མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་མང་གིས་མ་འོངས་མདུན་ལམ་ལ་སེམས་འཚབ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལྦ་ཤིན་ཌོན་ཆ་འཕྲིན་གྱི་རྩོམ་སྒྲིག་པ་ཕེཌི་ཧེ་དྷ་ཡིས་སྤེལ།  དོན་གྲུབ་ཀྱིས་བསྒྱུར།

ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་སྲིད་བྱུས་ (ཨོ་བྷ་མའི་ལྟ་སྐྱོང་ལས་གཞི) ཐོག་གྲོས་འཆམ་མ་བྱུང་པར་འཕྲོད་བསྟེན་དང་འབྲེལ་བའི་གཞུང་འབྲེལ་ལས་ཁུངས་ཁག་སྒོ་རྒྱག་དགོས་པའི་དོན་རྐྱེན་བྱུང་སྟབས། ངས་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པའི་རྒྱ་ནག་གིས་གོ་སྐབས་དེ་བཟུང་སྟེ། ཕྱོགས་གང་སར་མདུན་སྐྱོད་བྱེད་ཀྱི་ཡོད་པ་རེད་བསམ་ནས་རྟོག་ཞིབ་བྱེད་པར་བསྐྱོད་པ་ཡིན། འོན་ཀྱང་། ང་རྒྱ་ནག་ནང་བསླེབས་རྗེས་གཞི་ནས་རྒྱ་ནག་གཞུང་དམངས་གཉིས་ཀྱིས་ངས་ཚོད་དཔག་བྱས་པའི་ལས་དོན་དེའི་ཐོག་ནུས་པ་འདོན་གྱི་མེད་པ་ཧ་གོ་སོང་།

རྒྱ་ནག་མི་མང་ཚོར། ཨ་རིའི་ལས་ཁུངས་ཁག་ཅིག་ལངས་ཕྱོགས་མཐུན་མིན་གྱི་དབང་གིས་ལས་ཁུངས་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་བའི་གནད་དོན་ཁག་གླེང་སློང་བྱས་སྐབས། རེ་འགས་དགའ་སྣང་བྱེད་ཀྱི་ཡོད་ཀྱང་། ཡུལ་མི་བསམ་ཤེས་ཅན་ཚོས་ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་། སྲིད་འཛིན་ཨོ་བྷ་མས་ཉེ་ཆར་ཨེ་ཤ་ཡའི་ལྷན་ཚོགས་ནང་ཆ་ཤས་བླངས་མེད་པ་དེར་བློ་འཚབ་ཡོད་པའི་གླེང་སློང་བྱེད་ཀྱིན་འདུག ཨ་རིའི་ཆབ་སྲིད་འཛིན་སྟངས་ཐད་རྒྱ་ནག་མི་མང་གིས་བསམ་ཚུལ་འདྲ་མིན་བརྗོད་ཀྱི་ཡོད་ཀྱང་། ངེས་གཏན་མེད་པའི་གནད་དོན་ཁག་ཅིག་དང་ཡིད་ཐང་ཆད་པའི་རྒྱ་ནག་གི་ཕུགས་བསམ་ལ་ཁོང་ཚོས་དེ་ལས་ལྷག་པའི་སེམས་འཚབ་ཡོད་པའི་རྣམ་འགྱུར་ཤུགས་ཆེན་པོ་སྟོན་བཞིན་འདུག

དེ་སྔ་རྒྱ་ནག་གིས་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པ་ཟིན་ཡོད་པའི་ཉི་ཧོང་གི་སྟོབས་ཤུགས་མེད་པར་བཟོས་ཏེ། ཁོ་རང་ཚོ་གོ་ལའི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ཆགས་ཡོད། ད་ལྟ་རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཡང་། རྒྱ་ནག་གི་དཔོན་རིགས་ནང་ཁུལ་གྱི་ལ་རྒྱ་དང་དབང་ཐང་ལ་བརྟེན་ནས། དཔལ་འབྱོར་དབྱར་མཚོ་བཞིན་འཕེལ་རྒྱས་འགྲོ་བར་དགེ་མཚན་གཉིས་ཡོང་གི་ཡོད། དེ་ནི་དོན་དངོས་དང་སྟབས་བདེའི་བརྒྱུད་རིམ་གཉིས་ཡིན། དང་པོ། དོན་དངོས་བརྒྱུད་རིམ་ནི། གལ་ཏེ་རྒྱ་ནག་ཨ་རི་ལས་རྣམ་པར་རྒྱལ་ཏེ་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་དེ་ཆགས་པ་ཡིན་ནའང་། རྒྱ་ནག་མི་མང་ཕལ་ཆེ་བ་སྔར་བཞིན་ཉམ་ཐག་གི་ངོ་བོར་ལྷག་རྒྱུ་ཡིན་པ་གོར་མ་ཆག  གཉིས་པ། རྒྱ་གཞུང་གིས་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དཀའ་ངལ་ནང་ལྷུང་ཡོད་པའི་རྒྱལ་སྤྱིའི་དཀའ་རྙོག་གི་གནད་དོན་རིགས་ལ་ཐེ་བྱུས་དང་ལེགས་སྐྱེས་འབུལ་མི་སྲིད་པ་ཧ་ཅང་གསལ་བོ་ཡིན།

ང་འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག ཨ་རྒྱ་གཉིས་ཀྱི་འབྲེལ་མོལ་སྲིད་བྱུས་ཐོག་རྟོག་ཞིབ་བྱེད་མཁན་གྱི་ཨ་རིའི་ཁེ་ལས་མིན་པའི་སྒེར་བདག་ཅན་གྱི་ཚོགས་པ་ (བརྒྱ་ཐམ་པའི་ལྷན་ཚོགས) ཞེས་པ་དེས། ང་དང་གསར་འགོད་པ་གསུམ་མཉམ་དུ་རྒྱ་ནག་གི་བརྗོད་དོན་གཉིས་ཀྱི་ཐོག་གཏམ་གླེང་གོ་སྒྲིག་བྱས་སོང་། སྐབས་དེར་ངས་དཀའ་ཚེགས་ཆེ་བའི་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་དེ་རེ་ཞིག་མཇུག་རྫོགས་ཡོད་ཀྱང་། མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཐོག་ལེགས་བཅོས་གཏོང་དགོས་ན། སྔོན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་བསྒྱུར་བཅོས་གཏོང་འདོད་མེད་པའི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པ་རེད་ཅེས་བཤད་པ་ཡིན།  

ངས་གོང་གི་གནད་དོན་དེ་ལབ་དགོས་པའི་རྒྱུ་མཚན་གཙོ་བོ། རྒྱ་སྒོར་ཐེར་འབུམ་མང་པོའི་ཕྱུག་བདག་དང་། དེ་བཞིན་འབྱོར་འབྲིང་གྲལ་རིམ་པ་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་ཐོབ་ཐང་ལེན་པའམ། སོ་སོའི་མ་དངུལ་རྒྱལ་ཁབ་གཞན་ནང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན། དེ་ནི་སྲིད་འཛིན་ཞི་ཅིན་ཕིན་གྱི་རྒྱ་ནག་གི་རྨི་ལམ་ཞེས་པ་སོ་སོའི་བུ་ཕྲུག་ཨ་རིའི་གཙུག་ལག་སློབ་ཆེན་ཁག་ལ་གཏོང་འདོད་ཀྱི་རེ་འབྲས་མེད་པའི་ཀྱལ་ཀ་དེ་དང་གཅིག་མཚུངས་ཡིན།

རྒྱ་ནག་མི་མང་གིས་རྒྱ་ནག་ནང་ཁུལ་གྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཀུན་གྱིས་མཐོང་ཆོས་ཤིག་ཡིན། དཔེར་ན། གཅེས་པར་འོས་པའི་སོ་སོའི་བུ་ཕྲུག་འཛིན་གྲྭའི་ནང་གི་མདུན་གྲལ་དང་པོར་འཇོག་དགོས་ན་དགེ་རྒན་ལ་ལྐོག་རྔན་སྤྲོད་དགོས་པ་དང་།  དེ་བཞིན། སོ་སོའི་ལས་ཀའི་གོ་གནས་སྤར་དགོས་ན་དཔོན་པོ་ཚོར་ལྐོག་རྔན་མ་སྤྲད་པར་སྒྲུབ་ཐབས་མེད་པ་ཆགས་ཡོད། མདོར་ན། ཡུལ་ལུང་དེའི་ནང་རི་བོ་འབིགས་པར་ནུས་པའི་ཆབ་སྲིད་ཀྱི་དབང་ཆ་དང་དབང་ཐང་ནི་མང་ཚོགས་ཀྱི་རྒྱུ་ནོར་ཧམ་འཕྲོག་བྱེད་མཁན་ལྕགས་ཀྱི་འགྲམ་པ་ཞིག་ཏུ་གྱུར་འདུག ཉེ་ཆར་ ‘དཔལ་འབྱོར་དུས་དེབ’ ཀྱིས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་། ཨ་རིའི་གྲོས་ཚོགས་འཐུས་མི་ཕྱུག་ཤོས་ ༥༠ རྒྱུ་ནོར་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༡ དང་ཕྱེད་ཀ་ཡིན་པ་དང་། རྒྱ་ནག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ ༥༠ རྒྱུ་ནོར་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༩༥ ཡིན་པ་གསལ་སྟོན་བྱས་ཡོད། དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པས་ལྐོག་ཟ་རུལ་སུངས་ཀྱི་ལས་དོན་དེ་དག་རྩ་མེད་བཟོ་རྒྱུར་ལས་འགུལ་འདྲ་མིན་སྤེལ་ཡོད་ཀྱང་། ཉེན་རྟོག་པ་དང་ཁྲིམས་རྩོད་པ། ཁྲིམས་ཁང་སོགས་དམར་ཤོག་ཚོགས་པའི་མངའ་འོག་ཏུ་ཡོད་སྟབས། བྱ་ཐབས་ཇི་ལྟར་སྤྱད་ཀྱང་ལྐོག་ཟ་རུལ་སུངས་དེ་དག་རྩ་མེད་བཟོ་ཐུབ་མེད།

རྒྱ་ནག་ནང་བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་དུད་ཞགས་འཐིབས་ཏེ་ཉི་མ་ཡང་མཐོང་དཀའ་བའི་གནས་སུ་གྱུར་སོང་། སྐབས་དེར་པེ་ཅིན་གྲོང་ཁྱེར་དང་གྲོང་ཁྱེར་གཞན་དག་ནང་གི་ཡུལ་མི་ཚོས་བུ་ཕྲུག་ཕྱི་ལོགས་སུ་རྩེད་མོ་རྩེད་བར་བཏང་མི་འདུག དེ་ནི་མཁའ་རླུང་དང་གཙང་ཆུ་འབགས་བཙོག ཟས་རིགས་ཁག་ལ་ལྷད་ཡོད་པའི་ཞེད་སྣང་འོག་ཕ་མ་ཚོས་བུ་ཕྲུག་ཕྱིར་ཐོན་མ་བཅུག་པ་རེད། གང་ལྟར། རྒྱ་ནག་དམར་ཤོག་ཚོགས་པས་ཁོར་ཡུག་དང་འབྲེལ་བའི་བཅོས་བསྒྱུར་ལམ་ལུགས་དེ་ལག་ལེན་ཇི་ལྟར་བསྟར་མིན་ལ་རག་ལས་ཡོད། ཡིན་ནའང་། ཁོར་ཡུག་གི་ལམ་ལུགས་དེ་ལག་བསྟར་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། གང་ཡིན་ཞེ་ན། རྒྱ་ནག་གི་མགོ་ཁྲིད་མང་པོ་ཞིག་དེ་དང་ཐད་ཀར་འབྲེལ་བ་ཆགས་ཡོད་དུས་ཁ་ཞེ་གཉིས་མེད་ཐོག་སྲིད་བྱུས་དེ། རྒྱ་ནག་ནང་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དཀའ་ངལ་ཆགས་ཡོད།

རྒྱ་ནག་གིས་ལད་ཟློས་བྱེད་བཞིན་པའི་དཔལ་འབྱོར་ལམ་ལུགས་དེ་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རིམ་ཞིག་ཏུ་ཁ་ཕྱོགས་བསྒྱུར་རྒྱུ་ནི་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད། ཡིན་ནའང་། དེ་ལྟ་བུའི་དཔལ་འབྱོར་སྲིད་བྱུས་དེ་རྒྱ་ནག་སྤྱི་ཚོགས་ནང་དོན་འཁྱོལ་བྱེད་དགོས་ན། གསར་འགྱུར་བརྒྱུད་ལམ་ཁག་དང་དུས་དེབ། དྲ་རྒྱའི་རྩོམ་རིགས་ཁག་ལ་དོ་དམ་དང་། ཡང་ན། ཁྲིམས་ཆད་གཏོང་བའམ་སྨྲ་བརྗོད་རང་དབང་མ་སྤྲད་པ་ཡིན་ན། དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་དེ་བསྒྲུབ་ཐབས་མེད་པ་ཞིག་ཡིན་སྟབས། གོང་བརྗོད་གནད་དོན་ལ་དཔེ་བླངས་ཏེ་རྒྱ་ནག་གིས་མདུན་སྐྱོད་བྱེད་རྒྱུ་ནི་སྐབས་བབ་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད།  

མ་རྩོམ་གྱི་འབྲེལ་ཐག  http://www.washingtonpost.com/opinions/fred-hiatt-the-chinese-are-anxious-over-the-future/2013/11/03/46aad1bc-441b-11e3-a751-f032898f2dbc_story.html?hpid=z2

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. གཅན་འོད་འབར། says:
    ལོ་ 13 སྔོན།

    སྒྱུར་རྩོམ་འདི་བསྒྱུར་སྟངས་བློར་བབས་སོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese