མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གློག་བརྙན་ནང་གི་བོད་དོན།

བོད་ཀྱི་དུས་བབ།
༢༠༡༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་ངྷ་རམ་ས་ལ་ན་གློག་བརྙན་དུས་སྟོན་གྱི་འགྲན་བསྡུར་ཞིག་འགྲོ་བཞིན་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་། པར་པ་བློ་བཟང་དབང་རྒྱལ་གསུམ་གྱིས་སྔ་རྗེས་སུ་བོད་ཀྱི་གློག་བརྙན་དུས་སྟོན་དང་། ངྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་མིང་མི་འདྲ་བའི་འོག་གློག་བརྙན་དུས་སྟོན་སྣ་ཚོཊ་གོ་སྒྲིག་བྱེད་ཀྱིན་འདུག འདིས་བཙན་བྱོལ་སྤྱི་ཚོགས་ལམ་ཕྱོགས་གསར་པ་ཞིག་ལ་སྟ་གོན་བྱས་པ་མཚོན་ཡང་། དུས་ཚོད་ཀྱི་ཆ་ནས་ང་ཚོ་རྟོག་སད་བྱུང་ཚད་འཕྱི་དྲགས་འདུག་ལ། རྣམ་འགྱུར་ཀྱི་ཐོག་ནས་ཀྱང་གློག་བརྙན་ཐད་གདེང་འཇོག་དམའ་དྲགས་འདུག 

            གནས་ཚུལ་དང་བསམ་ཚུལ་ཁག་ཐོག་མ་ཡིག་ཐོག་ནས་ཀློག་རྒྱུ་དར་ཞིང་། དེ་ནས་ཨ་ཅོག་གིས་ཉན་རྒྱུ་བྱུང་། དེང་སྐབས་མིག་གིས་ལྟ་རྒྱུར་འཕེལ་བཞིན་པའི་སྐབས་འདིར། ཕོ་མོ་རྒན་དར་གཞོན་གསུམ་སུ་ཞིག་ཡིན་རུང་གློག་བརྙན་ལ་མི་དགའ་མཁན་མེད། འཛམ་གླིང་ཐོག་གི་མི་སྣ་སྐད་གྲགས་ཅན་དག་གློག་བརྙན་འཁྲབ་སྟོན་པ་ཡིན་ལ། རྒྱུ་ཆེན་ངོ་ཆེན་དང་མི་ཚང་མའི་སྣང་བར་འགྲོ་ཤོས་ཀྱང་གློག་བརྙན་འཁྲབ་སྟོན་པ་གསར་བུ་གསར་མོ་དེ་ཚོ་ཡིན། གློག་བརྙན་ལ་རྒྱལ་ཁོངས་དང་མི་རིགས། ཆོས་ལུགས་དང་ཡུལ་སྲོལ་སོགས་ཀྱི་ས་མཚམས་མེད།

            རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་རྒྱ་ཆེ་ཤོས་གློག་བརྙན་ཡིན་ལ། འཛམ་གླིང་མི་མང་གི་སེམས་ངོར་འཇུག་ཤོས་ཀྱང་གློག་བརྙན་ཡིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གློག་བརྙན་དུས་སྟོན་གོ་སྒྲིག་དང་། གློག་བརྙན་སྒྲིག་སྦྱོར་བྱེད་མཁན་རེ་ཟུང་གཞི་ནས་བྱུང་དང་འབྱུང་གི་ཡོད་མོད། གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་རེ་གཉིས་མ་གཏོགས་མེད་པ་དང་། གློག་བརྙན་ཕབ་ལེན་པ་དང་འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་བསྐྱར་ཞིབ་པ་དང་སྐད་སྒྱུར་བ་སོགས་ཀྱི་ས་མིག་འདི་ད་དུང་སྟོང་པར་ལྷག་ཡོད།    

            གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བོད་དོན་ལས་འགུལ་མར་མེ་ཁྲོམ་སྐོར་དང་འདུ་འཛོམས་སྐད་འབོད་ལ་གསར་བརྗེ་བྱས་ཏེ། གློག་བརྙན་འཁྲབ་སྟོན་དང་གློག་བརྙན་བསྒྱུར་སྐྲུན། གློག་བརྙན་འཁྲབ་གཞུང་རྩོམ་སྒྲིག་བཅས་སུ་མི་རྒྱུ་དུས་ཚོད་གསུམ་གྱི་འགྲོ་གྲོན་གཏོང་དགོས། ཐང་ལ་ཐོན་ཏེ་མི་མང་ཕུང་གསོག་དང་དུས་ཚོད་བཏང་སྟེ་སྐད་འབོད་ཁྲོམ་སྐོར་ལ་མུ་གེ་ཐེབས་ན། ཁྱིམ་ནས་ལག་རྩལ་བཀོལ་ཅིང་། རུམ་ནས་དངུལ་སྒོར་བཏང་སྟེ། བརྡ་འཕྲིན་བརྒྱུད་ལམ་ཐོག་ནས་བོད་དོན་རྩོད་སྟངས་སློབ་དགོས། རྒྱ་ནག་གཞུང་གིས་གནའ་ནས་གནད་དུ་ཤེས་ཡོད་ཅིང་། ན་ནིང་ད་ལོར་ཐཱང་བོད་འབྲེལ་བའི་ལོ་རྒྱུས་ནས་ཤུགས་རྒྱག་གིན་ཡོད།

            བོད་པའི་བླ་སྤྲུལ་རྒྱུ་ཆེན་ཚོས་གློག་བརྙན་ཕབ་སྐྲུན་ཐོག་དངུལ་དངོས་ཀྱི་སྦྱིན་བདག་དང་། བོད་པའི་ཆབ་སྲིད་པ་ངོ་ཆེན་ཚོས་ཀྱང་གློག་བརྙན་འཁྲབ་སྟོན་པ་ཚོར་འབྲེལ་ལམ་བཙུགས་ཏེ། བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་དང་བོད་དོན་གློག་བརྙན་ཕབ་སྐྲུན་ཐོག་འབད་དགོས། དེ་སྔོན་རྫོང་གསར་མཁྱེན་བརྩེ་མཆོག་གིས་འཁྲབ་ཁྲིད་གནང་བའི་ཕོར་པ་དང་། ཆང་ཧུབ་ཐེངས་གཅིག་སོགས་ཀྱིས་རྒྱལ་སྤྱིར་སྐད་གྲགས་བཞག་ཡོད་ལ། བཀའ་འགྱུར་རིན་པོ་ཆེ་མཆོག་གིས་ཀྱང་ཨ་སྒོར་ས་ཡ་གསུམ་གྱི་བོད་པའི་གློག་བརྙན་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད་རབས་འདུག

            བོད་རྒྱའི་གནད་དོན་བྱུང་རིམ་དང་བོད་མིའི་འཐབ་རྩོད་བརྒྱུད་རིམ། རང་ལུས་མེར་བསྲེགས་གནས་ཚུལ་སོགས་ལག་རྩལ་དང་སྤུས་ཚད་མཐོ་བའི་དངོས་བཀོད་གློག་བརྙན་(documentary)སྒྲིག་སྦྱོར་དང་། བོད་པའི་སྲིད་དོན་ལོ་རྒྱུས་མི་སྣ་དང་ཆབ་སྲིད་བཙོན་པ་གྲགས་ཆེན། ཡིག་ཐོག་དང་ངག་ཐོག་གི་སྒྲུང་དང་གཏམ་རྒྱུད་སོགས་འཁྲབ་གཞུང་རྩོམ་སྒྲིག་གིས་ཆེད་སྒྲིག་གློག་བརྙན་(Feature Film)ཕབ་སྐྲུན་བྱས་ཏེ། སྐད་ཡིག་འདྲ་མིན་ཐོག་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་དགོས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist