མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལངས་ཕྱོགས་དབུ་མའི་ལམ་དུ་བསྒྱུར་བ་དེ་གཟི་བརྗིད་ཆེན་པོ་ཞིག་རེད་བསམ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་ཕྱག་ལས་དབུ་འཛུགས་གནང་བ་དང་བསྟུན་ཏེ། ཚོགས་པའི་ངོ་བོ་དང་ལས་དོན་བྱེད་ཕྱོགས། དེ་བཞིན་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་བཅས་ཀྱི་ཐོག་བཅར་འདྲི་ཞུས་ཡོད།

            དྲི་བ། ཐོག་མར་སྐུ་ཉིད་ཀྱིས་སོ་སོ་ངོ་སྤྲོད་རོབ་ཙམ་ཞིག་གནང་རོགས།

          ལན། ང་རང་སྐྱེས་ཡུལ་ལྷ་ས་འཕན་པོ་རེད། གཞི་རིམ་སློབ་གྲྭ་ཐོན་རྗེས་ལྷ་སར་ཚོང་ལས་བྱས་པ་ཡིན། ༡༩༩༡ ལོར་ལྷ་སའི་བར་སྐོར་ནང་གི་ངོ་རྒོལ་ནང་མཉམ་ཞུགས་བྱས་ཤིང་། ལྷག་པར་དུ་ ༡༩༩༣ ལོར་ལྷ་སའི་ཚོང་ཟོག་གི་གོང་ཚད་ཆེན་པོ་འཕར་བ་དང་། དེ་དང་མཉམ་དུ་དཔྱ་ཁྲལ་རིགས་ཀྱང་རང་བཞིན་གྱིས་འཕར་སྟབས། ཚོང་བ་དང་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ་དེ་རིམ་གྱིས་ཆབ་སྲིད་ངོ་རྒོལ་དུ་གྱུར་ཏེ། ༸རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་ཟེར་བ་སོགས་ཀྱི་སྐད་འབོད་བརྒྱབ་པ་རེད། སྐབས་དེར་ཉེན་རྟོག་པ་དང་དྲག་ཆས་དམག་གིས་མང་ཚོགས་ལ་དྲག་གནོན་བྱས་ཤིང་། ངའི་རོགས་པ་ཞིག་ལོ་དེའི་ཕྱི་ཟླ་ ༥ པའི་ནང་ལ་འཛིན་བཟུང་བྱས་སོང་། ང་རང་ཟླ་ ༣ རིང་ཉེན་ཡོལ་བྱས་མཐར་ ༡༩༩༣ ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་ཡིན། རྒྱ་གར་ལ་ཡོང་རྗེས་ཁྲིམས་ཞིབ་ཁང་དུ་ལོ་ལྔ་ཙམ་རིང་ལས་ཀ་བྱས་པ་ཡིན། ༡༩༩༨ ལོར་ས་རཱ་མཐོ་སློབ་ཏུ་ལོ་གཉིས་རིང་སློབ་སྦྱོང་བྱས་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཡིག་དགེ་རྒན་བྱས་ཤིང་། ༢༠༠༢ ལོ་ནས་ད་བར་ས་རཱ་མཐོ་སློབ་ཏུ་བརྡ་སྤྲོད་དགེ་རྒན་བྱེད་བཞིན་ཡོད།

            དྲི་བ།  ད་རེབ་དགུ་བཅུ་གསུམ་གྱི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་གྲོས་ཆོད་གང་དག་བཞག་ཡོད་དམ།

          ལན། གྲོས་ཆོད་གཙོ་བོ་དོན་ཚན་ལྔ་འདྲ་བོ་ཞིག་ཆགས་ཡོད། གལ་ཆེ་ཤོས་གཅིག་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་རེད། དེར་ ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་གསུང་ལ་འགྲེལ་ལོག་རྒྱག་མཁན། ལྷག་པར་དུ་༸གོང་ས་མཆོག་ཐུགས་ཕམ་བྱུང་འཇུག་མཁན་རིགས་ལ་ཚོགས་པའི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་གདོང་ལེན་ཚ་ནན་བྱེད་རྒྱུ་མ་ཟད། ཚོགས་མི་ཞིག་ཡིན་ཚེ། གོ་སྐོན་སློབ་གསོ་རྒྱག་རྒྱུ་དང་། དེ་ལས་བརྒལ་ན་ཚོགས་ཁོངས་ནས་ཕྱིར་འཕུད་གཏོང་རྒྱུ’ སོགས་བཀོད་ཡོད་པ་རེད། གཉིས་པ་བོད་པའི་ཛ་དྲག་གནས་སྟངས་ཐོག་ལས་འགུལ་སྤེལ་ཕྱོགས་སྐོར་རེད། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཐོག་ལས་འགུལ་འདྲ་མིན་སྤེལ་རྒྱུ་དང་། བོད་རྒྱ་ཞི་མོལ་ཡོང་ཆེད་རྒྱ་གར་གྲོས་ཚོགས་འཐུས་མི་དང་རྒྱལ་ཁབ་སོ་སོའི་གཞུང་ཚབ་སོགས་ལ་ཞུ་གཏུག་བྱེད་རྒྱུ། གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་སོགས་ཡོད་པ་རེད།

            དྲི་བ། རྒྱུན་ལས་སྐབས་ལྔ་པ་ནས་དྲུག་པར་རྩིས་སྤྲོད་རྩིས་ལེན་གནང་སྟངས་གང་འདྲ་བྱུང་ཡོད་དམ། 

          ལན། རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱུང་སོང་བསམ་ཡོད། སྤྱིར་བཏང་ ༡༩༩༡ ལོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གསར་འཛུགས་གནང་བ་དང་། དེ་ནས་རིམ་བཞིན་འབྲེལ་ཡོད་ཚོགས་པ་ཁག་དང་མི་སྒེར་གྱི་ཞལ་འདེབས་རོགས་རམ་ལ་བརྟེན་ནས་ཚོགས་པའི་མ་དངུལ་དང་ཚོགས་མི་གཉིས་ཀ་འཕེལ་རྒྱས་ཕྱིན་ཡོད་པ་རེད། སྔོན་མ་རྩིས་ཁྲའི་ཐོག་མི་སྒེར་བྱེ་བྲག་པ་རེ་ཟུང་གི་འདོད་བློ་མ་ཁེངས་པ་དང་དོགས་པ་ཡོད་ན་གནས་ཚུལ་ཐ་དད་རེད། ད་རེབ་སྤྱི་ཡོངས་ཀྱི་ཐོག་ནས་ཚོགས་པའི་རྩིས་ཁྲའི་ནང་རྙོག་གླེང་རིགས་ཕལ་ཆེར་བྱུང་མ་སོང་བསམ་ཡོད། རྩིས་ཀྱི་འགྲོ་སྟངས་རྒྱ་གར་དབུས་གཞུང་གི་རྩི་སཞིབ་འགྲོ་སྟངས་ལྟར་རྩིས་ཞིབ་བྱས་ཏེ་ཕྱིན་པ་ཞིག་རེད།

            དྲི་བ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདིར་ད་ལྟ་ཚོགས་མི་ག་ཚོད་ཡོད་པ་དང་། ཚོགས་མི་གསར་པ་ཚོགས་ཁོངས་སུ་ཞུགས་སྟངས་གང་འདྲ་ཡིན་ནམ།

          ལན། དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ད་ལྟ་ཚོགས་མི་ ༧༠༠ ལྷག་ཡོད་པ་རེད། ཚོགས་མིའི་ཁོངས་སུ་ཞུགས་སྟངས་གཙོ་བོ་དེ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་ངོས་འཛིན་གནང་ཕྱོགས་ལྟར། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་གང་རུང་ཞིག་གི་ཁུངས་སྐྱེལ་ཡིག་ཆ་ཡོད་ན། ཚོགས་པ་འདིར་ཐོབ་ཐང་གང་ཡོད་པ་དེ་འབུལ་གྱི་ཡོད་པ་རེད། དེ་མིན། མི་ཞིག་གིས་སྣེ་ལེན་ཁང་དང་བདེ་སྲུང་མ་བརྒྱུད་པར་ཆབ་སྲིད་དང་འབྲེལ་བ་ཡོད་ཟེར་ནས་ཡིག་ཆ་སོགས་འཁྱེར་ཡོང་ན་ང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། འོན་ཀྱང་ཆབ་སྲིད་བཙོན་པ་ཡིན་མིན་ཐོག་བདེ་སྲུང་ལས་ཁུངས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་བཞིན་ང་ཚོའི་ཚོགས་པར་ཡང་དཀའ་ངལ་ཕྲན་བུ་རེ་ཡོད་ས་རེད། 

            དྲི་བ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྒྲིག་འཛུགས་གྲུབ་སྟངས་དང་སྡེ་ཚན་སོགས་གང་དག་ཡོད་དམ། 

          ལན། དགུ་བཅུ་གསུམ་ལས་འགུལ་ཚོགས་པར་དབུས་ལས་ཁུངས་ཤིག་ཡོད་ཡོད་པ་རེད། དེ་ནས་སློབ་གྲྭ་ཞིག་དང་གློག་ཀླད་འཛིན་གྲྭ་གཅིག ཚེམ་ཁང་དང་ཟ་ཁང་བཅས་ཡོད་པ་རེད། ཚེམ་ཁང་ཐོག་མ་མགོ་འཛུགས་སྐབས་དམིགས་ཡུལ་གཉིས་བཟུང་ཡོད་པ་རེད། དང་པོ། ང་ཚོ་མང་ཆེ་བ་རོགས་ཚོགས་ལ་བརྟེན་བསྡད་ཡོད་སྟབས། ནམ་ཞིག་རོགས་ཚོགས་མཚམས་ཆད་ན། ང་ཚོར་ལབ་ས་གང་ཡང་ཡོད་པ་མ་རེད། ཡིན་ནའང་བོད་དོན་བདེན་མཐའ་མ་གསལ་བར་ཚོགས་པ་གནས་དགོས་ཀྱི་ཡོད་དུས། རང་ཁ་རང་གསོ་ཟེར་ན་འདྲ་དངུལ་ཕྲན་བུ་རེ་འཚོལ་ཐབས་སུ་ཚེམ་ཁང་འདི་བཙུགས་པ་རེད། གཉིས་པ། ཚོགས་པའི་ཚོགས་མི་སློབ་གྲྭའི་དུས་ཚོད་ཡོལ་ཟིན་པ་ཚོར་ཚེམ་བུའི་སྦྱོང་བརྡར་སྤྲད་དེ་ཁོང་ཚོའི་མདུན་ལམ་ཐོག་ཕན་ཐོགས་ཕྲན་བུ་ཡོང་ན་བསམ་པ་དེ་གཉིས་རེད། ན་ནིང་འགྲོ་སོང་ཕུད་ཧིན་སྒོར་འབུམ་གཅིག་ཡས་མས་ལས་ཁུངས་ལ་ཕུལ་ཡོད་ས་རེད། ད་ལྟ་ཚེམ་བཟོ་ཁང་དུ་བཟོ་བ་ ༢༥ ཡས་མས་ཤིག་ཡོད།

ང་ཚོའི་རླུང་རྟ་ཟ་ཁང་དེར་གླེང་སློང་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད། སྤྱི་ཚོགས་ནང་འབྲེལ་བཤད་སྣ་ཚོགས་བརྒྱབ་ཡོང་དུས་སྔོན་མ་ང་ཚོའི་ཚོགས་པ་དང་སྦྱིན་བདག་བར་དཀའ་ངལ་བྱུང་འདུག ངས་ཟ་ཁང་གི་འགན་འཛིན་དང་སྐབས་ལྔ་བའི་ཚོགས་གཞོན། སྐབས་བཞི་བ་ལྔ་བའི་ཚོགས་གཙོ་སོགས་བསྐོངས་ཏེ་གསལ་བོ་བཟོས་པ་ཡིན། རླུང་རྟ་ཟ་ཁང་གི་བདག་དབང་ཡོངས་རྫོགས་དགུ་བཅུ་གསུམ་རང་རེད། ཡིན་ནའང་། ད་ལྟའི་སྦྱིན་བདག་ལ་ཐོག་མ་སྤྲོད་སྐབས། བོགས་མ་ཡིན་ཟེར་ན་བོགས་མ་ཡིན་པའི་ངོ་བོ་མི་འདུག ཐོག་མ་དགུ་བཅུ་གསུམ་གྱིས་ཟ་ཁང་རྒྱག་གི་ཡིན་ཟེར་ནས་འཆར་གཞི་གཏོང་སྐབས། ད་ལྟའི་སྦྱིན་བདག་ཁོ་རང་གིས་བླངས་འདུག ཁོ་རང་རླུང་རྟ་རོགས་ཚོགས་ཕོར་ཌོ་གྷལ་(Portugal)གྱི་ལས་བྱེད་ཅིག་རེད། ཟ་ཁང་གི་ལོ་གཅིག་གི་ཡོངས་འབབ་བགོ་འགྲེམས་བྱེད་སྟངས་ལ་འགྱུར་བ་ཁ་ཤས་ཕྱིན་འདུག མཐའ་མར་བརྒྱ་ཆ་ ༤༠ དགུ་བཅུ་གསུམ་ཚོགས་པར་སྤྲོད་རྒྱུ་དང་། བརྒྱ་ཆ་ ༤༠ སྦྱིན་བདག་ཁོ་རང་ལ་དབང་བ། བརྒྱ་ཆ་ ༢༠ ཟ་ཁང་གི་མཁོ་ཆས་རིགས་ནང་འདྲེན་ཆེད་གཏོང་རྒྱུ་བཅས་བྱས་འདུག ད་ལྟ་ང་ཚོ་རྒྱུན་ལས་གསར་པ་ཚོའི་ངོས་ནས་འཆར་གཞི་གསར་པ་ཞིག་བསྒྲིགས་ཡོད།

            དྲི་བ།  ད་རེབ་དགུ་བཅུ་གསུམ་གྱི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་གཏོང་ཕྱོགས་གང་འདྲ་ཡིན་ནམ།

          ལན། ད་རེབ་ཚོགས་པའི་ལངས་ཕྱོགས་བསྒྱུར་བ་དེ་ཚོགས་ཞུགས་པ་ཚོས་སོ་སོའི་ངོས་ནས་འདས་པའི་ཉམས་མྱོང་དང་། ད་ལྟའི་གནས་སྟངས། མ་འོངས་པའི་ཁ་ཕྱོགས་སོགས་ལ་དགོངས་པ་གཏིང་ཟབ་བཞེས་ཏེ་ཐག་གཅོད་གནང་བ་ཞིག་ཆགས་ཡོད་པ་རེད། གཞན་ཚོགས་པ་སྒྲིག་འཛུགས་ཤིག་གམ། སྐྱེས་བུ་སྒེར་བྱེ་བྲག་པ་ཞིག་གི་ལམ་སྟོན་བཀོལ་བྱུས་འོག་ཕྱིན་པ་ཞིག་རྩ་བ་ཉིད་ནས་ཆགས་ཀྱི་མེད། ཚོགས་མི་སོ་སོས་བསམ་བློ་གཏོང་ཕྱོགས་དེ། བོད་མིའི་སྒྲིག་འཛུགས་དབུ་མའི་ལམ་གྱི་ཐོག་ཕེབས་ཀྱི་ཡོད་པ་དང་། སོ་སོའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་འཁྱེར་དགོས་པ་མི་ཞིག་གི་ངོས་ནས་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་གློ་བུར་དུ་བྱུང་བ་ཞིག་མ་རེད། བརྒྱུད་རིམ་མང་པོ་ཞིག་གི་ཐོག་ནས་ཐག་གཅོད་གནང་བ་ཞིག་རེད། དེར་བོད་མི་ཚོ་རྒྱག་གཅིག་མཆོངས་གཅིག་གིས་ཕྱིན་པ་ཡིན་ན་ནུས་པ་ཆེ་རུ་འགྲོ་བ་ཞིག་ལ་རེ་བ་དང་ཡིད་ཆེས་གནང་བ་རེད་བསམ་གྱི་ཡོད། ཁ་ཤས་ཀྱིས་དགུ་བཅུ་གསུམ་ལ་ཚོགས་མི་ ༧༠༠ ལྷག་ཡོད་པ་རེད། ད་རེབ་ཚོགས་འདུའི་ཐོག་མི་བརྒྱ་གྲངས་ཤིག་གིས་ལངས་ཕྱོཊ་འགྱུར་བ་བཏང་ན་འགྲིག་གི་མ་རེད་ཟེར་བ་དེ་བསམ་བློ་གཏོང་སྟངས་རྦད་དེ་ནོར་བ་རེད། ད་ལྟ་ང་ཚོ་བཙན་བྱོལ་ནང་མི་འབུམ་གཅིག་ལྷག་ལས་ཡོད་པ་མ་རེད། ང་ཚོས་ལྟ་བ་ལངས་ཕྱོགས་གང་ཞིག་གཏན་འབེབས་བྱས་པ་ཚང་མ་བོད་མི་ས་ཡ་དྲུག་གི་ལྟ་བ་ལངས་ཕྱོགས་ལ་ཚང་མས་ངོས་འཛིན་གནང་གི་ཡོད་པ་རེད། གངས་ཅན་སྐྱིད་གཤོང་ལ་ཆ་བཞག་ན། རང་བཙན་རྒྱལ་ཁབ་ཅིག་གི་ལས་ཁུངས་བྱེ་བྲག་པ་ཞིག་གི་ཆེ་ཆུང་ལས་མེད་ཀྱང་། བོད་རྒྱལ་ཁབ་ཅིག་གི་རྣམ་འགྱུར་དང་ངོ་བོ་མཚོན་གྱི་ཡོད་པར་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་པ་རེད།

            དྲི་བ། སྤྱི་ཚོགས་ནང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་མང་པོ་ཞིག་ཆབ་སྲིད་བཙོན་ཟུར་ཡིན་པ་དང་། ཁོང་ཅག་ཐོག་མ་ཆབ་སྲིད་བཙོན་པ་ཆགས་དོན་བོད་རང་བཙན་ཆེད་ཡིན་ཚུལ་གསུང་གི་ཡོད་པ་དེར་གཟིགས་ཚུལ་གང་འདྲ་ཡོད།  

          ལན། ང་རང་སྒེར་ལ་ཆ་བཞག་ན། ༡༩༩༡ ལོའི་ལྷ་སའི་ཟིང་འཁྲུག་ནང་ཚུད་སྐབས། སོ་སོར་མཚོན་ན་བོད་རང་བཙན་ཟེར་ནས་སྐད་འབོད་རྒྱག་མཁན་གྱི་གྲས་རེད། དེས་མཚོན་པའི་བཙན་རྒོལ་རྒྱལ་སྐྱོབ་ནང་ཞུགས་མཁན་འདས་གསོན་འཐབ་གྲོགས་ཚང་མས་བོད་རང་བཙན་ཡིན་ཟེར་ནས་འབོད་སྒྲ་བསྒྲགས་པ་རེད། དེ་ལྟར་སྐད་འབོད་རྒྱག་དགོས་པའི་མཐར་ཐུག་གི་དམིགས་ཡུལ་མགོ་ཐོག་ལ་ལྷག་ཡོད་པའི་དཀའ་ངལ་དེ་སེལ་རྒྱུའི་ཆེད་དུ་རེད། དཀའ་ངལ་དེ་སེལ་ཐབས་ལ་༸གོང་ས་མཆོག་གི་ཡེ་ཤེས་དབྱངས་དཔྱད་དང་། དེའི་ཐོག་ལ་བོད་མི་མང་གིས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དབུ་མའི་ལམ་དེ་ཡང་དག་པ་ཞིག་ཡིན་པར་ཐག་གཅོད་གཏན་འབེབས་གནང་བ་རེད། ད་རེབ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལངས་ཕྱོགས་དེ་དབུ་མའི་ལམ་དུ་བསྒྱུར་ཐུབ་པ་དེ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཡིན་རེད། ང་རང་སྒེར་གྱི་ངོས་ནས་ཡིན་ནའང་རེད་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཞིག་རེད་བསམ་བསྡད་ཡོད། མི་སྒེར་རེ་ཟུང་གིས་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་ཡོད་སྲིད་པ་རེད་དེ། རྩ་བའི་ཆ་ནས་གདམ་ག་ནོར་ཡོད་པ་མ་རེད་དྲན་ཡོད།

            དྲི་བ། ཚོགས་གཙོ་གསར་པའི་ངོས་ནས་དགུ་བཅུ་གསུམ་གྱི་ལས་དོན་བྱེད་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ལ་འགྱུར་བ་གཏོང་དགོས་པ་དེ་འདྲ་མཐོང་གི་ཡོད་དམ།

          ལན། སྤྱིར་བཏང་ལས་འགུལ་སྤེལ་ཕྱོགས་ལ་རྣམ་པ་དང་ཁ་ཕྱོགས་གསར་བར་འགྲོ་དགོས་པ་དེ་འདྲ་ཡོད་རྒྱུ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ཚོགས་པའི་འཛིན་སྐྱོང་གི་འགྲོ་སྟངས་ཁག་ཅིག་ཏན་ཏན་བཅོས་སྒྲིག་ཅིག་བྱ་དགོས་ངེས་ཆགས་འདུག དེ་རིང་ཞོགས་པ་ང་ཚོ་ཚོགས་དེ་དོན་ཚན་བཅུ་དྲུག་བཅུ་བདུན་ཞིག་བཤད་ཡོད། དཔེར་ན། ཆུང་ས་ནས་ལས་བྱེད་ཚོས་ལ་བ་གྱོན་སྟངས་དང་། ལས་ཁུངས་ནང་ཡོང་བའི་མི་སྣར་སྣེ་ལེན་ཞུ་སྟངས། རྒྱུན་དུ་ལས་ཀ་བྱེད་སྐབས་ལས་ཀའི་ངོ་བོ་ལ་ལྟ་སྟངས། ལྷག་པར་དུ་དེང་སང་ལས་ཁུངས་ཁ་ཤས་ནང་དྲ་རྒྱ་དང་ཁ་པར་སོགས་ཀྱི་ཐོག་ལ་དུས་ཚོད་སྐྱེལ་སྡོད་མཁན་དང་། ངོ་དེབ་(Facebook) དང་རྩེད་མོའི་(Game)ཐོག་དུས་ཚོད་གཏོང་མཁན། མི་གཅིག་གཉིས་འཛོམས་ཏེ་དོན་མེད་ཁ་བརྡ་བྱས་ཏེ་སྡོད་པ་སོགས་ཡོང་གི་ཡོད་པ་རེད། དེ་རིགས་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། དེ་རིགས་ལ་འགྲོ་སྟངས་ཤིག་ཡིག་ཐོག་ནས་འབུལ་དགོས་ཟེར་ནས་ཞུས་ཡོད། སོ་སོར་མཚོན་ན་འཛིན་སྐྱོང་གི་ཉམས་མྱོང་ཆེན་པོ་གང་ཡང་ཡོད་པ་མ་རེད་དེ། ཚོགས་པ་སྒྲིག་འཛུགས་དེ་འདྲའི་ནང་ལས་ཀ་གང་འཚམ་བྱས་མྱོང་སྟབས་འདི་དང་དེ་བྱེད་དགོས་བསམ་པ་དྲན་གྱི་འདུག ཡིན་ནའང་ཆབ་སྲིད་སྐོར་ལ་རྒྱུས་མངའ་གང་ཡང་ཡོད་པ་མ་རེད། དུས་རྒྱུན་ནས་ང་རང་ཆབ་སྲིད་པ་ཞིག་བྱེད་དགོས་བསམ་པ་མེད། ད་བར་ཤེས་ཡོན་ཐོག་ལས་ཀ་བྱས་བསྡད་པ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 1

  1. ཕུན་ཚོགས་ཚེ་རིང་། says:
    ལོ་ 13 སྔོན།

    སྐུ་ངོ་ལགས་ཀྱིས་དྲི་བར་ལན་འདེབས་ཡག་པོ་གནང་འདུག ཁྱེད་ཀྱི་ལས་དོན་ལམ་འགྲོ་ཡོང་བ་ཤོག ཚོགས་ཆེན་སྐབས་སྔོན་མ་དང་ད་རེས་གཉིས་ལ་བོད་ཀྱི་དགུ་བཅུ་གསུམ་ལས་ཁུངས་ལ་འགྱུར་བ་ཆེན་པོ་གཉིས་འགྲོ་ཡོད་པ་རེད། ཚོགས་ཆེན་སྐབས་སྔོན་མའི་ཐོག་དགུ་བཅུ་གསུམ་གྱི་རྒྱུན་ལས་ནང་ཉུང་མཐར་ཆོལ་ཁ་རེ་ནས་མི་གཉིས་རེ་ཡོང་དགོས་པ་དེ་རེད། ད་ལོའི་ཚོགས་ཆེན་ཐོག་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་ཕྱིན་པ་འདི་གཉིས་རེད། དེ་ནས་གནས་ཚུལ་གསར་པ་ཞིག་ལ་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་རིམ་པ་གྲྭ་རྒན་བླ་རྒན་རྐྱང་རྐྱང་གིས་འཇུས་བསྡད་པ་དེ་ཡང་འགྱུར་བ་ཕྱིན་ཏེ་ད་རེས་མི་སྐྱ་གཙང་མ་ཞིག་ཕེབས་པ་རེད། འདི་ཡང་མང་གཙོའི་སྤྱི་ཚོགས་ནང་གི་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་རྟགས་སམ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese