མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་ཀྱི་སོན་རྩ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ།

ཉེར་གཅིག་དུས་རབས་འདིར་སྐྲ་སེར་པོ་དང་སྐད་སྦྲགས་མ་སྨྲ་བར་སྤྲོ་བའི་བོད་རིགས་བྱིས་པ་འདི་དག་མཐོང་ཐེངས་རེར་སེམས་གཏིང་ནས་ཁོ་ཆད་ཡོང་བཞིན་འདུག མ་ཟད་འདི་དག་གིས་ཕྱིའི་རྣམ་པ་སྒྱུར་བཞིན་པའི་སྒང་ལ་ནང་བསམ་བློ་ཡང་ཡོངས་སུ་བཅོས་བསྒྱུར་བྱེད་པར་དང་འདོད་ཆེན་པོ་བྱེད་བཞིན་འདུག་གོ།

ནང་གི་སེམས་ཁམས་དེ་ཉིད་དོན་དངོས་ཀྱིས་གསར་གཏོད་ཀྱི་འགྱུར་བཅོས་ཤིག་ཡིན་ན་ཆོག་མོད། འདི་དག་གིས་གསར་པ་རུ་འདོད་པའི་ནང་གི་སེམས་བློའི་འཁོར་ཕྱོགས་ཡོད་ཚད་མི་རིགས་ཀྱི་རིག་གནས་ལ་སྐྱོན་འཛུགས་དང་། རང་རེའི་སྔོན་རབས་ཀྱི་སྐྱེས་ཆེན་དམ་པ་དག་ལ་དམའ་འབེབས། ད་ཡོད་མཁས་པ་རྒན་རབས་ཚོར་བསྙོན་འཛུགས་བྱེད་རྒྱུ་ལས། མི་རིགས་ཤིག་ཡར་ཐོན་བྱེད་པའི་བསམ་སྤྱོད་དམ་ཡང་ན་མི་རིགས་ཀྱི་སྣེ་ཁྲིད་པའི་བསམ་བློ་ཞིག་ནི། གཏན་ནས་མི་འདུག་གོ།

བོད་ཕྱི་ནང་གི་རྩོམ་པ་པོར་ཁས་འཆེ་བ་མང་དག་ཅིག་གིས་རང་ཉིད་བསམ་བློ་པ་རུ་བཅའ་འདོད་འདུག་ལ། བསམ་བློ་བ་རུ་བཅས་པའི་མཐར་ཐུག་གི་ཐེམ་སྐས་ལྟ་བུ་ནི། མི་རིགས་ཀྱི་རིག་གནས་དང་མེས་པ་གོང་མར་དགག་རྒྱག་བྱ་རྒྱུ་དང་པོར་བཟུང་ནས་འདུག་སྙམ། མཐོ་སློབ་དག་ནས་ཐོན་ཡོང་བའི་བསམ་བློ་བ་རུ་འདོད་པ་དག་གི་སྣང་ངོར་རང་རེ་མི་ རིགས་ལ་ཡོད་པ་ནི། སྐད་ཡིག་གཅིག་པོ་ལས་མ་འདས་སོ།།

ཁ་ནས་ལ་རྒྱ་ཞེས་ཇི་ལྟར་བཤད་ཀྱང་ཆོག་ལ། ལག་པས་མི་རིགས་ཞེས་ག་ཚོད་བྲིས་ཀྱང་ཆོག་མོད། དོན་དམ་གྱིས་མི་རིགས་ལ་ཤ་ཚ་ཞིང་། སྙིང་ཉེ་བ་ཞིག་ཡིན་ཚེ། མི་རིགས་དེའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། དཀའ་བ་བརྒྱ་ཕྲག་སྤྱད་པའི་སྔོན་རབས་མེས་པོ་གོང་མ་དག་སེམས་བསམ་པའི་གཏིང་དང་ སྙིང་རུས་པའི་གསེང་ལ་ཡོད་དགོས་པ་རེད་འདོད།

མེས་པོ་སྐྱོན་ཅན་ཞིག་ལས་མེད་པ་དང་། རིག་གཞུང་ཕན་མེད་ཅིག་ལས་མེད་པའི་མི་རིགས་ཤིག་དོན་དངོས་ས་ཆེན་གྱི་འཇིག་རྟེན་འདིར་གནས་ཀྱང་དགོས་པ་དེ་ཙམ་མེད་ལ། མ་གནས་ཀྱང་འཛམ་གླིང་གི་མི་དམངས་ལ་གྱོང་གང་ཡང་མེད་པ་རེད། དེ་ལྟ་ན་ང་ཚོས་ཀྱང་མི་རིགས་ཞེས་ག་ཙམ་བྲིས་པ་དང་། ལ་རྒྱ་ཞེས་ག་ཚོད་མོལ་ཡང་དགོས་པ་ཆེན་པོ་ཞིག་གཏན་ནས་མཐོང་མ་གྱུར།

གཞོན་སྐྱེས་གང་མང་ཞིག་མེས་པོ་གླེང་བར་མི་དགའ་ལ། རིག་གཞུང་སྦྱང་རྒྱུར་མི་སྤྲོ་བར་རྩོམ་ཡིག་ཡིན་ཞེས་པའི་ཚིག་འགའ་ཤས་ནམ་རྒྱུན་ ནས་འབྲི་བཞིན་འདུག་མོད། མེས་པོ་གོང་མ་དག་དང་དེ་དག་གིས་ཤུལ་བཞག་རིག་གནས་མི་དགོས་པའི་རྩོམ་ཡིག་དག་ནི། ཆུ་ནང་ལ་འོག་རླུང་བཏང་བ་དང་ཁྱད་པ་ག་རེ་འདུག་ཨང་།

མི་རིགས་ཀྱི་ལ་རྒྱ་འཛིན་པ་ནི་གསར་གཏོད་ཅེས་ཁ་གཡང་སྒྲོག་རྒྱུ་ཙམ་དང་། མི་རིགས་ཀྱི་རིག་གནས་ལ་སྐྱོན་འཛུགས་རྒྱུ་ཙམ་ག་ལ་ཡིན་འདོད། མི་རིགས་ཀྱི་ལ་རྒྱ་འཛིན་པ་ནི་མི་རིགས་ཀྱི་རིག་གནས་ལ་སྦྱོང་བརྩོན་དང་། སྔོན་རབས་མེས་པོ་དག་གི་མཛད་རྗེས་ལ་ཕྱིར་རྟོགས་བྱས་ཏེ། རིག་གནས་རྒྱུད་འཛིན་དང་མཛད་རྗེས་གོང་བཀུར་བྱ་རྒྱུ་ཞིག་ཡིན་པར་འདོད།

དོན་དངོས་གནས་བྱས་ན། མི་རིགས་ཀྱི་སོན་རྩ་ཡིན་མིན་གྱི་གནད་འགག་གཙོ་བོ་ནི་ཕ་མ་བོད་རིགས་ཡིན་པ་ཙམ་གྱིས་ག་ལ་ཆོག བྱིས་པ་དེ་མི་རིགས་གང་དེའི་སོན་རྩ་ཡིན་པའི་རྩ་བའི་འགག་རྩ་ནི། མི་དེའི་སེམས་རྒྱུད་ལ་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཞིག་དང་། རིག་གཞུང་ལ་ལྟ་ཚུལ་ཡང་དག་ཅིག་ཡོད་མེད་ལ་རག་ལས་འདུག་སྙམ།

མི་རིགས་ཀྱི་འདུ་ཤེས་ཡང་དག་ཅིག་ཡོད་པ་གང་ཞིག རིག་གཞུང་ལ་ལྟ་ཚུལ་ཕུན་ཚོགས་པའི་བྱིས་པ་དེ་དག་དོན་དངོས་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཡིན་ངེས་ལ། དེ་ལས་གོང་གི་ཆ་རྐྱེན་གང་རུང་མི་ལྡན་པའི་བྱིས་པ་དེ་མི་རིགས་ཀྱི་གད་སྙིགས་སུ་འགྱུར་བ་ཐེ་ཚོམ་མི་འདུག་འདོད།

དེའི་ཕྱིར་ད་ཡོད་ཀྱི་དགེ་རྒན་དུ་འབོད་པ་དང་། སློབ་གསོ་བ་རུ་ཁས་འཆེ་བ་སུ་འདྲ་ཞིག་ཡིན་རུང་བོད་ཀྱི་བྱིས་པ་དག་བོད་མི་ཡང་དག་ཅིག་བསྐྱེད་སྲིང་བྱ་དགོས་ན། ངེས་པར་བྱིས་པ་དེའི་སེམས་ཁམས་ལ་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཞིག་བཟོ་དགོས་པ་དང་། རིག་གཞུང་ལ་ལྟ་ཚུལ་ཡང་དག་ཅིག་བསྐྲུན་དགོས་པ་རེད་འདོད་བཞིན་ཡོད།

རིགས་ཀྱི་འདུ་ཤེས་བརླག་པ་དང་རིག་གཞུང་གི་དགེ་མཚན་མི་ཤེས་པའི་མི་ཞིག་གིས་སྐད་ཡིག་གཙང་མ་དགོས་ཞེས་ཇི་ལྟར་སྐད་ཅོར་བརྒྱབ་ཀྱང་ཁ་བཤད་ཙམ་ལས་དོན་ལག་ལེན་ཐོག་གཏན་ནས་མེད་པ་གསལ་པོ་རེད། སྐད་ཡིག་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པ་ནི། ཕུན་ཚོགས་རིག་གནས་ཤིག་ལ་བརྟེན་ནས་བྱུང་བ་གདོན་མི་ཟའོ།།

གསར་གཏོད་ནི་སྔོན་སྲོལ་རྒྱུན་འཛིན་དང་དེ་ལ་ཁ་གསབ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། མེས་པོས་བཞག་པའི་རིག་གནས་དོར་ནས་གཞན་གྱི་བསམ་བློ་རྙིང་པ་འགའ་ཁྱེར་ཡོང་བ་ལ་གསར་གཏོད་ག་ལ་ཟེར། གསར་གཏོད་མི་ཤེས་པའི་མི་ནི་ནམ་ཡང་རང་བདག་གི་ཅ་དངོས་ཀྱི་རིན་ཐང་དང་དགེ་མཚན་མི་ཤེས། རིག་གནས་ཀྱི་དགེ་མཚན་དང་རིག་གནས་དེ་སྦྱང་བའི་འདུན་པ་མེད་པའི་མི་ཞིག་གིས་གསར་གཏོད་ཅེས་པ་ནི་ཁ་གཡང་ཙམ་མོ།།

ང་ཚོའི་ཕྱི་རབས་བོད་པ་དག་མི་རིགས་ཀྱི་སོན་རྩ་ངོ་མ་ཞིག་ཆགས་དགོས་ཚེ། ངེས་པར་རིགས་ཀྱི་འདུ་ཤེས་བསམ་བློ་ཡོད་པ་དང་། རང་གི་རིག་གཞུང་གི་དགེ་མཚན་ཤེས་པའི་མི་ཞིག་བཟོ་མ་ཐུབ་ཚེ། ཅུང་མི་འགོར་བར་རྩམ་དྲི་མར་དྲི་འཐུལ་བའི་བོད་ཀྱི་བྱིས་པ་ཞིག་ཁག་པོ་རེད་འདུག་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 2

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    ཨ་འདུས་མིག་ཆུས་རང་མི་རིགས་ཀྱི་སྐད་དང་ཡི་གེའི་གལ་ཆེའི་རང་བཞིན་དང་། ད་ཡོད་དེའི་སྐྱོན་གནད་རང་བཞིན་གྱི་གནས་བབས་དེ་དག་མ་གསང་བདེན་གཏན་དང་གཞན་སྐུལ་གྱི་ཚུལ་དུ་ལན་མང་སྨྲས་པར་སྙིང་ནས་ཡི་རངས་དང་བསྔགས་བརྗོད་ཡོད།
    འོན་ཀྱང་རིག་གནས་གསར་རྙིང་གི་འཕོ་འགྱུར་དང་། དོགས་སློང་། དགག་སྒྲུབ། དེ་བཞིན་བསམ་བློ་དང་ངོས་འཛིན་གསར་པའི་གནད་དོན་ཐད་ང་ཚོས་ཕྱོགས་རིས་སུ་མ་ལྷུང་བར་གཟུར་གནས་དཔྱད་པ་ཡང་དག་གི་སྒོ་ནས་ད་གཟོད་དགག་སྒྲུབ་དང་རྩོད་གླེང་བགྱིས་ཚེ། དེར་གདེང་འཇོག་བྱ་ཡུལ་ཞིག་དང་ཚད་གཞི་འཛིན་ཡུལ་ཞིག་ཏུ་འགྱུར་ངེས་སྙམ།
    རང་ཉིད་ཀྱིས་འདི་ལྟར་བརྗོད་དོན་ཡང་། ཆོས་སྲིད་གཉིས་ཐད་དང་། རིག་གཞུང་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་དོན་གནད་གཉིས་ཀྱི་སྒོ་ནས་ཅུང་ཟད་དཔྱད་པའི་ཁུལ་གྱིས་བརྗོད་པ་ཡིན་གྱིས། རང་ཉིད་ཀྱི་འདོད་ཕྱོགས་ཙམ་དང་། ཚོར་འདུ་སྤྱི་བམ་བ་ཙམ་གྱི་རྗེས་སུ་འབྲངས་ཏེ་སྨྲས་པ་ཞིག་མིན། དེ་བས་ཁྱོད་ཀྱི་བློ་སྒོ་ཡངས་པོའི་ཐོག་ནས་བསམ་གཞིག་དང་དཔྱད་བསྡུར་ཞིག་གནང་རྒྱུ་ཕྲན་གྱི་རེ་བ་ཡིན། བཀྲ་ཤིས་བདེ་ལེགས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གནད་དོན་འཇུས་འདུག
    མདོར་བསྡུས་ཏེ་བཤད་ན། ཕྱི་ནང་ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན་པ་ཅི་ཙམ་ཞིག་འབྱུང་མིན་ནི་བོད་ཀྱི་འབྱུང་འགྱུར་སོན་རྩའི་སྤུས་ཚད་ངོ་མ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese