མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པར་རིས་ཀྱི་ཐོག་ནས་བདེན་པའི་འཐབ་རྩོད་ར་སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་༼བོད་མིའི་སྙིང་སྟོབས་དྲག་པོ་མི་གནོན་༽ཞེས་པའི་པར་རིས་དཔེ་ཅིག་དབུ་འབྱེད་གནང་སོང་། དཔེ་དེབ་འདིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་པ་རྣམས་ལ་བདེན་པའི་འགྲེལ་བརྗོད་བྱས་ཡོད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ ཐོག་ངྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་རང་ལུས་མཆོད་མེར་སྒྲོན་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་དང་།  གཞན་རྒྱ་ནག་གིས་བོད་མིར་དྲག་གནོིན་དང་ཁོར་ཡུག་གཏོར་བཤིག་བཏང་བའི་པར་རིས་ཁག་ཅིག་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་༼ བོད་མིིའི་སྙིང་སྟོབས་དྲག་པོ་མི་གནོན་༽ཞེས་པ་དབུ་འབྱེད་གནང་སོང་།  སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་བོད་མི་དང་ཕྱི་རྒྱལ་བ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ ལྷག་མཉམ་ཞུགས་བྱས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་དང་བོད་ཀྱི་བསྟན་སྲིད་མི་རིགས་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམ་ལ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས་སྐུ་མགྲོན་གཙོ་བས་དཔེ་དེབ་དབུ་འབྱེད་གནང་སོང་།

པར་རིས་དཔེ་དེབ་ཕྱོགས་སྒྲིག་བྱེད་མཁན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་དཔེ་དེབ་འདིའི་དམིགས་ཡུལ་སྐོར་ལ་བརྗོད་དོན།  ༡༩༤༩ ལོ་ནས་བཟུང་རྒྱ་གུང་ཁྲན་གྱིས་བོད་ལ་བཅིངས་གྲོལ་བྱེད་པར་ཡོང་བར་ཁ་གཡར་ནས་བོད་ལ་དྲག་པོས་བཙན་འཛུལ་བྱེད་མགོ་བཙུགས་ནས་བཟུང་།  བོད་མི་ས་ཡ་གཅིག་ལྷག་དམར་གསོད་དང་དགོན་པ་ ༦༠༠༠ ལྷག་ལ་གཏོར་བཤིག་ཡོད། བོད་ཀྱི་ལོ་རྒྱུ་ནང་བོད་རྒྱལ་ཁམས་ཡོངས་ལ་བཙོན་ཁང་གཉིས་མ་གཏོགས་མེད་ཀྱང་། རྒྱ་ནག་གཞུང་གིས་བཙོན་ཁང་བརྒྱ་ཕྲག་མང་པོ་བརྒྱབ་སྟེ་བོད་ཀྱི་བླ་སྤྲུལ་དགེ་བཤེས་དང་མི་མང་དམར་གསོད་དང་བཙོན་འཇུག་བྱས་དང་བྱེད་བཞིན་པར་བརྟེན།  ད་ལྟ། རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་རྫུན་སྒྲིག་བྱས་ཏེ་བརྙན་འཕྲིན་དང་དཔེ་དེབ་སོགས་དཔར་སྐྲུན་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་བོད་ནང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ན།  ༡༩༨༧  དང་༡༩༨༨། ༢༠༠༨ གསུམ་གྱི་ནང་བོད་མིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་དོན་རྐྱེན་བྱུང་དགོས་དོན་གང་མེད་། བོད་མིས་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་འདི་དག་དང་བོད་མིས་རང་ལུས་མེར་བསྲེགས་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་གཞུང་ལ་རགས་ལས་ཡོད། བོད་ལྗོངས་བརྙན་འཕྲིན་དང་བོད་ལྗོངས་གནའ་རྫས་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་གསར་རྙིང་གཉིས་ཀྱི་པར་རིས་རྫུན་བཟོ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་བཏང་དང་གཏོང་བཞིན་ཡོད་པ་རེད། དཔེར་ན། ཀྲུང་གོ་མི་རིགས་འགྲེམས་སྟོན་ཁང་དུ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་སྐབས་པར་རིས་རྫུན་མ་མང་པོ་འགྲེམས་སྟོན་བྱས་ཏེ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཞྭ་མོ་ནག་པོ་གཡོགས་ཏེ་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་ཏཱ་ལའི་ཚོགས་རུ་གྱིས་ངན་སྐུལ་རེད་ཅེས་རྒྱ་མི་རིགས་ལ་མགོ་སྐོར་གཏོང་གིན་ཡོད། ཀྲུང་གོའི་བོད་ལྗོངས་དང་པོ་ཏཱ་ལ་དུས་དེབ་སོགས་ཀྱི་ནང་དུ། བོད་ཀྱི་ལོ་རྒྱུས་རྫུན་བཟོ་ཕྱོགས་སྒྲིག་བྱས་ཏེ་ཕྱི་རྒྱལ་མི་རིགས་མགོ་སྐོར་གཏོང་བསྡད་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་གྱི་ལོ་རྒྱུས་རྫུན་བཟོ་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིས་བཟོས་པ་རེད་ཅེས་སྐྱོན་བརྗོད་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་འགྲེམས་སྤེལ་བྱས་པའི་ནང་བོད་མི་ལ་བདེ་སྐྱིད་ཡོད་པ་དང་། བོད་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ཚུལ་བཤད་ཀྱང་། དེང་སང་གསར་འགྱུར་བརྒྱུད་ལམ་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་མང་པོ་ཐོན་སྟབས། རྒྱལ་ཁབ་ཁ་ཤས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་མེད་ཤེས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད།  དེ་བཞིན། བོད་མི་ཚོས་ཆོས་ཕྱོགས་ཀྱི་མཛད་སྒོ་ག་འདྲ་ཞིག་ཚོགས་སྐབས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་གཏོང་བ་དང་། བོད་ཀྱི་དགོན་སྡེ་ཡོངས་རྗོགས་བཙོན་ར་ལྟ་བུ་ཆགས་པ། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་དམིགས་ཡུལ་བཟུང་ནས་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་སྦྱོང་དགོས་བཟོས་པ། བོད་ཀྱི་རྒྱལ་སར་ཡོད་པའི་བོད་ཀྱི་ཁང་རྙིང་ཅི་ཡོད་གཏོར་བཤིག་རྩ་མེད་བཏང་བ་དང་། བོད་ཀྱི་ས་ཆའི་མིང་སོགས་བརྗེ་བོ་རྒྱག་པ། དཔེར་ན། པོ་ཏཱ་ལའི་མིང་ལ་མི་དམངས་ཕོ་བྲང་དང་ནོར་བུ་གླིང་ཁའི་མིང་ལ་མི་དམངས་སྤྱི་གླིང་ཞེས་བཏགས་ཡོད། གང་ལྟར། དཔེ་དེབ་འདིའི་པར་རིས་ཀྱི་ཐོག་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཧ་གོ་རྒྱུ་དང་ལྷག་པར་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་རྫུན་བཟོ་བྱས་པ་རྣམས་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱེད་ཐུབ་ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་པར་རིས་དཔེ་དེབ་འདི་འགྲེམས་སྤེལ་བྱེད་ཕྱོགས་སྐོར་ལ་བརྗོད་དོན།  དཔེ་དེབ་འདི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་འདུ་དང་སི་པན་གྱི་ཁྲིམས་ཁང་། རྒྱ་གར་རྒྱལ་ས་ལྡི་ལི་ཡོད་པའི་གཞུང་ཚབ་ཁང་ཁག འཛམ་གླིང་གི་མགོ་ཁྲིད་ཚོར་གཙོས་རྒྱ་གར་དང་ཕྱི་རྒྱལ་ཁག་གི་མཐོ་རིམ་སློབ་གྲྭ་ཁག་ལ་འབུལ་འཆར་ཡོད་ཅེས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། སྤྱི་ཡོངས་བོད་ཀྱི་གནད་དོན་ཐོག་བལྟས་ན་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཆགས་ནས་དོ་སྣང་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད། ཡིན་ནའང་དེང་སང་སྤྱི་ཚོགས་བརྒྱུད་ལམ་འདྲ་མིན་ནང་ནས་མི་ཁ་ཤས་ཀྱིས་ངོ་མ་རྫུན་མ་བཟོ་བ་དང་རྫུན་མ་ངོ་མ་བཟོ་ཐུབ་སྟབས། མི་མང་པོ་ཞིག་རང་བཞིན་གྱི་འཁྲུལ་འགྲོ་བའི་གཞི་རྩ་ཆགས་ཡོད་དུས། གྲྭ་བག་གྲོ་ལགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིས་བསྡུ་སྒྲིག་གནང་ཐུབ་ཡག་པོ་བྱུང་ཡོད་པ་དང་། དེང་སང་མི་ཚང་མས་པར་རིས་ཀྱི་ཕྱོགས་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཡོད། དཔེར་ན། པར་རིས་ཞིག་གིས་ལོ་རྒྱུས་ངོ་མ་འགྲེལ་བཤད་བརྒྱབ་ཐུབ་ན་ཡིག་འབྲུ་ཁྲི་གཅིག་གཉིས་ལས་པར་གཅིག་གིས་ཕ་རོལ་བར་ཚོར་བ་་དང་དཔུང་པོ་བྱེད་ཐུབ དཔེ་དེབ་འདིས་བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་གསལ་བོ་བཟོ་ཐུབ་པར་ཏན་ཏན་ཕན་ཐོག་ཆེན་པོ་ཡོད། ད་ལྟ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སང་གི་དངོས་ཡོད་གནས་སྟངས་ཐོག་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་གཞུང་དང་མཉམ་དུ་འབྲེལ་མོལ་བྱེད་ཀྱི་ཡོད། སྤྱི་ཡོངས་ནས་བཤད་ན། དེང་སང་རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་འགྲོ་ཡི་ཡོད། རྒྱ་རིགས་རྩོམ་པ་པོ་ཁག་ཅིག་གིས།  རྒྱ་ནག་སྲིད་གཞུང་ལ་འགྱུར་བ་གཏོང་བར་རྒྱ་ནག་མགོ་ཁྲིད་ཚོར་ཡིད་ཆེས་མེད་ཀྱང་རྒྱ་རིགས་མང་ཚོགས་ཀྱིས་རྒྱ་གཞུང་གི་སྒྲོམ་གཞི་ལ་འགྱུར་བ་འགྲོ་སྲིད་ཅེས་བཤད་ཀྱི་ཡོད། གང་ལྟར་རྒྱ་ནག་ལ་འགྱུར་བ་འགྲོ་བ་ཙམ་གྱིས་བོད་ཀྱི་གནད་དོན་གཙང་མ་ཆགས་པར་ཐེ་ཚོམ་མེད་སྟབས། ང་ཚོས་གོ་སྐབས་དམ་འཛིན་དང་གོམ་པ་མདུན་སྤོ་བྱེད་དགོས་པའི་གྲ་སྒྲིག་བྱེད་དགོས་རེད་ཅེས་གསུངས་སོང་།

བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་སྒེར་ངོས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ ༡༢ ལྷག་འགྲེམས་སྤེལ་བྱས་ཡོད་པ་དང་། པར་རིས་དཔེ་དེབ་འདིའི་ནང་རྒྱ་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་། འཁོར་ཡུག་གཏོར་བཤིག་དང་། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མི་རྣམས་ཀྱི་པར་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་ཅིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese