མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་དང་ཁ་གྱེས་མི་རུང་།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

སློབ་དགེ་རྡོ་རྗེ་རིན་ཆེན།

      འཛམ་གླིང་གི་འགྲོ་བ་མིའི་རིགས་གང་ཞིག་ཡིན་ཡང་སྐད་ཡིག་ལྡན་པའི་མི་རིགས་ཤིག་ཡིན་ན། སྐད་ཡིག་གིས་མི་རིགས་དེའི་སྐད་ཆ་མཚོན་ཞིང་སྐད་ཆས་མི་རིགས་དེའི་བསམ་བློ་མཚོན། བསམ་བློས་མི་རིགས་དེའི་མི་གཤིས་རིན་ཐང་མཚོན་པར་ངོས་འཛིན་བྱེད། དེས་ན་བོད་མི་རིགས་འདིར་དུས་སྔ་མོ་ནས་རང་རྐྱ་འཕེར་ངེས་ཀྱི་སྐད་དང་ཡི་གེ་ཡོད་པ་མ་ཟད། དེས་བརྗོད་བྱར་བྱས་པའི་སངས་རྒྱས་ཆོས་ཀྱི་བྱམས་པ་དང་བརྩེ་བ་ཡོད་ལ།  ད་དུང་གཡོ་སྒྱུ་ཁྲམ་གསུམ་སྤངས་པའི་འཚེ་མེད་ཞི་བ་དང་གཞན་ཕན་སྙིང་རྗེ་སོགས་ཀྱང་ཡོད་པ་མིན་ནམ། དེ་དག་ནི་གློ་བུར་བ་ཞིག་མིན་པར་མི་ལོ་ཆིག་སྟོང་ལྷག་གི་གོང་རོལ་ནས་བོད་མི་རིགས་འདིའི་སེམས་ངོར། མི་རབས་ནས་མི་རབས་རིམ་པར་ཕ་ཤུལ་བུ་འཇགས་ཀྱིས་བྱུང་སྟེ་དུས་ད་གཟོད་བོད་མི་རིགས་ལ་མི་རིགས་གཞན་ལྷག་གི་མི་གཞི་རིན་ཐང་བྲལ་བ་ཞིག་བསྐྲུན་ཡོད།
      དེ་ཡང་ ༸གོང་ས་མཆོག་གིས་
༡༽ “ ང་ཚོ་བོད་པར་འཛམ་གླིང་ནང་དོ་སྣང་དང་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། དེ་ནི་ང་ཚོ་བོད་མི་རྣམས་རྣམ་པ་མཛེས་དྲགས་ནས་དགའ་མོས་བྱེད་པ་མིན་ལ། དེ་བཞིན་ལུས་སྟོབས་ཆེ་དྲགས་ནས་དགའ་མོས་བྱེད་པ་ཡང་མིན། བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་ནས། བོད་མི་རིགས་ལ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་འབུར་དོད་ཅིག་ཡོད་པ་དེ། ཁྱིམ་ཚང་མི་རེ་ངོ་རེའི་ནང་གོམས་གཤིས་བག་ཆགས་ཤིག་འཇགས་ཡོད་སྟབས། འཛམ་གླིང་ནང་བོད་པ་ཟེར་དུས་མི་མང་པོས་ཡ་རབས་བཟང་སྤྱོད་ལྡན་མཁན་ཞིག་དང་། རྒྱུ་འབྲས་ཀྱིས་བདེན་དཔང་ཐུབ་མཁན་ཞིག་ལ་ངོས་འཛིན་གྱིས་དགའ་མོས་བྱེད་བཞིན་ཡོད་” ཅེས་པ་འདིས། བོད་མི་རིགས་ལ་མི་རིགས་གཞན་ལས་ལྷག་གི་མི་གཞིའི་རིན་ཐང་ཞིག་ཡོད་པ་རྟོགས་ནུས།  

དང་པོ། སྐད་ཡིག་དང་མི་གཤིས།

      བཟང་སྤྱོད་ལྡན་པའི་བོད་མི་ཞིག་གི་གྲུབ་ཆ་དེ་རང་གི་ཕ་མེས་ཀྱི་སྐད་ཡིག་ལ་བརྟེན་ཡོད། དེ་ཡང་མི་གཤིས་འགྲུབ་བྱེད་དེ་སྐད་ཡིག་ཡིན་ཞིང་། སྐད་ཡིག་དང་མི་གཤིས་གཉིས་རྒྱུ་འབྲས་ལྟ་བུ་ཡང་ཡིན། གལ་ཏེ་བོད་རིགས་ཤིག་རང་གི་སྐད་ཡིག་དང་ཁ་བྲལ་ན། མི་དེའི་ཤ་ཁྲག་རུས་གསུམ་བོད་རིགས་ཡིན་ནའང་། དེའི་མི་གཤིས་དོད་དུ་མི་གཤིས་གཞན་ཞིག་གིས་ཚབ་བྱས་ཡོད་སྟབས། དེའི་བསམ་སྤྱོད་རྣམས་ཀྱང་བོད་མིའི་རང་གཤིས་དང་ཐ་དད་དུ་འགྲོ་བཞིན་ཡོད། གསལ་བོར་བཤད་ན། རང་ཉིད་གཞན་སྐད་སྨྲ་མཁན་ནས་སྐྱེས་འཚར་བྱུང་བ་དེས་རང་གི་བསམ་བློ་གཏོང་ཕྱོགས་དང་། གོམས་སྲོལ་རྣམས་ཀྱང་སྨྲ་བཞིན་པའི་སྐད་ཡིག་དེས་རྗེས་འཁྲིད་བྱས་ཏེ། ད་གཟོད་རང་ཉིད་ནི་རང་ཉིད་མ་ཡིན་པའི་མི་རིགས་གཞན་ཞིག་གི་སློབ་གསོའི་བསྒྱུར་བཀོད་འོག་ཚུད་པའི་ཤ་རུས་བོད་རིགས་དང་། འདུ་ཤེས་གཞན་རིགས་སུ་གྱུར་པའི་མི་གཤིས་ཤིག་ཏུ་གྲུབ་ཡོད། དེར་བརྟེན། བོད་མི་རིགས་ཀྱི་མི་གཞིའི་རིན་ཐང་དེ་མངོན་ཚུལ་མེད་པ་ཞིག་གོ།
     དེས་ན་བོད་རིགས་རྣལ་མ་ཞིག་བྱེད་འདོད་པ་ཚོས་བོད་རང་གི་སྐད་ཡིག་ལ་ཁ་འབྲལ་མི་རུང་བ་སྟེ། རང་གི་སྐད་ཡིག་ནང་བྱམས་པ་དང་བརྩེ་བའི་
སྐྱུར་རྩི་ཡོད་ཅིང་། སྐྱུར་རྩི་དེ་བོད་མི་མི་རེ་ངོ་རེའི་སེམས་ཀྱི་གཏིང་རིམ་བརྒྱུད་རང་གི་ཡུལ་སྐད་དམ་ཁ་སྐད་དུའང་རིག་གཞུང་དེས་ལྷད་ནས། བོད་སྐད་སྨྲ་ཞིང་བོད་ཡིག་སྤྱོད་མཁན་གྱི་སེམས་གཤིས་དང་། དེ་དང་བྲལ་བའི་སེམས་གཤིས་གཉིས་མི་འདྲ་བའི་གནད་དམ་པ་ཡང་དེ་ལ་ཐུག་པའོ།།
      གཞན་དུ་ན་བོད་ཀྱི་སྐད་ཡིག་དང་དེ
འི་བརྗོད་བྱ་བྱས་པའི་བྱམས་བརྩེའི་སྐྱུར་རྩི་དེ་མདོ་དབུས་མཐོ་སྒང་གི་བོད་ཡུལ་ཙམ་དུ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུའང་རིག་གཞུང་དེ་སྔ་མོ་ནས་དར་ཁྱབ་ཆེན་པོ་བྱུང་ཡོད། དེའི་ཉེར་ལེན་གྱིས་ཡུལ་གྲུ་དེ་དག་གི་མི་གཤིས་ཀྱང་ཡུལ་གྲུ་གཞན་དག་གི་མི་གཤིས་དང་བསྡུར་ན། བོད་ཀྱི་སྐད་ཡིག་དང་འབྲེལ་ཐག་ཉེ་བའི་ཧི་མ་ལ་ཡའི་མི་རིགས་ཚོའི་སེམས་གཤིས་ཧ་ཅང་གིས་ལེགས་པོ་ཡིན་པར་ངོས་འཛིན་བྱེད་མཁན་མང་ལ། རང་ཉིད་ཀྱང་སྔ་ཕྱིར་ནུབ་ལ་དྭགས་དང་། སྤྱི་ཏི་སོགས་སུ་བསྐྱོད་པའི་བརྒྱུད་རིམ་ཁྲོད་ངོས་འཛིན་དེར་ཡིད་རྟོན་རུང་ངེས་ཀྱི་མྱོང་ཚོར་མང་དུ་བྱུང་། དེ་དག་ཐམས་ཅད་མདོར་བསྡུས་ན་རང་གི་སྐད་ཡིག་དང་འབྲེལ་བ་དམ་ཟབ་ཡོད་པའི་རྐྱེན་གྱིས་དེ་ལྟར་གཤིས་རྒྱུད་ལེགས་པའི་སྤྱི་ཚོགས་ཤིག་ཏུ་གྲུབ་པར་ཐེ་ཚོམ་མི་དགོས་པ་ཞིག་རེད།
       དེ་ཡང་བརྒྱ་ཕྲག་བཅུ་བདུན་པ་ནས་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བར་ནུབ་ཕྱོགས་པ་རྣམས། ནུབ་ཧི་མ་ལ་ཡ་རྒྱུད་ཀྱི་ལ་དྭགས་སུ་ཡུལ་སྐོར་དུ་བསྐྱོད་པའི་ཟིན་ཐོའི་རྩོམ་ཡིག་ཕལ་ཆེ་བའི་ནང་དུ། ལ་དྭགས་ཀྱི་མི་མང་ལ་ཐུན་མོང་གི་སྡོམ་ཚིག་ཅིག་འདི་ལྟར་བཀོད་ཡོད།
༢༽ཕྱིའི་མཐུན་རྐྱེན་དེ་ཙམ་འཛོམས་པོ་མེད་ཀྱང་། རྒྱུན་དུ་དགོད་སྒྲས་ཁེངས་པ་དང་། གདོང་འཛུམ་དམུལ་ལེ་སྡོད་པ། རང་གི་མི་ཚེ་ལ་ཡིད་ཚིམ་ཞིང་དྲང་ཚུགས་བརྟན་པ། གཞན་ལ་གནོད་མི་བསྐྱལ་ཅིང་བློ་གཏད་རུང་བ། རྫུན་ཤོད་མི་ཤེས་པ་དང་འདྲིས་སླ་བ། མཛའ་བརྩེ་ཆེ་ཞིང་ཆོག་ཤེས་པ། བློ་བདེ་བག་ཕེབས་ལྡན་པའི་དགའ་སྐྱིད་ཀྱིས་འཚོ་བའི་མི་རིགས་ཤིག་ལ་གཅིག་གྱུར་གྱིས་ངོས་འཛིན་གནང་ཡོད། 
     སྤྱིར་ནུབ་ཕྱོགས་ཡུལ་གྲུ་དག་དང་ཧི་མ་ལ་ཡའི་རི་གྲོང་ལ་དྭགས་ཀྱི་ཡུལ་འདི་གཉིས་བསྡུར་ཚེ།
ཕྱི་དངོས་པོའི་དཔལ་ཡོན་གྱི་འབྱོར་ཕྱུག་དེ་ལྡབ་བརྒྱ་འགྱུར་གྱིས་ནུབ་ཕྱོགས་པ་རྣམས་འཛོམས་ཆེ་བ་ཡོད་པ་སྨོས་ཅི་དགོས། འོན་ཀྱང་ནུབ་ཕྱོགས་པ་རྣམས་ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་རིག་གསར་མཐུན་རྐྱེན་གྱིས་ཅིའི་ཕྱིར་གདོང་ན་འཛུམ་མདངས་མེད་པ་དང་། སེམས་སུ་བདེ་སྐྱིད་མེད་པ། ད་དུང་དེ་ལས་ལྡོག་སྟེ་རང་སྲོག་གཅོད་མཁན་དང་སྙིང་ནད་ཅན་ཉིན་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་དམ།  དེ་ནི་མཐར་གཏུགས་ན་སློབ་གསོ་སྤྲོད་སྟངས་ལ་རག་ལས་ཤིང་། སློབ་གསོ་ནི་མི་སྡེའི་སྤྱི་ཚོགས་ཁྲོད་ཀྱི་སོ་སོའི་རིག་གཞུང་གི་ངོ་བོར་རག་ལས་པ་ཞིག་རེད། བོད་ཀྱིས་དབུས་ཧི་མ་ལ་ཡ་ཁུལ་དུ་གཅིག་གྱུར་གྱི་སེམས་རྒྱུད་འདུལ་ཐབས་གཙོ་བོ་བྱས་པའི་སངས་རྒྱས་ཆོས་ཀྱི་རིག་གཞུང་སྤུས་དག་ཅིག་དར་སྤེལ་བྱུང་པ་དེས་ས་ཁུལ་དེ་དག་ལ་མཚོན་ན། གཞན་རྣམས་ཀྱིས་བསྡུར་ཐབས་མེད་པའི་བསམ་བློའི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཡིན།
      དེ་ཡང་༸གོང་ས་མཆོག་གིས་
༣༽ “ ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་རིག་གཞུང་ནི། ནང་པའི་ཆོས་དང་འབྲེལ་བ་ཆེན་པོ་ཡོད་མཁན་ཞིག་དང་། ནང་པའི་ཆོས་ཀྱི་བསླབ་བྱ་ཤུགས་ཆེན་པོ་ཡོད་པའི་རིག་གཞུང་དེས། འགྲོ་བ་མི་ལ་བཟོ་ལྟ་གང་འདྲ་ཞིག་བཟོ་ཡི་ཡོད་དམ་ཞེ་ན། མི་དེ་རང་བཞིན་གྱིས་རྒྱུད་དུལ་བོ་དང་། ངང་རྒྱུད་རིང་པོ། ཕན་པའི་སེམས་པའམ། བཟང་པོའི་ཡོན་ཏན་ལ་རང་ཤུགས་ཀྱིས་དོ་སྣང་བྱེད་པའི་གོམས་གཤིས་འཇགས་ཡོང་གི་ཡོད། དེས་སྤྱི་ཚོགས་ནང་ཞི་བདེ་ཡོང་རྒྱུ་དང་། ཡང་སྒོས་མི་སྒེར་སོ་སོའི་བསམ་བློའི་ནང་ལ་ཞི་བདེའི་བག་ཕེབས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད།” ཅེས་གསུངས་པ་ལྟར། ནུབ་ཧི་མ་ལ་ཡ་ལ་དྭགས་དང་། སྤྱི་ཏི་སོགས་སུ་ད་དུང་རང་གི་སྐད་ཆའི་སྤྱོད་སྒོ་འབྲིང་ཙམ་ཡོད་པའི་ཁར།  རང་ཉིད་ཀྱི་སྐད་ཡིག་ཐོག་ཕ་མེས་ཡང་མེས་ནས་དར་བའི་སངས་རྒྱས་ཆོས་ཀྱི་ཤེས་ཡོན་སློབ་སྦྱོང་དང་། ཉམས་བཞེས་གནང་བའི་ལམ་སྲོལ་མ་ཉམས་པར་ཡོད་སྟབས། དུས་ད་ལྟའང་ཡུལ་གྲུ་དེ་དག་གི་མི་གཤིས་རིན་ཐང་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་གོ།  

གཉིས། སྐད་ཡིག་དང་གྱེས་པའི་མཇུག་འབྲས།

       འདི་ལོའི་དགུན་ཟླའི་གུང་སེང་སྐབས་ཤར་འབྲས་ལྗོངས་ཀྱི་ས་གནས་ཁག་ཅིག་ལ་བསྐྱོད། གནས་ཚང་འབྲས་ལྗོངས་པའི་ཁྱིམ་བདག་མས་འདི་ལྟར་བཤད་སོང་། ད་ལྟ་ང་ཚོ་ཤར་འབྲས་ལྗོངས་ཡུལ་དུ་སྔ་མོའི་བཟང་སྤྱོད་ཧ་ཅང་གིས་ཉམས་ཆག་ཏུ་ཕྱིན་ཏེ། སོ་སོའི་ཕ་མར་ལྟ་སྐྱོང་བྱེད་མཁན་ཡང་ཉུང་ཉུང་ཡིན་སྐོར་དང་། ད་ལྟ་རེ་ཟུང་གིས་ཕ་མར་ལྟ་སྐྱོང་ལེགས་པོར་བྱེད་ཀྱི་ཡོད་ཀྱང་། དེ་ཚོ་ཡང་སྔ་མོ་བོད་པའི་སློབ་གྲྭར་སྐྱོད་མྱོང་མཁན་གྱི་འབྲས་ལྗོངས་པ་དེ་འདྲ་རེད་ཅེས་བཤད་བྱུང་། ཁོ་མོའི་སྐད་ཆ་དེས་ང་ལ་བཅོས་མིན་གྱི་སེམས་ཚོར་ཞིག་དང་བཅས་ཀ་སྦུག་ཏུ་ཐོན། ཕ་རྒྱུད་འབྲུག་པ་དང་མ་རྒྱུད་འབྲས་ལྗོངས་པ་ཡིན་པའི་གནས་པོ་བསོད་ནམས་ཚང་ནས་སྐད་ཆ་དེ་ཞར་ལ་འཕྲོས་དུས། བུ་མོ་ཆུང་བ་ T.N.A. སློབ་གྲྭའི་བོད་ཀྱི་སྐད་ཡིག་དགེ་རྒན་ལེགས་བཟང་ཆོས་སྐྱིད་ཀྱིས་དེ་མ་ཐག་ “ དེ་དངོས་ནས་བདེན་པ་རེད། འདི་ཕྱོགས་ཀ་སྦུག་ཁུལ་ནས་ཀྱང་དེ་འདྲ་རེད། སྔ་མོ་བོད་པའི་སློབ་གྲྭར་འཛུལ་མྱོང་མཁན་དེ་ཚོ་མི་གཤིས་དྲང་མོ་འདུག་” ཟེར། བཀའ་མོལ་དེ་གཉིས་ཀྱིས་ངས་རང་གི་བོད་མི་རིགས་འདིའི་ཁོར་ཡུག་ནའང་། མི་གཤིས་སྐྱུར་རྩི་དེ་ལྟ་བུ་ཞིག་ཡོད་པའི་གཞི་རྩ་གང་ལ་གཏུགས་ཀྱང་གོང་བརྗོད་བཞིན་རང་གི་སྐད་ཡིག་ལ་རག་ལས་ཡོད་པར་གོ་རྟོགས་བརྙེས་ལ། དེ་ལས་ལྡོག་སྟེ་རང་གི་སྐད་ཡིག་དང་ཁ་གྱེས་ཚེ་ཤར་འབྲས་ལྗོངས་ཀྱི་ད་ལྟའི་གནས་བབ་འདི་བཞིན། རང་རེའི་བོད་མི་ཚོའི་མགོ་ཐོག་ཏུའང་ཡོང་རྒྱུར་ཉེ་བར་ངེས་ཚོར་ཟབ་མོ་བྱུང་།  དེ་བས་བོད་མི་ཞིག་ཡིན་ན་རང་གི་བོད་སྐད་བཤད་པ་དང་བོད་ཡིག་སྦྱང་རྒྱུ་ནི། འཕྲལ་ཡུན་ཀུན་གྱི་ཕན་བདེའི་གཞི་མ་ཉག་གཅིག་ཏུ་ཤེས་པར་རིགས་སོ་ཞེས་ཀྱང་ཕན་པའི་སེམས་ཀྱིས་སྐུལ་བའོ། །

                                                                                                                                                           

ལུང་ཁུངས་བཅོལ་གཞི།

༡ ༽ཕྱི་ལོ་ ༢༠༠༤ ལོར་ཁེ་ན་ཌར་དུས་དབང་ཐེངས་ཉེར་དགུའི་སྐབས་བོད་རིགས་མི་དམངས་ལ་སྩལ་བའི་འོད་སྡེར་ལས་ཕབ་བཤུས་བྱས།

༢ ༽ ཨབ་དུལ་གཱ་ནི་ཤེཁ་ཡི་རྩོམ་ཡིག་བཀྲ་ཤིས་རབ་རྒྱས་ཀྱིས་བསྒྱུར་པ་ལ་དྭགས་ཤེས་རབ་ཟོམ་ཕྱི་ལོ་ ༡༩༨༠ ལོའི་དཔེ་དེབ་ཏུ་གསལ།

༣ ༽ བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་པར་བསྐྲུན་བྱས་པའི་༸གོང་ས་མཆོག་གི་བཀའ་སློབ་པོད་ཕྲེང་དང་པོའི་ཤོག་གྲངས་ ༥༡༥ ལས་བཤུས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༧ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese