མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ནི་མའོ་ཙེ་ཏུང་གི་རྣམ་ཤེས་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཚོ་ཁྲང་ཆིན་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།

ཉེ་སྔོན་པེ་ཅིན་ནས་རྒྱ་ནག་གི་རྒན་རབས་པ་ཞི་གྲོང་ཅོན་ལོ་བརྒྱ་ལ་སོན་པའི་དགའ་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་ཚོགས་སོང་།  ཞི་གྲོང་ཅོན་ནི་ཁ་སང་དེ་རིང་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་མི་སྣ་ཞི་ཅིན་ཕིན་གྱི་ཕ་རྒན་ཡིན་སྟབས།  ས་ཆ་གང་ས་ནས་དགའ་སྟོན་གྱི་འཚམས་འདྲི་ཞུ་བཞིན་འདུག དེ་ཡང་། རྒྱ་ནག་གི་བཤད་སྲོལ་ཞིག་ལ། ཕ་ཡི་དྲིན་གྱིས་བུ་ཕྱུག་པོར་གྱུར་ཟེར། དེ་བཞིན་དུ། བུ་རྒྱལ་སྲིད་ལ་བསྡད་པའི་རྐྱེན་གྱིས་ཕ་ནི་རང་བཞིན་གྱིས་རྒྱལ་བོའི་ཡབ་ཆེན་དུ་གྱུར་སོང་བ་རེད།  དེ་བས།  འབངས་མི་ཀུན་གྱིས་པུས་མོ་ས་བཙུགས་ཏེ་ ‘ཁྲི་ལོ་ནས་ཁྲི་ལོར་ཤོག’ ཅེས་འབོད་དགོས་ཀྱི་རེད།

དགའ་སྟོན་མཛད་སྒོ་འདིས་མི་མང་པོ་ཞིག་ལ་བསྐྱར་དུ་ཞི་ཅིན་ཕིན་ཁྲི་ལ་བསྡད་རྗེས་ཀྱི་སྲིད་ཇུས་ལ་མནོ་བསམ་གཏོང་དུ་བཅུག་ཡོད། དེ་ཡང་། ཁོས་རྒྱ་ནག་གང་ཞིག་ཏུ་འཁྲིད་ནས་འགྲོ་བའི་གནད་དོན་དེ་རེད། ན་ནིང་ཕྱི་ཟླ་ ༡༡ པའི་ནང་ལ་ཞི་ཅིན་ཕིན་ཁྲི་ལ་བསྡད་དེ་གུང་ཁྲན་ཏང་གི་ལག་པ་ཡ་གཅིག་དང་། ཀྲུང་ནན་ཧེ་ཡི་ཆེས་མཐོའི་མགོ་ཁྲིད་ལ་གྱུར་ནས་དབང་འཛིན་གྱི་ལས་ཀ་བྱས་ཏེ་ཧ་ལམ་ལོ་ངོ་གཅིག་འཁོར་གྱིན་འདུག  ཡིན་ན་ཡང་། མི་མང་གི་མཐོང་ལམ་དུ་མངོན་པ་དེ་ནི།  ཁོས་མི་མང་གིས་རེ་ཞིང་ངང་སྒུག་བྱེད་བཞིན་པའི་ཆབ་སྲིད་ཀྱི་གསར་བརྗེ་དང་འཕོ་འགྱུར་དེ་མངོན་འགྱུར་བྱེད་ཐུབ་མེད་པ་མ་ཟད། དེ་ལས་ལྡོག་སྟེ། ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ཡི་དུས་སྐབས་ལས་ཀྱང་བསམ་བློའི་སྒེར་འཛིན་ཤུགས་ཆེ་རུ་གྱུར་འདུག

ད་ལྟ་ཡིན་ན། ཞི་ཅིན་ཕིན་དང་ཁོའི་ནང་མི་ཚང་མས་གཟབ་རྒྱས་ངང་ཁོ་རང་གི་ཕ་རྒན་ལ་རྟེན་འབྲེལ་ཞུ་བཞིན་འདུག  ཡིན་ན་ཡང་། ཁོའི་ཕ་རྒན་སྔོན་ཆད་གསར་བརྗེ་ཡི་སྙིང་སྟོབས་ཡོད་མཁན་ཞིག་རེད། རྒྱ་གཞུང་གི་ནང་ནས་བསམ་བློ་གུ་ཡངས་ཅན་གྱི་ཕྱོགས་གཏོགས་ཡིན་པ་ལས། མཁྲེགས་འཛིན་ཅན་གྱི་ཕྱོགས་སུ་མེད། དེར་བརྟེན། ཁོ་ལ་སྔོན་ཆད་མའོ་ཙེ་ཏུང་གི་གནོད་འཚེ་ཡང་ཐེབས་མྱོང་ཡོད། ཡིན་ན་ཡང་། ཞི་ཅིན་ཕིན་ཁྲི་ལ་བསྡད་རྗེས་ཀྱི་རྣམ་འགྱུར་ལ་བལྟས་ཡོང་ན།  དཔྱད་བརྗོད་པས་འདི་ལྟར་བརྗོད་དེ། ‘ཞི་ཅིན་ཕིན་ནི་ཁོའི་ཕ་རྒན་གྱི་བུ་དང་འདྲ་བོ་མི་འདུག  ཁོ་རང་མའོ་ཙེ་ཏུང་གི་བུ་དང་འདྲ་བོ་འདུག’ ཅེས་རྗོད་ཀྱི་ཡོད། རྒྱུ་མཚན་ནི། ཁོས་མའོ་ཙེ་ཏུང་གི་དར་ཆ་སྒྲེང་ཞིང་མའོ་ཙེ་ཏུང་གི་སྐད་ཆ་ཤོད་ཀྱི་ཡོད་པས་རེད། དོན་དངོས་ཐོག་ཁོས་མའོ་ཙེ་ཏུང་གི་སྲིད་དབང་སྒེར་འཛིན་གྱི་བསམ་བློ་དེ་རྒྱུན་སྐྱོང་བྱེད་ཀྱིན་འདུག

ཡིན་ན་ཡང་། མའོ་ཙེ་ཏུང་གི་དུས་སྐབས་ཀྱི་སྲིད་དབང་སྒེར་འཛིན་གྱི་བསམ་བློ་སོགས་གཡོན་ལྷུང་གི་ལམ་ཁ་དེ་ཡིས། རྒྱ་ནག་ཧ་ལམ་ཉམས་རྒུད་ནས་ཉམས་རྒུད་དུ་གྱུར་ཡོད། དེར་བརྟེན། མའོ་ཙེ་ཏུང་འདས་རྗེས་ཏིན་ཞོ་ཕིན་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ། དཔལ་འབྱོར་ཡར་རྒྱས་ཀྱི་སྒོ་ནས་གུང་ཁྲན་ཏང་གི་སྲོག་བསྐྱབས་པ་རེད། ཏིན་ཞོ་ཕིན་རང་ཉིད་ཀྱི་སྐད་ཆ་ཞིག་བཤད་ན། བསྐྱར་དུ་ཨུ་རུ་སུའི་ལམ་ཁར་མི་ཞུགས་སོ།།  ཁོས་བསམ་པར་ཨུ་རུ་སུ་ཐོར་ཞིག་ཏུ་གྱུར་རྐྱེན་ནི་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དུ་སོང་བས་ཡིན་པར་འདོད་ཀྱི་ཡོད། དེའི་རྗེས་ཀྱི་ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ཡི་དུས་སྐབས་སུ་ཡང་། རྩ་བའི་ལམ་ཁ་གཉིས་ཏེ། ཆབ་སྲིད་ཀྱི་ཕྱོགས་ནས་དམ་དྲག་དང་དཔལ་འབྱོར་གྱི་ཕྱོགས་ནས་གུ་ཡངས་སྲིད་ཇུས་ལག་བསྟར་བྱས་པ་དེ་གཉིས་རེད།

ཡིན་ན་ཡང་། ཆབ་སྲིད་ཐད་ནས་དེ་འདྲའི་དམ་དྲག་ཆེན་པོ་བྱས་དོན་ནི། རྒྱ་ནག་ནང་དང་ཕྱི་ལོགས་བཅས་སུ་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྒྲ་ཤུགས་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་ཕྱོགས་ཡོངས་ན་དམངས་གཙོའི་རླབས་རྒྱུན་དགུང་དུ་འཕྱོ་དང་འཕྱོ་བཞིན་པའི་རྐྱེན་གྱིས་ཡིན། དེ་བས། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་དམ་གྲག་ཆེན་པོ་བྱེད་ཐུབ་མེད། འདི་ལྟ་བུའི་རྒྱབ་ལྗོངས་འོག་ནས་ཞི་ཅིན་ཕིན་ཁྲི་ལ་བསྡད་ཅིང་། མི་རྣམས་ཀྱིས་ཁོས་རྒྱ་ནག་ལ་འགྱུར་བ་ཞིག་དང་གུ་ཡངས་སྤྱི་ཚོགས་ཤིག་བསྐྲུན་པ་དང་། ཡང་ན། སྤྱི་ཡོངས་ཆབ་སྲིད་ཀྱི་ཐད་ནས་གསར་བརྗེ་ཞིག་མ་བྱས་ན་ཡང་། རྒྱ་ནག་མི་མང་ཅུང་ཙམ་རང་དབང་ལྡན་པ་ཞིག་ཏུ་གྱུར་བའི་རེ་བ་བྱས་པ་རེད། ཡིན་ན་ཡང་། ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་ནས་ད་ལྟའི་བར་གྱི་སྲིད་ཇུས་ལ་བལྟས་ན། ཁོས་ཆབ་སྲིད་གུ་ཡངས་ཁྱོན་ནས་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ། སྔར་ལས་ཛ་དྲག་དང་ཇེ་དམ་ཇེ་དྲག་ཏུ་བཏང་འདུག་སྟེ། རྒྱ་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་བསམ་བློ་དེ་སྔར་ལས་གདུག་རྩུབ་ཅན་ཞིག་ཏུ་བཏང་འདུག

དཔེར་ན། ཞི་ཅིན་ཕིན་གྱིས་ཡང་ཡང་བརྗོད་པ་ལྟར། མའོ་ཙེ་ཏུང་གི་དུས་རབས་དང་ཁ་བྲལ་མི་རུང་སྟེ། མའོ་དང་གོང་བུ་གཅིག་ཏུ་གནས་པར་བྱེད་དགོས་ཞེས་རྗོད་ཀྱི་ཡོད་པ་དང་ །  དེ་ནས། ཨུ་རུ་སུ་གུང་ཁྲན་ཏང་ཐོར་ཞིག་ཏུ་སོང་བར་སེམས་གསོ་བྱེད་དུས་ཀྱང་། གུང་ཁྲན་ཏང་ཐོར་ཞིག་ཏུ་འགྲོ་བར་འགོག་མཁན་གྱི་ངེས་པ་དོན་གྱི་ཕོ་གསར་ཅིག་ཇི་ལྟར་མེད་པ་ཡིན་ནམ་ཞེས་ཀྱང་བརྗོད་ཡོད།  མདོེར་ན། ཞི་ཅིན་ཕིན་གྱི་རྣམ་འགྱུར་གསལ་བོ་རེད། ཁོས་གུང་ཁྲན་ཏང་གི་སྲིད་དབང་སྒེར་གཅོད་ཀྱི་སྲོལ་རྒྱུན་འདི་མུ་མཐུད་ནས་རྒྱུན་སྐྱོང་བྱེད་མཁན་གྱི་ཕོ་གསར་དེར། སྲུང་སྐྱོང་དང་རྒྱུན་འཛིན། ཁག་ཐེག་བྱེད་ཀྱི་ཡིན་པ་དེ་རེད། ཁོ་རང་གི་བཤད་སྤྱོད་དེ་ཚོ་ནི་ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ལས་ཀྱང་གཡོན་ཕྱོགས་སུ་ལྷུང་ཡོད་པ་མ་ཟད། ཐ་ན་མའོ་ཙེ་ཏུང་ལས་ཀྱང་བརྒལ་འདུག རྒྱུ་མཚན་ནི་མའོ་ཙེ་ཏུང་ནི་འདི་ལྟ་བུའི་ཆབ་སྲིད་སྨྱོ་སྤྱོད་པ་ཞིག་མིན་ཏེ། ཁོས་ལྐོག་ལྐོག་སུད་སུད་ཀྱི་སྒོ་ནས། འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་མི་དགོས་ཤིང་། འབྱོར་མེད་གྲལ་རིམ་གྱི་དམངས་གཙོ་དོན་གཉེར་བྱེད་འཇུག་གི་ཡོད་པ་མ་ཟད། ཐད་ཀ་ཐད་རྐྱང་གིས་དམངས་གཙོ་དང་རང་དབང་ལ་དགག་པ་ཡང་རྒྱག་ཐུབ་ཀྱི་མེད།

ཡིན་ན་ཡང་། ཞི་ཅིན་ཕིན་གྱིས་ཐད་ཀ་ཐད་སོ་དང་མངོན་གསལ་དོད་པོས་སྒེར་གཅོད་ཀྱི་ལས་ལ་འཇུག་གི་ཡོད། དཔེར་ན། སྨྲ་མི་རུང་བ་བདུན་བཏོན་པ་ལྟ་བུ་རེད། དེ་དག་ནི། གསར་འགྱུར་རང་དབང་སྨྲ་མི་ཆོག ཁྲིམས་ཞིབ་སྒེར་ཚུགས་སྨྲ་མི་ཆོག ཡོངས་ཁྱབ་རིན་ཐང་སྨྲ་མི་ཆོག ནུབ་ཕྱོགས་དམངས་གཙོ་སྨྲ་མི་ཆོག་པ་ལ་སོགས་པ་ལྟ་བུ་རེད། ཐ་ན། གཞུང་གི་ཚོགས་ཐོག་ནས་ཀྱང་འདི་ལྟར་བཀའ་སྒྲོག་གི་ཡོད་དེ། དྲ་ཐོག་ན་གཞུང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལངས་ཕྱོགས་ལ་ངོ་རྒོལ་དང་སྐྱོན་འཛུགས་བྱེད་མཁན་ཚོར་གཟབ་ནན་གྱིས་ལྟ་རྟོག་བྱེད་དགོས་པ་དང་། དེ་ནས། དྲ་རྒྱ་དང་དམངས་སེམས་ལ་སྟངས་འཛིན་བྱེད་དགོས་པ་མ་ཟད།  བསམ་ཚུལ་དང་ལྟ་ཚུལ་མ་འདྲ་བ་འདོན་མཁན་ཚོར་དམ་དྲག་དང་གཉའ་གནོན་བྱེད་དགོས་སོ།།

ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་ཀྱི་སྲིད་ཇུས་འདིས་བསྐྱར་དུ་རྒྱ་ནག་མི་མང་ལ་ཅི་ཞིག་གསལ་འདེབས་དང་དྲན་སྐུལ་གཏོང་གི་འདུག་ཅེ་ན། རྒྱ་གཞུང་གི་མཐོ་རིམ་མི་སྣས་འགྱུར་བ་གཏོང་ཡོང་བར་རེ་བ་མི་བྱེད་པར། ཆབ་སྲིད་སྤྱིའི་སྒྲོམ་གཞི་ལ་འགྱུར་བ་འགྲོ་བར་རེ་བ་བྱེད་འོས་པ་ཞིག་ཆགས་ཡོད། རྒྱ་ནག་གི་སང་ཉིན་གྱི་འགྱུར་བ་ནི། བསམ་བློའི་གོ་རྟོགས་སད་ཡོད་པའི་རྒྱ་ནག་མི་མང་ག་ཚོད་ཅིག་ཡོད་མེད་ལ་རག་ལས་ཡོད་པ་ལས།  མཐོ་རིམ་མི་སྣ་ཚོའི་འགྱུར་བ་ལ་དེ་ཙམ་རག་ལས་མེད། སྐད་ཆ་གཞན་ཞིག་གི་སྒོ་ནས་བཤད་ན། རེ་བ་ཡོད་ཚད་མི་མང་གི་བསམ་བློའི་གོ་རྟོགས་སད་པའི་སྟོབས་ཤུགས་ལ་བཅོལ་དགོས་པ་ལས། རྒྱ་གཞུང་གི་མཐོ་རིམ་མི་སྣའི་སྙིང་རྗེ་ལ་རེ་མི་རུང་བ་དེ་རེད།  གང་ལྟར། རྒྱ་ནག་གི་ཆབ་སྲིད་སྒྲོལ་གཞི་ཁྱོན་ཡོངས་ལ་འགྱུར་བ་ཐེབས་ཚེ། ད་གཟོད་གཞི་ནས་རྒྱ་ནག་ལ་དོན་དང་ལྡན་པའི་འགྱུར་བ་ཞིག་ཐེབས་ངེས་ཡིན།

མ་རྩོམ་གྱི་འབྲེལ་ཐག 

http://www.rfa.org/mandarin/pinglun/caochangqing/caochangqing-10242013121431.html

 

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༩ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 4

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ང་ཚོས་རྟག་ཏུ་དགྲ་བོའི་ཕྱོགས་ཀྱི་ལོ་རྒྱུས་དང་། ཆབ་སྲིད་ཀྱི་གནས་བབས། དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས། རིག་གཞུང་དང་དེ་འབྲེལ་སྤྱི་ཚོགས་དེའི་ཀུན་སྤྱོད་བཅས་ལ་གང་ནུས་ཀྱིས་དབྱེ་ཞིབ་བྱས་པར་བརྟེན། ད་གཟོད་གོ་སྐབས་དང་བསྟུན་པའི་སྒོ་ནས་དགྲ་རྒོལ་གྱི་བྱ་སྤྱོད་སྤེལ་ཚེ་དེས་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་འཐོབ་ངེས།
    གུས་ཁྲན་ཏང་ནས་བརྗོད་ན། མའོ་ཙོ་ཏོང་གི་དགོངས་པ་དང་། ཏིང་ཞོ་ཕིང་གི་རིག་པའི་གཞུང་ལུགས། ཅང་ཙི་མིན་གྱི་མཚོན་བྱེད་གསུམ། ཧའོ་ཅིན་ཐའོ་ཡི་འཆམ་མཐུན། ཞི་ཅིང་ཕིང་གི་ཀྲོང་གོའི་ཕུགས་འདུན་བཅས་ལ་བསམ་གཞིག་དང་རྒྱུས་ལོན་བྱ་རྒྱུ་བཅས་ནི་ང་ཚོའི་གལ་གནད་ཆེ་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཆགས་ཡོད་མོད། ཡིད་སྐྱོ་བ་ཞིག་ལ་གུས་ནས་འབོད་སྐུལ་ཐོག་དགོངས་ཚུལ་གསུང་མཁན་མེད་པ་དེས་ཕྲན་ལ་སེམས་འཁྲལ་ཕར་མ་ཞིག་ངང་གིས་སྟེར། དེའི་རྒྱུ་མཚན་ནི་གཞན་གང་ཡང་མིན་ཏེ་དགྲ་བོའི་ཕྱོགས་ཀྱི་གནས་ཚུལ་ལ་ཐུགས་སྣང་མེད་པ་དང་། དབྱེ་ཞིབ་དང་མཐའ་ན་ཚོད་དཔག་ཙམ་ཡང་བྱེད་མཁན་དཀོན་པས་ཡིན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ད་དུང་སྡོམ་ཚིག་འགོད་རྒྱུ་ཅུང་སྔ་དྲགས། གུང་ཁྲན་ཏང་ཡོན་ཞིག་གིས་ཏང་གི་ལ་རྒྱ་ལོས་འཁུར། གཙོ་བོ་མར་ལེ་རིང་ལུགས་པ་ངོ་མ་ཞིག་བྱེད་ཐུབ་མིན་དེ་རེད། དེར་ཡང་རྒྱུ་རྐྱེན་འཛོམས་དགོས། ཞི་ཅིན་ཕིན་ནི་རྒྱ་ནག་གོང་མ་མིན། རྒྱ་ནག་གི་གོང་མ་དག་ལས་ཀྱང་བཙན་པོ་གཅིག་བྱུང་བ་ནི་མའོ་ཙེ་ཏུང་ངོ།

    Reply
  3. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    བརྩེ་བའི་དྲ་གྲོགས་ལྷན་རྒྱས་སུ།
    ཞི་ཅིང་ཕིང་གིས་གསུང་བཞིན་པའི་ཀྲུང་གོའི་ཕུགས་འདུན་ཞེས་པ་དེར་ངོས་འཛིན་གནང་ཕྱོགས་དང་དེ་ལྟར་གནང་དོན་གྱི་སྐོར་གསུང་གནང་ཡོང་བར་རེ་འདུན་ཆེ་ཆེ།

    Reply
  4. གངས་ལྡོམ། says:
    ལོ་ 12 སྔོན།

    བོད་པ་ཚོས་ཤི་ཅིན་ཕིན་ལ་རེ་བ་རྒྱབ་གི་ཡོད་པ་དེ་སྟོང་པ་སྟོང་རྐྱང་རེད་ཤག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese