མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པར་རིས་ཀྱི་ཐོག་ནས་བདེན་པའི་འཐབ་རྩོད་ར་སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་༼བོད་མིའི་སྙིང་སྟོབས་དྲག་པོས་མི་གནོན༽ཞེས་པའི་པར་རིས་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དཔེ་དེབ་འདིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་པ་རྣམས་ལ་བདེན་པའི་འགྲེལ་བརྗོད་བྱས་ཡོད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ ཐོག་ངྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས། བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མཆོད་མེར་སྒྲོན་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་དང་།  གཞན་རྒྱ་ནག་གིས་བོད་མིར་དྲག་གནོན་དང་ཁོར་ཡུག་གཏོར་བཤིག་བཏང་བའི་པར་རིས་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་༼ བོད་མིའི་སྙིང་སྟོབས་དྲག་པོས་མི་གནོན༽ཞེས་པའི་དབྱིན་ཡིག་གི་འགྲེལ་བཤད་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་ལ།  སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་བོད་མི་དང་ཕྱི་རྒྱལ་བ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ ལྷག་མཉམ་ཞུགས་གནང་འདུག 

པར་རིས་དཔེ་དེབ་ཕྱོགས་སྒྲིག་བྱེད་མཁན་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་དཔེ་དེབ་འདིའི་དམིགས་ཡུལ་སྐོར་ལ་བརྗོད་དོན། རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་རྫུན་སྒྲིག་བྱས་ཏེ་བརྙན་འཕྲིན་དང་དཔེ་དེབ་སོགས་དཔར་སྐྲུན་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ན།  ༡༩༨༧  དང་ ༡༩༨༨། ༢༠༠༨ གསུམ་གྱི་ནང་བོད་མིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་དོན་རྐྱེན་བྱུང་དགོས་དོན་གང་ཡང་མེད། བོད་མིས་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་འདི་དག་དང་བོད་མིས་རང་ལུས་མེར་བསྲེགས་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་གཞུང་ལ་རག་ལས་ཡོད། བོད་ལྗོངས་བརྙན་འཕྲིན་དང་བོད་ལྗོངས་གནའ་རྫས་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་གསར་རྙིང་གཉིས་ཀྱི་པར་རིས་རྫུན་བཟོ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་བཏང་དང་གཏོང་བཞིན་ཡོད་པ་རེད། དཔེར་ན། ཀྲུང་གོ་མི་རིགས་འགྲེམས་སྟོན་ཁང་དུ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་སྐབས་ཀྱི་པར་རིས་རྫུན་མ་མང་པོ་འགྲེམས་སྟོན་བྱས་ཏེ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཞྭ་མོ་ནག་པོ་གཡོགས་ཏེ་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་རེད་ཅེས་རྒྱ་མི་རིགས་ལ་མགོ་སྐོར་གཏོང་གིན་ཡོད། ཀྲུང་གོའི་བོད་ལྗོངས་དང་པོ་ཏཱ་ལ་དུས་དེབ་སོགས་ཀྱི་ནང་དུ། བོད་ཀྱི་ལོ་རྒྱུས་རྫུན་བཟོ་ཕྱོགས་སྒྲིག་བྱས་ཏེ་ཕྱི་རྒྱལ་མི་རིགས་ལ་མགོ་སྐོར་བཏང་བསྡད་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་གྱི་ལོ་རྒྱུས་རྫུན་བཟོ་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིས་བཟོས་པ་རེད་ཅེས་སྐྱོན་བརྗོད་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་སྐབས་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བ་འགྲེམས་སྤེལ་བྱས་པའི་ནང་བོད་མིར་བདེ་སྐྱིད་ཡོད་པ་དང་། བོད་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ཚུལ་བཤད་ཀྱང་། དེང་སང་གསར་འགྱུར་བརྒྱུད་ལམ་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་མང་པོ་ཐོན་སྟབས། རྒྱལ་ཁབ་ཁ་ཤས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་མེད་ཤེས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད།  དེ་བཞིན། བོད་མི་ཚོས་ཆོས་ཕྱོགས་ཀྱི་མཛད་སྒོ་གང་འདྲ་ཞིག་ཚོགས་སྐབས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་གཏོང་བ་དང་། བོད་ཀྱི་དགོན་སྡེ་ཡོངས་རྗོགས་བཙོན་ར་ལྟ་བུ་ཆགས་པ། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་དམིགས་ཡུལ་བཟུང་ནས་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་སྦྱོང་དགོས་བཟོས་པ། བོད་ཀྱི་རྒྱལ་སར་ཡོད་པའི་ཁང་རྙིང་ཅི་ཡོད་གཏོར་བཤིག་རྩ་མེད་བཏང་བ་དང་། བོད་ཀྱི་ས་ཆའི་མིང་སོགས་བརྗེ་བོ་རྒྱག་པ། དཔེར་ན། པོ་ཏཱ་ལའི་མིང་ལ་མི་དམངས་ཕོ་བྲང་དང་ནོར་བུ་གླིང་ཁར་མི་དམངས་སྤྱི་གླིང་ཞེས་བཏགས་ཡོད། གང་ལྟར། དཔེ་དེབ་འདིའི་པར་རིས་ཀྱི་ཐོག་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ཧ་གོ་རྒྱུ་དང་ལྷག་པར་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་རྫུན་བཟོ་བྱས་པ་རྣམས་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱེད་ཐུབ་ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་པར་རིས་དཔེ་དེབ་འདི་འགྲེམས་སྤེལ་བྱེད་ཕྱོགས་སྐོར་ལ་བརྗོད་དོན།  དཔེ་དེབ་འདི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་འདུ་དང་སི་པན་གྱི་ཁྲིམས་ཁང་། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་གཞུང་ཚབ་ཁང་ཁག འཛམ་གླིང་གི་མགོ་ཁྲིད་གཙོས་རྒྱ་གར་དང་ཕྱི་རྒྱལ་ཁག་གི་མཐོ་རིམ་སློབ་གྲྭ་ཁག་ལ་འབུལ་འཆར་ཡོད་ཅེས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། སྤྱི་ཡོངས་བོད་ཀྱི་གནད་དོན་ཐོག་བལྟས་ན་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཆགས་ནས་དོ་སྣང་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད། ཡིན་ནའང་དེང་སང་སྤྱི་ཚོགས་བརྒྱུད་ལམ་འདྲ་མིན་ནང་ནས་མི་ཁ་ཤས་ཀྱིས་ངོ་མ་རྫུན་མ་བཟོ་བ་དང་རྫུན་མ་ངོ་མ་བཟོ་ཐུབ་སྟབས། མི་མང་པོ་ཞིག་རང་བཞིན་གྱི་འཁྲུལ་འགྲོ་བའི་གཞི་རྩ་ཆགས་ཡོད་དུས། གྲྭ་བག་གྲོ་ལགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིས་བསྡུ་སྒྲིག་གནང་ཐུབ་པ་ཡག་པོ་བྱུང་ཡོད་པ་དང་། དེང་སང་མི་ཚང་མས་པར་རིས་ཀྱི་ཕྱོགས་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཡོད། དཔེར་ན། པར་རིས་ཞིག་གིས་ལོ་རྒྱུས་ངོ་མ་འགྲེལ་བཤད་བརྒྱབ་ཐུབ་ན་ཡིག་འབྲུ་ཁྲི་གཅིག་གཉིས་ལས་པར་གཅིག་གིས་ཕ་རོལ་བར་ཚོར་བ་དང་དཔང་པོ་བྱེད་ཐུབ། དཔེ་དེབ་འདིས་བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་གསལ་བོ་བཟོ་ཐུབ་པར་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད། ད་ལྟ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སང་གི་དངོས་ཡོད་གནས་སྟངས་ཐོག་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་གཞུང་དང་མཉམ་དུ་འབྲེལ་མོལ་བྱེད་ཀྱི་ཡོད། སྤྱི་ཡོངས་ནས་བཤད་ན། དེང་སང་རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་འགྲོ་ཡི་ཡོད། རྒྱ་རིགས་རྩོམ་པ་པོ་ཁག་ཅིག་གིས།  རྒྱ་ནག་སྲིད་གཞུང་ལ་འགྱུར་བ་གཏོང་བར་རྒྱ་ནག་མགོ་ཁྲིད་ཚོར་ཡིད་ཆེས་མེད་ཀྱང་རྒྱ་རིགས་མང་ཚོགས་ཀྱིས་རྒྱ་གཞུང་གི་སྒྲོམ་གཞི་ལ་འགྱུར་བ་འགྲོ་སྲིད་ཅེས་བཤད་ཀྱི་ཡོད། གང་ལྟར་རྒྱ་ནག་ལ་འགྱུར་བ་འགྲོ་བ་ཙམ་གྱིས་བོད་ཀྱི་གནད་དོན་གཙང་མ་ཆགས་པར་ཐེ་ཚོམ་མེད་སྟབས། ང་ཚོས་གོ་སྐབས་དམ་འཛིན་དང་གོམ་པ་མདུན་སྤོ་བྱེད་དགོས་པའི་གྲ་སྒྲིག་བྱེད་དགོས་རེད་ཅེས་གསུངས་སོང་།

བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་སྒེར་ངོས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ ༡༢ ལྷག་འགྲེམས་སྤེལ་བྱས་ཡོད་པ་དང་། པར་རིས་དཔེ་དེབ་འདིའི་ནང་རྒྱ་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་གཏོར་བཤིག་དང་། ལྷག་པར་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མི་རྣམས་ཀྱི་སྐུ་པར་ཕྱོགས་སྒྲིག་བྱས་པའི་དཔེ་དེབ་ཅིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཆབ་སྲིད་བཙོན་ཟུར་ནང་གི་འཇོན་ཤོས་ཤིག་ཁོང་ཡིན། ཕྱག་ལས་དག་ལ་རྒྱབ་སྐྱོར་ཡོད།

    Reply
  2. བསོད་ནམས་རྡོ་རྗེ། says:
    ལོ་ 12 སྔོན།

    གྲྭ་བག་བྲོ་ལ་དེབ་མང་པོ་ཞེ་དྲག་ཡོད་པ་རེད། ཡིན་ནའང་ཁོ་རང་གིས་དེབ་ཀྱི་གྲངས་ཀ་གཙོ་བོར་བྱེད་པ་ལས་ནང་དོན་ལ་དེ་ཙམ་ཐུགས་ཉམས་འཇོག་གི་མེད་པ་ཞིག་ལ་མཐོང་སོང་། སྤྱིར་བཏང་སེམས་ཤུགས་ཡག་པོ་རེད། དེ་ལ་སྔགས་བརྗོད་བརྒྱ་ཆའི་བརྒྱ་ཡོད་དོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese