག དང་པོ་གང་འཚམས་ཤིག་བྱ་རྒྱུ་ཡིན་མདོག་མདོག་བྱེད། ནང་ཆོས་ལ་ཞུགས། གྲྭ་པ་ཨ་ནེའི་སྡོམ་པ་ལེན་ཀྱང་བྱེད། རྗེས་སུ་ཁྲིམས་ལྟར་སྲུང་མི་ཐུབ་དུས་ཡོད་ཚད་བོད་མི་དང་བོད་པའི་སྲོལ་རྒྱུན་ཐོག་ལ་གཡུག་ཆོག་ཆོག་བྱེད། དངོས་གནས་བོད་པ་ལ་ཤ་ཚ་སྙིང་རྗེ་ཡི་ཡོད་ན་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་རིགས་ཁོ་ཚོའི་ཡུལ་མིའི་ཡུལ་ཁྲིམས་དང་མཐུན་པའི་སྤེལ་ཆོག་མོད། དེ་ནི་ཁ་ཙམ་ལས་དོན་ཡང་དག་ལག་ལེན་སྟར་མཁན་ཤིན་ཏུ་དཀོན། རྒྱུ་མཚན་ནི། ཆབ་སྲིད་ཀྱི་ལས་ཀར་ལྟ་ས་དང་ཡོང་སྒོ་གང་ཡང་མེད་ནི་རེད། ནུབ་ཕྱོགས་ཁུལ་དུ་ནུབ་ཕྱོགས་པས་ཡོང་སྒོ་མེད་པའི་ལས་ཀ་བྱེད་མཁན་ཞིག་ཕལ་ཆེར་ཉིན་མོའི་སྐར་མ་རེད། འདི་ནི་ངའི་ལོ་གསུམ་བཞིའི་རིང་གི་ཉམས་མྱོང་ཡིན། དགེ་ཆོས་ཀྱིས། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་གྱིས། གསུངས་དགོས་པར་རྒྱུ་མཚན་ལོས་ཡོད།

    Reply
  6. ལི་ཐང་ཆུ་ཐུག says:
    ལོ་ 13 སྔོན།

    དབྱིན་ཇི་འདིས་བཤད་པ་ངོ་མ་བདེན་པ་རེད། སྤྱིར་བཏང་ཕྱུག་པོར་ཆགས་རྒྱུར་དགའ་མཁན་དེ་བོད་པ་དང་ཕྱི་རྒྱལ་གཉིས་གཅིག་མཚུངས་ཡིན་རྒྱུ་རེད། འོན་ཀྱང་ཕྱི་རྒྱལ་མགོ་སེར་ཚོ་ལ་མཚོན་ན་ཁྲིམས་དང་མི་གཞན་གྱི་ཐོབ་ཐང་དང་རང་དབང་སོགས་ལ་བརྩུ་བཀུར་བྱེད་པ་རེད། བོད་པ་ཚོ་སྒོར་མོ་ལ་ཐུག་ཡོང་དུས་ཁྲིམས་མེད་ལུགས་མེད། ཐ་ན་ངོ་ཚོ་དང་ཆོས་དད་སོགས་ཀྱང་ཡ་མེད་གཏོང་གི་རེད།

    Reply
  7. གངས་ལྡོམ། says:
    ལོ་ 13 སྔོན།

    ཕྱུག་པོ་ཆགས་འདོད་མེད་པའི་མི་རིགས་སམ་རྒྱབ་ཁབ་ཅིག་ཡོད་རྒྱུ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese