མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲག་སྤྱོད་པའི་མགོ་ཁྲིད་བསད་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིས་པ་ཀི་སི་ཐན་གྱི་ཝ་ཛེ་རེ་སི་ཐན་ས་ཁུལ་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ་དྲག་སྤྱོད་ཚོགས་པའི་མགོ་ཁྲིད་ཅིག་བསད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་གིས། པ་ཀི་སི་ཐན་གྱི་བྱང་ཕྱོགས་གྲོང་གསེབ་ཊན་ཊ་ཊར་པཱ་ཁེལ་དུ་མེ་ཤུགས་འཕུར་མདའ་ ༤ ཙམ་འཕངས་ཏེ། པ་ཀི་སི་ཐན་ཀྱི་ཊ་ལི་བྷན་དྲག་སྤྱོད་ཚོགས་པའི་མགོ་ཁྲིད་ཧ་ཀེ་མོ་ལཱ་ (Hakimullah Mehsud)དང་ཁོའི་སྐུ་སྲུང་པ་གཉིས་བཅས་མི་ ༤ བསད་ཡོད་འདུག

པ་ཀི་སི་ཐན་གཞུང་གིས་གཞུང་འབྲེལ་མི་སྣ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་གོ་སྒྲིག་བྱས་ཏེ། ཊ་ལི་བྷན་དྲག་སྤྱོད་ཚོགས་པ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཚུལ་གསལ་བསྒྲགས་དང་སྦྲགས། ཨ་རིའི་འཇབ་རྒོལ་དེར། པ་ཀི་སི་ཐན་ནང་སྲིད་བློན་ཆེན་ནེ་སེར་ ( Chaudhary Nisar )གྱིས། ཐེངས་འདིའི་ཨ་རིས་བྱེད་སྟངས་དེས་པ་ཀི་སི་ཐན་དང་ཊ་ལི་བྷན་དྲག་སྤྱོད་ཚོགས་པ་གཉིས་བར་ཞི་འགྲིག་གྲོས་མོལ་མགོ་འཛུགས་བྱེད་པར་གཏོར་བརླག་ཚབས་ཆེན་བཟོས་པ་མ་ཟད། པ་ཀི་སི་ཐན་གྱི་མངའ་ཁོངས་བདག་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་སོགས་བརྗོད་འདུག

ད་སྔ་ཨ་རི་དང་པ་ཀི་སི་ཐན་གཉིས་ཀྱིས་གཞུང་འབྲེལ་ཐོག་ཊ་ལི་བྷན་དྲག་སྤྱོད་པའི་མགོ་ཁྲིད་ཧ་ཀེ་མོ་ལཱ་བསད་པ་དོན་དངོས་ཡིན་མིན་གསལ་བཤད་བྱས་མེད་པ་དང་། ཨ་རིས་འཇབ་རྒོལ་བྱས་པའི་ས་ཁུལ་དེར་དྲག་སྤྱོད་པས་དམ་དྲག་ཆེན་པོ་བྱས་ཏེ་རྒྱུས་ལོན་བྱེད་ཁག་པོ་ཆགས་ཡོད་འདུག

ཊ་ལི་བྷན་དྲག་སྤྱོད་ཚོགས་པའི་མཐོ་རིམ་མི་སྣ་ཞིག་གིས་བྷེ་བྷེ་སེ་གསར་ཁང་ལ་བརྗོད་པ་ལྟར་ན། ཐེངས་འདིའི་ཨ་རིས་འཇབ་རྒོལ་དེས་ཁོ་ཚོའི་མགོ་ཁྲིད་ཧ་ཀེ་མོ་ལཱ་བསད་ཡོད་པ་དང་། དེ་རིང་སྔ་དྲོར་ཧ་ཀེ་མོ་ལཱ་ཡི་ཕུང་པོ་དུར་སྤས་བྱས་པ་དང་། ད་ལྟ་ཊ་ལི་བྷན་དྲག་སྤྱོད་ཚོགས་པས་མགོ་ཁྲིད་གསར་འདེམས་བྱེད་བཞིན་ཡོད་ཚུལ་བརྗོད་འདུག

ཊ་ལི་བྷན་ཞེས་པའི་མིང་དངོས་ནི་པ་ཀི་སི་ཐན་སློབ་ཕྲུག་ལས་འགུལ་ཚོགས་པ་ (Tehrik-I Taliban pakistan) ཡིན་ཞིང་། ༢༠༠༧ ལོར་ཁ་ཆེ་དྲག་སྤྱོད་པ་བྷ་ཌོ་ལཱ་( Baitullah Mehsud) ཡིས་མགོ་འཛུགས་བྱས་ཤིང་། ༢༠༠༩  ལོར་ཨ་རིས་འཇབ་རྒོལ་བྱས་ཏེ་བྷ་ཌོ་ལཱ་བསད་རྗེས། ཧ་ཀེ་མོ་ལཱ་ཡིས་པ་ཀི་སི་ཐན་གྱི་དམག་མི་ ༣༠༠ ལྷག་འཛིན་བཟུང་བྱས་པར་བརྟེན་པ་ཀི་སི་ཐན་དྲག་སྤྱོད་ཚོགས་པའི་མགོ་ཁྲིད་ཆགས་པར་བརྟེན། ཨ་རིའི་གཞུང་གིས་ཁོ་གང་དུ་ཡོད་མེད་བཤད་མཁན་ལ་ཨ་སྒོར་ས་ཡ་ ༥ རྔན་པར་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist