མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་དམག་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་སྲུང་དམག་བར་སྦྱོང་བརྡར་ཞིག་རྒྱ་ནག་བྱང་ཕྱོགས་དམག་དཔུང་བཀོད་འདོམས་ལྟེ་གནས་སུ་མགོ་འཛུགས་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་ཁྲིན་ཏུའུ་རྟེན་གཞི་བྱས་པའི་རྒྱ་ནག་གི་བྱང་ཕྱོགས་དམག་དཔུང་བཀོད་འདོམས་ཁང་དུ། བཀོད་འདོམས་ཁང་དེའི་དམག་སྤྱི་གཞོན་པ་དབྱང་ཅིན་ཧྲན་ (Yang Jinshan) དང་རྒྱ་གར་གྱི་གནམ་མཆོངས་དམག་དཔུང་གི་དམག་སྤྱི་གཞོན་པ་བྷ་ཌེ་ཡ་ (Vinod Bhatia) གཉིས་ཀྱི་སྣེ་ཁྲིད་འོག  རྒྱ་གར་དཀར་ནག་གཉིས་ཀྱི་དམག་མི་ ༣༢༠ ལྷག་གིས་ཉིན་ ༡༠ རིང་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་དམག་སྦྱོང་ཞེས་པ་ཞིག་མགོ་བཙུགས་བྱས་ཡོད་པ་དང་། དེའི་ནང་དམག་མི་ཕན་ཚུན་གཉིས་བར་དེང་དུས་ཀྱི་མཚོན་ཆ་བེད་སྤྱོད་གཏོང་སྟངས་དང་དམག་འཁྲུག་གི་ཐབས་ཇུས། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པས་མི་སྣ་བཙན་འཁྲིད་དང་གཏའ་མར་ཉར་བ། འཇིགས་སྐུལ་འཇབ་རྒོལ་བྱེད་སྐབས་དམག་མིས་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་དམག་སྦྱོང་ཞིག་ཡིན་འདུག

ཐེངས་འདིའི་དམག་སྦྱོང་སྐོར་ལ་དམག་སྤྱི་གཞོན་པ་གཉིས་ཀྱིས་ཤིན་ཧྭ་གསར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། དམག་སྤྱི་གཞོན་པ་དབྱང་ཅིན་ཧྲན་ (Yang Jinshan) ཡིས།  རྒྱ་དཀར་ནག་གཉིས་ལ་འཇིགས་སྐུལ་པའི་ཉེན་ཁ་གཅིག་མཚུངས་ཡོད་པ་དང་། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་པ་ཀི་སི་ཐན་ཡིན་ཡང་། པེ་ཅིན་གྱིས་རྒྱ་གར་མཉམ་དུ་ཡིད་ཆེས་བློས་འགེལ་དང་དམག་མི་ཕན་ཚུན་བར་མཉམ་ལས་གོང་འཕེལ་གཏོང་དགོས་ཀྱི་ཡོད་ཅེས་བརྗོད་པ་དང་། རྒྱ་གར་དམག་སྤྱི་གཞོན་པ་བྷ་ཌེ་ཡ་ཡིས་ཀྱང་། རྒྱ་དཀར་ནག་གཉིས་ཀྱི་གྲོས་ཆོད་བཞག་པ་ལྟར་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་བསྐྱར་གསོ་མགོ་འཛུགས་བྱས་ཡོད་པ་དང་། དམག་མི་ཕན་ཚུན་བར་དམག་སྦྱོང་ཡག་ཤོས་སྤྲོད་ལེན་བྱས་ན། ཕྱོགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་ཅེས་བརྗོད་འདུག

གསར་ལམ་ཁག་ཏུ། རྒྱ་དཀར་ནག་གཉིས་བར་གྱི་དམག་སྦྱོང་འདི་ནི། ཟླ་སྔོན་མའི་ཚེས་ ༢༣ ཉིན། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གཉིས་པེ་ཅིན་མཇལ་འཕྲད་ཀྱིས་ས་མཚམས་སྲུང་སྐྱོབ་ཀྱི་མཉམ་ལས་གྲོས་ཆོད་ (BDCA)ཞེས་པའི་ནང་དོན་ལྟར། རྒྱལ་ཁབ་གཉིས་མཐའ་སྲུང་དམག་མིས་ཕན་ཚུན་ལ་ཡིད་ཆེས་དང་ས་མཚམས་བརྟན་བརླིང་ཞི་བདེ་ཡོང་ཆེད་ཡིན་སྐོར་སོགས་བརྗོད་འདུག

༢༠༠༧ ལོར་རྒྱ་ནག་གི་གྲོང་ཁྱེར་ཀོང་མེན་ ( Kunming) དུ། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་སྦྱོང་ཐེངས་དང་པོ་བྱས་ཡོད་པ་དང་། ༢༠༠༩ ལོར་རྒྱ་གར་གྱི་མངའ་སྡེ་ཀཱ་ནཱ་ཌཱ་ (Karnataka) ནང་དམག་སྦྱོང་ཐེངས་གཉིས་པ་བྱས་ཡོད། ༢༠༡༠ ལོར་རྒྱ་གར་གྱི་བྱང་ཕྱོགས་དམག་དཔུང་བཀོད་འདོམས་ཁང་དུ་དམག་སྦྱོང་ཐེངས་གསུམ་གྲ་སྒྲིག་བྱེད་སྐབས། རྒྱ་གར་མངའ་ཁོངས་ཀཱ་ཤི་མིར་གྱི་མི་སེར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་ཏུ་རྒྱ་ནག་གི་ཐོངས་མཆན་མ་སྤྲད་པར། སྤྱིར་བཏང་གི་ཤོག་བུ་ཞིག་གི་སྟེང་ཐོངས་མཆན་སྤྲད་དེ། མངའ་སྡེ་དེ་ནི་རྒྱ་གར་གྱི་མངའ་ཁོངས་ཡིན་པ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། རྒྱལ་ཁབ་གཉིས་བར་གྱི་དམག་སྦྱོང་ཐེངས་གསུམ་པ་དེ་བྱེད་ཐུབ་མེད་པ་དང་། སྐབས་དེ་ནས་ད་ལོའི་བར་གྱི་ལོ་གསུམ་རིང་དམག་སྦྱོང་འབྲེལ་ལམ་བསྐྱར་མཐུད་ཐུབ་མེད།

ཁྲིན་ཏུའུ་རྟེན་གཞི་བྱས་པའི་རྒྱ་ནག་བྱང་ཕྱོགས་དམག་དཔུང་བཀོད་འདོམས་ཁང་དེ་ནི། བོད་ཀྱི་ལྷོ་བྱང་ས་ཁུལ་གཙོས་རྒྱ་གར་དང་ས་འབྲེལ་ཁག་ཏུ་མཐའ་སྲུང་བཀོད་འདོམས་ཀྱི་ལས་འགན་འཁུར་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་ཟེར་བའི་ལྟེ་གནས་གལ་ཆེན་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese