མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཁུངས་ཁག་གིས་ཀྱང་རང་ཁ་རང་གསོ་ཡོང་ཐབས་ལ་འབད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གངས་སྐྱིད་དུ་ས་གནས་མགོ་འཛིན་གྱི་འཛིན་སྐྱོང་ཚོགས་འདུ་ཐེངས་དགུ་བ་དེ་དབུ་འཛུགས་གནང་བའི་ཐོག་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་ཁག་གི་རྩིས་ཞིབ་སྙན་ཐོ་དང་ལས་དོན་ཅི་བྱས་གསལ་བོ་བཟོ་དགོས་པའི་ལམ་སྟོན་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩།༠༠ སྟེང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ནང་སྲིད་ཁྱབ་ཁོངས་འོག་གི་རྒྱ་བལ་འབྲུག་གསུམ་བོད་མིའི་གཞིས་ཆགས་དང་། ཁ་འཐོར་ས་གནས་ཁག་གི་ས་གནས་མགོ་འཛིན་རྣམ་པའི་འཛིན་སྐྱོང་ལས་དོན་དང་འབྲེལ་བའི་ཚོགས་ཆེན་ཐེངས་ ༩ པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་ ༤༢ ནས་ཕེབས་ཡོད་ཅིང་། ཚོགས་འདུ་དབུ་འབྱེད་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་སྡེ་ཚན་འགན་འཛིན་རྣམ་པ་བཅས་ཕེབས་འདུག

སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོིག་གིས་གསུང་བཤད་གནང་དོན། “ འཛིན་སྐྱོང་ནང་གཅིག་ནས་ལས་དོན་ཚེགས་ཚུད་ཡོང་དགོས་པ་དང་། གཉིས་ནས་རྩིས་ཀྱི་ཐོག་ནས་གཙང་མ་ཞིག་མ་བྱུང་བ་ཡིན་ན། ལས་ཀ་ཡག་པོ་ཅི་ཙམ་བྱས་ཀྱང་ལས་འགན་འགྲུབ་ཐུབ་ཡོད་པ་མ་རེད། དེའི་ཕྱིར་ད་ལྟ་ནས་ཚགས་ཚུད་དང་ཕྱི་གསལ་ནང་གསལ་དགོས་པ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་དུས་ནས་དུས་སུ་བཀའ་གནང་བ་དེ་ཚོ་སྙིང་ལ་བཅངས་ཏེ། དྲང་བདེན་དང་ཕྱི་གསལ་ནང་གསལ། དམངས་གཙོའི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་འདོན་པ། གསར་གཏོད་ག་རེ་བྱེད་རྒྱུ་འདུག སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་གི་ལྟ་གྲུབ་རང་ཁ་རང་ གསོའི་ཐད། མི་མང་ལ་མར་རང་ཁ་རང་གསོ་དགོས་པ་རེད་ཅེས་ལབ་པ་ལས། ང་ཚོ་འགན་འཁུར་མཁན་ཚོའི་ངོས་ནས་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་ཐབས་དང་། ས་གནས་མགོ་འཛིན་ལས་ཁུངས་སོ་སོ་རང་ཁ་རང་གསོ་ཡོང་ཐབས་ལ་ག་རེ་བྱེད་དགོས་ཀྱི་འདུག ད་ལྟ་བལྟས་པ་ཡིན་ན། ས་གནས་མགོ་འཛིན་སུམ་ཅུ་སོ་གྲངས་ཤིག་གི་དངུལ་རྩིས་དེ་དབུས་ལ་ཞུ་དགོས་པ་ཆགས་ཡོད་པ་དང་། དབུས་ནང་སྲིད་ལས་ཁུངས་ཀྱང་རང་ཁ་རང་གསོའི་གནས་སྟངས་ཡག་པོ་ཞིག་བྱུང་ཡོད་པ་མ་རེད།  ཡིན་ནའང་། བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་སྐྱོ་བོ་རེད་ ཅེས་ཞུ་ཡི་མེད། ད་ལན་གྱི་འཛིན་སྐྱོང་ཚོགས་འདུ་འདི་གལ་ཆེན་དུ་རྩི་བཞིན་ཡོད་པ་ལྟར་ཚོགས་ཐོག་ཏུ་ང་ཚོ་ཚང་མས་འགན་འཁུར་ཏེ་གསལ་བོ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད། ”ཅེས་གསུངས་པ་དང་འབྲེལ། ས་གནས་ཁག་ནས་རྩིས་ཞིབ་སྙན་ཐོ་རྣམས་དུས་ཐོག་ཏུ་ཁ་གསལ་བཟོ་དགོས་པ་དང་། རྩིས་ལེན་རྩིས་འབུལ་སྐབས་ཡིག་ཆ་རྩིས་སྤྲོད་ཙམ་མ་ཡིན་པར་ལས་དོན་རྩིས་སྤྲོད་ཐུབ་པ་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱིར་བཏང་བཀའ་ཤག་གིས་གཟིགས་སྐྱོང་གནང་གི་ཡོད་ཀྱང་། ཉིན་རེ་བཞིན་ས་གནས་ཁག་གི་གནས་ཚུལ་རྣམས་གདོང་ལེན་གནང་མཁན་དེ་ས་གནས་མགོ་འཛིན་རྣམས་ཆགས་ཡོད་སྟབས། བཀའ་ཤག་གི་ངོས་ནས་རྒྱུན་དུ་རྒྱབ་སྐྱོར་དང་ཡིད་ཆེས་གཙང་མ་ཡོད་པ་ལྟར། ས་གནས་མགོ་འཛིན་རྣམས་པའི་ཉམས་མྱོང་གཞིར་བཟུང་མ་འོངས་ཕྱག་ལས་གནང་སྟངས་ཐོག་སྙིགས་དོར་བཅུད་ལེན་གྱིས་ཕན་ཚུན་བཀའ་སྡུར་ཡོང་ཆེད་ད་ལན་གྱི་ཚོགས་འདུ་དེ་གོ་སྒྲིག་བྱས་ཚུལ་དང་།  དེ་བཞིན། འདས་པའི་ལོ་གཉིས་རིང་ཚང་མའི་འབད་བརྩོན་ལ་ བརྟེན་ནས་སྔར་ལྟར་ཕྱག་ལས་ཚགས་ཚུད་དང་སྤྱི་ཚོགས་ལྷིང་འཇགས་ཡོང་ཡོད་པ་རྒྱུན་འཁྱོངས་དགོས་པ། ས་གནས་མགོ་འཛིན་རྣམས་པས་དབུ་ཁྲིད་དེ་མི་མང་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཚོགས་ཐོག་ཏུ་ས་གནས་མགོ་འཛིན་རྣམས་པས་ཚོགས་ཆེན་ཐེངས་ ༨ པའི་གྲོས་ཆོད་ཁག་ལག་བསྟར་ཇི་བྱུང་སྐོར་སྙན་གསེང་ཞུ་རྒྱུ་དང་། ཉམ་ཐག་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ། གཞིས་ས་བདག་འཛིན་དང་རང་ཁ་རང་གསོ། དེ་བཞིན། ལས་བསྡོམས་ཞིབ་ཚགས་སླད་མགོ་འཛིན་རྣམས་པས་ཉིན་དེབ་འབྲི་ཉར་གནང་ཕྱོགས། སྔོན་རྩིས་སྟངས་འཛིན་དང་རྩིས་ཞིབ་སྙན་ཐོར་ཐུགས་ཞིབ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པའི་སྙན་ཐོ་ཁག་ལ་ལན་འདེབས་གསལ་བཤད་ཞུ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་བདུན་གྱི་ལས་དོན་དང་འབྲེལ་བའི་ལམ་སྟོན་གནང་རྒྱུ།

དེ་བཞིན། འཆར་ཟླ་ཚེས་ ༢ དང་ ༣ ལ་ཁན་ཡཱ་རཱ་ལམ་གྱི་ཀཱར་ནའི་ཀཱ་རི་སོར་ཊི་(Hotel Karnika Resort)གསོལ་མགྲོན་ཁང་དུ། ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་དཔལ་འབྱོར་བཀའ་བློན་དང་བདེ་སྲུང་བཀའ་བློན། བཀའ་ཟུར་བསྟན་པ་ཚེ་རིང་བཅས་གདན་འདྲེན་གྱིས་བོད་མིའི་གཞིས་ཆགས་སྲ་བརྟན་དང་བདེ་འཇགས། དེ་བཞིན་བོད་དོན་འཐབ་རྩོད་གནང་ཕྱོགས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་ཀྱི་ཐོག་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 5

  1. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    རྡ་སའི་ཆབ་སྲིད་བདུད་འདྲེའི་དཀྱིལ་འཁོར་དུ།།
    ལོ་བཟང་སེང་གེ་མིང་ལས་དབང་ཚད་མེད།།
    ར་སྡེ་གོ་ས་ཡོད་ཀྱང་དབང་ཆ་མེད།།
    ར་སྡེ་བློ་སེང་གཉིས་ལ་དབང་ལྡན་ཤོག།

    Reply
  2. གངས་ལྡོམ། says:
    ལོ་ 13 སྔོན།

    དེ་ལ་རྒྱབ་སྐྱོར་ཆེན་པོ་ཡོད།
    ཁ་ཤས་ཀྱིས་རྟག་པར་སྐྱོན་བརྗོད་བྱེད།

    Reply
  3. གངས་ཕྲུག says:
    ལོ་ 13 སྔོན།

    ཉེ་བའི་ལོ་ཤས་ནང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེའི་ནང་གཞུང་དང་སྒེར་པའི་ཚོགས་པ་བོད་ཁྱིམ་སོགས་སུ་ལྐོག་བཟའ་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་དང་འགྲོ་བཞིན་ཡོད་པ་དངོས་གསལ་དོད་པོ་རེད། འོན་ཀྱང་འགའ་ཤས་ལ་ཞི་མའི་སྐྱག་པར་ཐལ་བ་བཀབ་ནས་བཞག་ཀྱང་རྗེས་སུ་རླུང་བུས་འཁྱེར་ནས་ཕྱོགས་གང་སར་དྲི་ངན་ཁྱབ་ཡོང་བཞིན་འདུག དེ་ཚོ་ད་ལྟ་ནས་བཀག་འགོག་མ་འབྱུང་ཚེ་རྗེས་སུ་རི་བོ་ཐག་པ་མི་འདང་དཔེ་བཞིན་ཆག་རྒྱུ་སྨོས་མི་དགོས་པ་རེད།
    སྲིད་སྐྱོང་ལགས། རང་ཁ་རང་གསོ་དང། གསར་གཏོད་མ་འབྱང་ཡང་ལྐོག་བཟའ་བྱེད་མཁན་དང་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་མུ་མཐུད་ནས་ཤུགས་གནོན་གནང་རོགས་ཞུ་རྒྱུ་ཡིན།

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    མི་རྗེ་སྲིད་སྐྱོང་མཆོག་ལ་འཚམ་འདྲི་ཞུ་བ་དང་ཆབ་ཅིག་གང་གི་མཛད་འགན་ལ་ཡིད་རངས་དང་། བསྔགས་བརྗོད་ཞུ་རྒྱུ་ཡིན་དེ་ནི་རང་ཉིད་བོད་པ་གཅིག་ཡིན་པ་དང་ང་ཚོར་ན་གཞོན་མཁས་དབང་ཅན་གྱི་དབུ་ཁྲིད་གསར་པ་གདམས་པ་ལོ་རྒྱུས་ནང་ཐེངས་དང་པོ་དེ་རེད། ཁྱེད་ནི་བོད་དང་བོད་མིར་དག་ཡོད་པས་རྒྱལ་ཁབ་ནི་མི་མང་ལ་དག་ཡོད་པ་རེད་དབུས་བསྒྲིགས་འཛུགས་ནི་བོད་དང་བོད་མིར་དག་པ་རེད། འབྱུང་རྩ་་མགོན་ཡིད་བཞིན་ནོར་བུས་བཀྲིན་ལས་ཡིན་པ་བརྗོད་མ་དགོས་པ་རེད། དེར་བརྟེན་ནོར་འཁྲུལ་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་མི་མང་གིས་གནོན་ཤུགས་སྤྲོད་ཐུབ་ཚེ་ནོར་འཁྲུལ་ལ་གཡོ་ཐུབ་པ་རེད། མ་གཏོགས་དེང་སྐབས་ཡར་ཐོན་ཅན་མང་གཙོ་རྒྱལ་ཁབ་ནང་དུ་བ་ཕྱུར་བཞིན་པའི་དབང་ཆ་གཅིག་བསྡུས་མིན་པ་དབང་ཤུགས་གཅིག་བསྡུས་ཀྱི་ལྟ་བ་ཡོང་སྲིད་པ་རེད་དེ་ནི་ང་ཚོ་མི་མང་ལ་གཟབ་དགོས་པའི་བྱ་བ་ཡིན་ལ་དུས་ནས་དུས་སུ་དོ་སྣང་དགོས་པ་ཧ་ཅང་གལ་ཆེ་འདུག། རང་ཁ་རང་གསོ་ཞེས་ཚིག་དོན་ཆུང་ཆུང་ཡོད་ཕུགས་བསམ་ལྷིངས་ལ་འབད་ཚེ་གལ་ཆེ་རེད། གནད་དོན་ནོ་བོད་གཞོན་ནུ་ན་གཞོན་ཚོར་ཐུག་ཡོད་ལ་ཕྲག་པར་འོས་འགན་ཡང་ཆེན་པོ། དེང་སྐབས་ང་ཚོར་ན་གཞོན་ཤེས་དཔལ་གཉིས་ལྡན་མང་པོ་ཡོད་ལ་མི་དཔེ་གསར་གཏོད་ཐུབ་པའི་རིགས་རྐང་འཛིན་པ་མི་ཉུང་བ་ཡོད། ད་ཤེས་དཔལ་གཉིས་བསྡོམས་གཉིས་མི་རིགས་དང་རྒྱལ་ཁབ་ཞབས་འདེགས་ཞུ་བ་ལས་གཞན་ཐབས་ཤེས་ནི་ང་ཚོར་མི་འོས་པ་རེད་ལ་འཛམ་གླིང་བསྒྱུར་འགྲོས་ལ་བལྟས་ཀྱང་མི་མཚམས་པར་མངོན་ཡོད་ད་ཤུགས་རྒྱག་དགོས་ཞེས་འབོད་སྐུལ་ཞུ་བ་ཐལ་སོང་།

    ༼ བོད་བདེན་པ་ཉིད་རྟག་ཏུ་རྒྱལ་གྱུར་ཅིག ༽

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཐེངས་དགུ་པའི་གཞིས་མགོའི་ཚོགས་འདུའི་མཛད་སྒོ་ཚ་ག་ཚུག་གེ་དེ་ལྟ་བཞིན་ཡིན་ལ། སྐུ་ངོ་ལྷ་ལྕམ་རྒྱ་རི་སྒྲོལ་མའི་བཀའ་མོལ་དེས་རང་དབང་མེད་པར་གད་མོ་ལྷུག་ལྷུག་ཅིག་བསླངས་སོང། དངོས་གནས་རེད། ལས་ཀ་བྱེད་མཁན་དང་སྣེ་ཁྲིད་མཁན་ཚོས་མི་མང་ལ་རང་ཁ་རང་གསོ་རང་ཁ་རང་གསོ་ཟེར་རྒྱུ་ལས། མི་མང་རང་ཁ་རང་གསོ་ཡོང་ཐབས་ཀྱི་ཐབས་ལམ་ལུ་གུ་བརྒྱུད་དུ་འདོན་རྒྱུ་གལ་ཆེན་རེད་ལ། དེ་ལྟར་བཏོན་པ་ཡིན་ན་གསར་གཏོད་མ་རེད་ཅེས་སུ་གང་གིས་ཞུ་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese