མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོའི་རྡོ་རིང་ཆེད་ཧིན་སྒོར་འབུམ་ ༦ ལྷག་བསྡུས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་འདས་པའི་ལོ་གཅིག་རིང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞས་སྣ་འཁྲབ་སྟོན་གྱི་སྐོར་སྐྱོད་བྱས་ཏེ། དཔའ་བོའི་རྗེས་དྲན་རྡོ་རིང་ཆེད་ཧིན་སྒོར་ ༦༨༡༧༥༦ བསྡུ་རུབ་བྱས་ཡོད་འདུག

ཁ་སང་དགོང་མོའི་ཆུ་ཚོད་ ༧ པ་ཡོལ་ཙམ་ལ་དྷ་ས་ཟློས་གར་ཚོགས་པའི་ཐང་ཆེན་དུ། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་འདས་པའི་ལོ་གཅིག་རིང་རྒྱ་གར་ནང་ལོགས་ཀྱི་གཞིས་ཆགས་ཁག་ ༢༦ ཙམ་ལ་སྐོར་སྐྱོད་བྱས་ཏེ། བོད་དོན་འཐབ་རྩོད་ཁྲོད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་རྡོ་རིང་བཞེངས་བསྐྲུན་ཀྱི་མ་དངུལ་འཚོལ་སྒྲུབ་བྱས་པའི་མཇུག་བསྡོམས་མཛད་སྒོ་༼དབྱངས་ལ་ཐིམ་པའི་རྗེས་དྲན་གྱི་རྡོ་རིང་༽ཞེས་པ་ཚོགས་སོང་།

མཛད་སྒོའི་ཐོག་གངས་དཀར་རིན་པོ་ཆེ་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འདུ་འཛོམས་བྱུང་སོང་། དགོང་ཚོགས་ཐོག་བཙན་བྱོལ་ནང་གི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་དང་ཕུར་བུ་རྣམ་རྒྱལ་ལགས། ཆོས་གྲགས་ལགས་སོགས་ཀྱིས་གཙོས་གཞོན་སྐྱེས་གཞས་པ་ཁག་ཅིག་གིས་གཞས་དང་ཞབས་བྲོ་འཁྲབ་སྟོན་དང་། ལོ་གཅིག་རིང་གི་རོལ་དབྱངས་སྐོར་སྐྱོད་ཀྱི་བྱུང་སོང་རྩིས་ཁྲ་སྒྲོགས་སྦྱང་གནང་པར། ཁྱོན་ཧིན་སྒོར་ ༡༢༣༤༩༤༢ དང་ཨ་སྒོར་ ༣༠ བྱུང་བ་ལས་ཧིན་སྒོར་ ༥༥༣༡༨༦ འགྲོ་སོང་བཏང་རྗེས། ལྷག་མ་ཧིན་སྒོར་ ༦༨༡༧༥༦ ཡོད་སྐོར་ངོ་སྤྲོད་གནང་སོང་།

སྐབས་དེར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་སློབ་སྟོན་པ་ཟླ་བ་རིན་ཆེན་ལགས་ཀྱིས། བོད་ནང་འདས་པའི་ལོ་མང་རིང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ ༣ ནང་སྤུན་ཟླ་མང་པོ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ཡོད་སྟབས། ཛ་དྲག་གི་དུས་ཚོད་འདིར་སོ་སོའི་ནུས་པོས་ལྕོགས་ཚོད་ཀྱི་ལས་ཀ་ཞིག་བྱེད་ཐུབ་ཀྱི་ཡོད་ན་བྱེད་དགོས་པ་ལྟར། དུས་ཡུན་ལོ་གཅིག་ནང་བཙན་བྱོལ་གྱི་གཞས་པ་གང་མང་མཐུན་ཚོགས་ནང་བསླེབས་ཐུབ་པ་བྱས་ཏེ། མཐུན་ཚོགས་ཀྱི་ངོས་ནས་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ཐུབ་པ་དང་། འཛམ་གླིང་གི་སྡིངས་ཆའི་ཐོག་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ། བཙན་བྱོལ་ནང་གི་གཞས་པ་ཚོས་བོད་ནང་གི་གཞས་པ་ཚོའི་མགྲིན་ཚབ་པ་བྱས་ཏེ། རང་དབང་མེད་པའི་རང་གི་ལུང་པའི་གནས་སྟངས་དེ་རང་དབང་ཡོད་པའི་གཞན་གྱི་ལུང་པར་ཁྱབ་བསྒྲགས་ཀྱི་ལས་འགན་མཐའ་འཁྱོལ་བ་ཞིག་གནང་དགོས། ཞེས་སོགས་བརྗོད་སོང་།

དེ་རྗེས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བརྗོད་དོན། “བཙན་བྱོལ་སྤྱི་ཚོགས་ནང་ཚོར་བ་རྣོན་པོ་བསླེབས་པའི་སྐབས་སུ་གཞས་གཏོང་མཁན་དང་ཞབས་བྲོ་རྒྱག་མཁན་བྱུང་བ་ཡིན་ན། ཛ་དྲག་གི་སྐབས་སུ་གཞས་གཏོང་གི་འདུག་ཅེས་ཁ་གཏོང་མཁན་མང་པོ་ཡོད་པ་རེད། ཡིན་ནའང་། དེ་འདྲའི་གནས་སྟངས་ལ་བརྟེན་ནས་ཚོགས་འདུ་ཞིག་ཚོགས་པ་ཡིན་ན། ཕལ་ཆེར་མི་ལྔ་དྲུག་མ་གཏོགས་མ་ཡོང་བའི་གནས་སྟངས་མང་པོ་ཆགས་ཡོད་པ་རེད། དེ་རིང་གི་གནས་སྟངས་འདིར་བལྟས་པ་ཡིན་ན། གཞས་དང་ཞབས་བྲོ་ཡི་འདུ་འཛོམས་ཐོག་མི་མང་པོ་འཛོམས་ཀྱི་ཡོད་ལ། འཛོམས་པ་དེ་ཡང་གདུང་སེམས་མཉམ་སྐྱེད་དང་དེ་རིང་གི་དམིགས་ཡུལ་ག་རེ་ཡིན་པ་ཧ་གོ་བའི་ཐོག་ནས་འཛོམས་ཀྱི་ཡོད་སྟབས། ངེས་པར་དུ་ང་ཚོའི་སྤྱི་ཚོགས་འདི་དང་ལྷག་པར་དུ་དེང་དུས་ཀྱི་སྤྱི་ཚོགས་འདིའི་ནང་ལ་གཞས་དང་ཞབས་བྲོ། རོལ་དབྱངས་ཟེར་བ་དེ་མེད་ཐབས་མེད་པ་ཞིག་དང་། མི་མང་གིས་དོ་སྣང་ཆེན་པོ་བྱེད་པའི་གཞི་རྩ་ཞིག་ཆགས་ཡོད་པ་ངོས་འཛིན་བྱས་ཐོག མཐུན་ཚོགས་ཀྱི་རེ་ཞུ་ལྟར་བཀའ་སྤྱི་གཉིས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ཡོད་པ་རེད།”ཅེས་གསུངས་བ་དང་འབྲེལ། བཙན་བྱོལ་གཞས་པ་རྣམས་ཀྱིས་བོད་ནང་གི་གཞས་པ་ཚོའི་མགྲིན་ཚབ་པ་བྱེད་ཐུབ་པའི་ཐོག་ནས་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྒང་སྟོན་ཐུབ་པ་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་ཡང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་མཁྱེན་བརྩེ་ལགས་ཀྱིས་འདི་གའི་གསར་འགོད་པར། བཀའ་སྤྱི་གཉིས་ཀྱིས་རྒྱབ་གཉེར་གནང་བ་ལྟར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ངོས་ནས་བོད་ཆོལ་ཁ་གསུམ་གྱི་གཞས་པ་ ༩ ས་གནས་ཁག་ཏུ་ཆེད་སྐྱོད་ཀྱིས། ས་གནས་ཁག་གི་གཞས་པ་གཞས་མ་ཚོ་དང་མཉམ་འབྲེལ་གྱིས་ལོ་གཅིག་རིང་རྒྱ་གར་ནང་ལོགས་ཀྱི་བོད་མི་འདུས་སྡོད་ཁུལ་ ༢༦ ཙམ་ལ་སྐོར་སྐྱོད་བྱས་ཏེ། དཔའ་བོའི་རྗེས་དྲན་རྡོ་རིང་བཞེངས་སྐྲུན་གྱི་མ་དངུལ་གསོག་སྒྲུབ་བྱས་ཡོད་པ་ལྟར། དང་ཐོག་རྡོ་རིང་བཞེངས་ཡུལ་ལྔ་བདམས་ཡོད་ཀྱང་། ཕྱིས་སུ་བཙན་བྱོལ་བོད་མིའི་འདུས་སྡོད་ཁུལ་ཆེ་ཤོས་དང་། ལྷག་པར་དུ་གདན་ས་གསུམ་གྱི་གནས་ཡུལ་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཞེངས་གཏན་འཁེལ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༢ པའི་ནང་བཞེངས་མགོ་རྩོམ་རྒྱུ་ཡིན་ལ། གལ་སྲིད་མ་དངུལ་གྱིས་མ་འདང་བ་བྱུང་ཚེ་སྐུ་སྒེར་ཡིག་ཚང་སོགས་སུ་སྙན་ཞུ་འབུལ་འཆར་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

 

 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. བསམ་པ་དོན་གྲུབ། says:
    ལོ་ 13 སྔོན།

    བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཅག་གིས་བོད་སྤྱི་བའི་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག ཚོགས་པ་འདི་ཐོག་མ་བཙུགས་སྐབས་ནས་དོ་སྣང་ཆེན་པོ་བྱས་པ་ཡིན། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཐོག་དང་པོའི་རྒྱུན་ལས་ཁྲོད་བལ་ཡུལ་གྱི་གཞས་པ་ཆོས་གྲགས་དང་། ལྡི་ལིའི་གཞས་པ་མཁྱེན་བརྩེ། དྷ་སའི་གཞས་པ་སོག་ཤོད་དར་རྒྱས་དང་རྟ་མགྲིན་ཚེ་བརྟན་བཅས་བདམས་པ་རེད་ཅེས་གོ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese