མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབྲི་རུ་ནས་མི་ ༡༧ འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མ་དང་ཟླ་བ་བཅས་སུ་རྒྱ་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་སྟེང་མཁར་གྲོང་གི་བུད་མེད་ ༣ ཚུད་པའི་མི་ ༡༧ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་རེས་གཟའ་ཉི་མའི་མཚན་མོ་དང་ཟླ་བའི་ཉིན་མོར་གཉིས་ལ། ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཞང་སྟེང་མཁར་གྲོང་གི་མི་ ༡༥ འཛིན་བཟུང་བྱས་ཡོད་འདུག དེ་དག་ནི་རང་ལོ་ ༤༩ ཡིན་པའི་གསར་སྐྱིད་དང་། རང་ལོ ༤༧ ཡིན་པའི་མཚོ་ཕན། རང་ལོ་ ༢༥ ཡིན་པའི་གཡང་སྐྱིད་བཅས་བུད་མེད་ ༣ དང་། རང་ལོ་ ༢༢ ཡིན་པའི་ཚེ་རིང་དང་རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས། རང་ལོ་ ༢༡ ཡིན་པའི་བཀྲ་རྡོར།  རང་ལོ་ ༡༧ ཡིན་པའི་ཀུན་གྲགས། རང་ལོ་ ༤༡ ཡིན་པའི་དགའ་སྦུག  རང་ལོ་ ༢༢ ཡིན་པའི་བསྟན་པ།  རང་ལོ་ ༢༧ ཡིན་པའི་ཐུབ་ཆེན།  རང་ལོ་ ༢༥ ཡིན་པའི་བསོད་བཀྲ། རང་ལོ་ ༢༡ ཡིན་པའི་ཚེ་རིང་བྱང་ཆུབ། རང་ལོ་༢༣ ཡིན་པའི་འཇིགས་མེད་ཕུན་ཚོགས། རང་ལོ་ ༢༤ ཡིན་པའི་ལམ་བཟང་། རང་ལོ་ ༡༩ ཡིན་པའི་ཚེ་དབང་སྐྱབས་བཅས་སྐྱེས་པ་ ༡༢ ཡོད་འདུག དེ་དག་ལས་གསར་སྐྱིད་ནི་བུ་ཕྲུག་གཉིས་ཀྱི་ཨ་མ་རེད་ལ།  ཁོང་གི་བུ་ལམ་བཟང་དང་ཚེ་རིང་ལྷ་སྐྱབས་བཅས་ནི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པ་དང་། ཁྱིམ་ཚང་འདིའི་ནང་མི་གསུམ་ཀ་འཛིན་བཟུང་བྱས་ཡོད་པ་རེད།

ཁོང་ཅག་འཛིན་བཟུང་བྱས་དོན། ཟླ་སྔོན་མའི་ཚེས་ ༡༡ དང་ ༡༢ ཉིན་གཉིས་ལ། འབྲི་རུ་གཤམ་ཆུ་སྟེང་མཁར་གྲོང་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་(ཞོགས་དྲིལ) དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ད་བར་གར་ཡོད་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་སྟབས། གྲོང་མི་མང་པོ་སྔ་ཕྱིར་ཤང་སྲིད་གཞུང་དང་རྫོང་སྲིད་གཞུང་དུ་བཅར་ནས་སྐད་ཆ་དྲིས་ཡོད་པ་དང་། རྗེས་སུ་རྒྱ་གཞུང་གིས་མི་མང་ཞུ་གཏུག་ཏུ་འགྲོ་རྒྱུ་བཀག་འགོག་བྱས་ཏེ། མི་ ༥ ཡན་མཉམ་དུ་བསྐྱོད་ཚེ་ཆབ་སྲིད་དང་འབྲེལ་བ་ཡོད་པ་དང་། གལ་སྲིད་གནད་དོན་ཞུ་རྒྱུ་ཡོད་ན་ཡིག་ཐོག་ནས་འཁྱེར་ཡོང་དགོས་ཚུལ་བཤད་དེ་མང་ཚོགས་ཀྱིས་ཡིག་ཐོག་ནས་ཐེངས་མང་པོར་རེ་འདུན་ཞུས་ཀྱང་བརྡ་ལན་གང་ཡང་འབྱོར་མི་འདུག

བདུན་ཕྲག་སྔོན་མའི་གཟའ་ཉི་མར། རྫོང་དང་ཞང་བཅས་ནས་ལས་བྱེད་མང་པོ་སྟེང་མཁར་གྲོང་དུ་འབྱོར་ཏེ། མང་ཚོགས་བསྡུ་སྐོང་གིས་རྒྱལ་གཅེས་བསམ་བློའི་སློབ་གསོ་སྤེལ་ཡོད་པ་དང་། ཉིན་དེའི་དགོང་མོར་སྟེང་མཁར་གྲོང་གི་བུད་མེད་མཚོ་ཕན་དང་གསར་སྐྱིད། གཡང་སྐྱིད་བཅས་ ‘གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག’ ལས་བྱེད་ཞི་བདེ་སོགས་ཀྱི་སྡོད་གནས་སུ་བསྐྱོད་དེ། རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གང་ལའང་འགལ་མེད་ལུགས་ཚོར་ཤུགས་དྲག་པོས་བརྗོད་ཡོད་པ་དང་། གལ་ཏེ་འགལ་ཡོད་ན་དོན་ཚན་གང་དག་ལ་འགལ་ཡོད་པ་གསལ་བཤད་དགོས་སྐོར་སོགས་ལབ་སྟེ་ཁོང་ཚོའི་བར་ཁ་རྩོད་བྱུང་མཐར་ཉེན་རྟོག་པ་སྐད་བཏང་སྟེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། སྐབས་དེར་གྲོང་པའི་ཕོ་གསར་བཅུ་གྲངས་ཤིག་ལས་ཁུངས་དེའི་ཕྱི་ལོགས་སུ་འཚོགས་ཡོད་དེ་དག་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་ལྟའང་བཀག་ཉར་བྱས་ཡོད་འདུག

ཐེངས་འདིར་འཛིན་བཟུང་བྱས་པ་མང་ཆེ་བ་འབྲི་རུ་རྫོང་བཙོན་ཁང་དུ་བཅུག་ཡོད་པ་དང་། ཁོང་ཅག་ཉིན་ལྟར་རྫོང་བཙོན་ཁང་ནས་སྤྱི་བདེ་ལས་ཁུངས་ལ་ཁྲིད་དེ་འཇམ་རྩུབ་གཉིས་ཐོག་ནས་འདྲི་རྩད་བྱེད་བཞིན་ཡོད་འདུག་ལ། འགའ་ཤས་ས་གནས་གཞན་ལ་འཁྲིད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཟླ་འདིའི་ཚེས་ ༣ ཉིན་འབྲི་རུ་རྫོང་ནས་དམག་མི་བརྒྱ་ཕྲག་ཅིག་གྲོང་ཚོར་འབྱོར་ཡོད་པ་མ་ཟད། གྲོང་ཚོའི་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་དམག་སྒར་བཏབ་ཡོད་འདུག ཉིན་དེ་ནས་བཟུང་གྲོང་ཚོའི་མི་སུ་གང་ས་རུབ་རྗེས་ཁྱིམ་ནས་སྒོའི་ཕྱིར་ཐོན་མི་ཆོག་པ་བཟོས་ཡོད་འདུག

གཞན། ན་ནིང་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་དགུན་འགྲུབ་ལགས་ཀྱིས་རང་སྲེག་བཏང་རྗེས། འབྲི་རུ་རྫོང་ཟླ་ཐང་ཞང་ཁོངས་ཀྱི་འཛོམ་ལྷ་དགའ་འཛིན་བཟུང་གིས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་དུས་ཚོད་རྫོགས་ཀྱང་ཉེ་ཆར་ཕ་ཡུལ་ཁམས་འབྲི་རུ་རྫོང་དུ་གནས་ཚུལ་རིམ་བསྟུད་དུ་བྱུང་སྟབས་ལོ་གཅིག་ཕར་འགྱངས་བྱས་ཡོད་པའི་གནས་ཚུལ་འཐོན་ཡོད་འདུག

གཞན། ཁམས་འབྲི་རུ་རྫོང་ཆག་རྩེ་ཞང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ཉེ་ཆར་འཛིན་བཟུང་གིས་ཉིན་ ༢༠ ལྷག་ཕྱིན་ཡོད་པ་དང་། ཆག་རྩེ་ཞང་གོང་མ་མདོ་ནས་ཡིན་པའི་དར་རྒྱས་འཛིན་བཟུང་གིས་ཉིན་ ༡༠ ཕྱིན་ཡོད་ཀྱང་། ད་ལྟ་ཁོང་ཅག་གི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist