ལས་དང་སྨོན་ལམ་གྱི་འབྲེལ་ཐག་ཉེ་བའི་ཆོས་གྲོགས་རྣམས་ལ་བཟོད་གསོལ་སྔོན་དུ་གཏོང་ནས་གལ་ཆེན་གྱི་གནད་དོན་ཞིག་ཁྱེད་རྣམས་ལ་སྙན་གསན་ཞུ་རྒྱུར། དེ་སྔོན་རྒྱ་གར་བྱང་ཕྱོགས་ཧི་མ་ཅར་ཅོན་ཏ་ར་ལ། Chauntra, distt – Mandi, Himachal pradesh ༧གོང་ས་བཅུ་བཞི་པ་ཆེན་པོས་ཟབ་གསང་ཆོས་འཁོར་གླིང་ཞེས་མཚན་གསོལ་དང་འབྲེལ་བའི་ཆགས་རི་ཉི་གྲགས་དགོན་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས། བོད་རྒྱལ་ལོ་ ༢༡༤༠རབ་བྱུང་ ༡༧ ཆུ་སྦྲུལ་ལོའི་སྨིན་ཟླའི་ཚེས་བཅུ། སྤྱི་ལོ ༢༠༡༣ ཟླ ༡༢ ཚེས་༡༢ ལ་སྒོ་དབྱེ་བྱེད་འཆར་ལགས་ཀྱང་དུས་ཚོད་དེའི་སྒང་ལ ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་རིམ་གྲོ་གལ་གནད་ཆེ་བ་ཞིག་ཏུ་ཁེལ་འདུག་པས་ཉེ་ཆར་སྒོ་དབྱེའི་དུས་ཚོད་དེ་གནས་སྐབས་འགྱུར་བ་ཕྱིན་སོང་། སླད་མར་སྒོ་དབྱེའི་དུས་གཏན་ངེས་སྐབས་སླར་ཡང་གསལ་བསྒྲགས་བྱེད་འཆར་ལགས་པས་ཁྱེད་རྣམས་དུས་ཐོག་དེར་ངེས་ཕེབས་གནང་ཐུབ་པའི་རེ་བ་སྙིང་དབུས་ནས་ཆེ།
ཟབ་གསང་ཆོས་འཁོར་གླིང་གི་སྒོ་འབྱེད་གོ་སྒྲིགས་ཚོགས་ཆུང་གིས་གུས་ཕུལ།