མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་རྙེད་པའི་འགྱུར་རྡོ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལྷོ་ནུབ་ས་ཁུལ་དུ་ལོ་ངོ་ས་ཡ་བཞི་ནས་ལྔའི་ལོ་རྒྱུས་ཡོད་པའི་ཤ་གཟན་སེམས་ཅན་ཞིག་གི་མགོ་རུས་རྙེད་སོན་བྱུང་བར་ཞིབ་འཇུག་བརྒྱུད་གནའ་བོའི་ནགས་གཟིག་གི་རིགས་ནི་ཨེ་ཤ་ཡའི་གདོད་མའི་སེམས་ཅན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་འདུག

དེ་རིང་བྷེ་བྷེ་སི་གསར་ཁང་གི་ཚན་རྩལ་བསྐྱར་ཞིབ་ཚན་པར་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔོན་ཤེས་རྟོགས་ཐུབ་མེད་པའི་གངས་གཟིག་དང་འདྲ་བའི་ཞི་མིའི་ཁྱིམ་རྒྱུད་ཀྱི་མགོ་རུས་རྙིང་པའི་འགྱུར་རྡོ་ཞིག་བོད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཅིག་ནས་རྙེད་སོན་བྱུང་ཡོད་འདུག གསར་རྙེད་བྱུང་བའི་ནགས་གཟིག་(Panthera blytheae )རིགས་ཀྱི་ཆག་སྐྱོན་ཤོར་བའི་མགོ་རུས་དེར་བརྟག་དཔྱད་བརྒྱུད་ལོ་ངོ་ས་ཡ་ ༤ །༡ ནས་ས་ཡ་ ༥།༩༥ བར་གྱི་ལོ་རྒྱུས་ཡོད་པ་གསལ་རྟོགས་དང་། འགྱུར་རྡོ་དེས་ནགས་གཟིག་ནི་ཨེ་ཤ་ཡ་ནས་ཨ་ཧྥི་རི་ཁའི་གླིང་ལ་ཕར་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་ལས་ཨ་ཧྥི་རི་ཁ་གླིང་ནས་ཨེ་ཤ་ཡའི་གླིང་དུ་ཚུར་འཕེལ་བ་ཞིག་མིན་པ་ར་སྤྲོད་བྱུང་ཡོད་འདུག

དབྱིན་ཇིའི་(Royal society journal)ཞེས་པའི་དུས་དེབ་ནང་། ཨ་རི་དང་རྒྱ་ནག་གི་གནའ་ཤུལ་ཞིབ་འཇུག་ཚན་པས་གསར་རྙེད་བྱུང་བའི་རྩ་སྟོང་དུ་ཕྱིན་པའི་ཞི་མིའི་རིགས་ཀྱི་མགོ་རུས་དེའི་གཟུགས་ཕུང་དང་རིགས་རྫས་ཆགས་ཚུལ་སོགས་གང་ལ་དཔྱད་ཀྱང་ད་ལྟའི་ཞི་མི་དག་དང་རྩ་བ་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཨ་རིའི་ཁེད་ལི་ཧྥོར་ནི་ཡཱའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཇེག་ཚན་( Jack Tseng)ལགས་ཀྱིས་ “ཐེངས་འདིར་གསར་རྙེད་བྱུང་བའི་འགྱུར་རྡོ་དེ་ནི། ད་ལྟའི་གངས་གཟིག་རིགས་ཀྱི་གནའ་བོའི་ཞི་མི་ཞིག་ཡིན་ཞིང་། དེར་དཔྲལ་བ་ཆེན་པོ་དང་གདོང་བ་ཆུང་ཆུང་། གཟུགས་སྟོབས་ཀྱང་ལྷོ་ཤར་ཨེ་ཤ་ཡའི་གཟིག་ཁྲ་ (clouded leopards) ཞེས་པ་དང་འདྲ་བོ་ཡིན’’ ཞེས་བརྗོད་འདུག ཁོང་གིས་ “རྩ་སྟོང་དུ་ཕྱིན་པའི་གཅན་གཟན་འདི་ཐོག་མ་ཇི་ལྟར་འཕེལ་རྒྱས་ཕྱིན་པ་དང་། འཛམ་གླིང་གི་ས་ཁུལ་གང་དག་ནང་འཕེལ་མིན་སོགས་ལ་རྒྱུས་ལོན་བྱེད་དགོས་ཀྱི་འདུག སྐྱེ་དངོས་རིག་པ་བ་ཚོས་སྟག་གཟིག་སོགས་ཞི་མིའི་ཁྱིམ་རྒྱུད་དེ་ཐོག་མ་ཨེ་ཤ་ཡའི་གླིང་ནས་བྱུང་པ་ཁུངས་སྐྱེལ་དང་། རིགས་རྒྱུན་རྡུལ་རྫས་དང་འགྱུར་རྡོ་དེ་དག་ལ་ཞིབ་འཇུག་བྱས་པའི་སྙན་ཐོར་གཞིགས་ན་ཞི་མིའི་རིགས་དེ་རིམ་པས་འཕེལ་རྒྱས་ཕྱིན་ཏེ་རིགས་མི་འདྲ་བ་མང་པོ་ཆགས་པ་ཞིག་རེད’’ཅེས་བརྗོད་འདུག

དེང་རབས་ཀྱི་བཤད་སྲོལ་ཞི་མིའི་ཁྱིམ་རྒྱུད་ཅེས་པ་འདིའི་ནང་དུ། སེང་གེ་དང་གུང་། སྟག་དང་གཟིག གངས་གཟིག དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་ནང་ཡོད་པའི་གཟིག་ཁྲ་སོགས་སྣ་ཚོགས་ཤིག་ཡོད་པ་དང་། ཞི་མིའི་ཁྱིམ་རྒྱུད་ཀྱི་རིགས་རྒྱུན་རྡུལ་རྫས་ལ་བརྟག་དཔྱད་གཏོང་སྐབས་དབྱེ་བ་མི་འདྲ་བའི་ཞི་མི་དེ་དག་ནི། ལོ་ངོ་ས་ཡ་ ༦།༣༧ ལྷག་གི་ལོ་རྒྱུས་ཡོད་པའི་གསའ་དང་གཡི། དེ་བཞིན་ཁྱིམ་ཉར་ཞི་མིའི་རིགས་ལས་བྱུང་བ་ཞིག་ཡིན་ཞིང་། ༡༩༧༠ ལོའི་ནང་གནའ་རྫས་རྟོག་ཞིབ་པ་མལ་རེ་ལི་ཁེ་(Mary Leakey) ལགས་ཀྱིས། ཐན་ཛ་ནི་ཡའི་ས་ཆ་ལེའུ་ཐོ་ལེ་ནས་རྙེད་སོན་བྱུང་བའི་ཆག་སྐྱོན་ཅན་གྱི་གནའ་རུས་སོ་ཞིག་ལ་རྟག་དཔྱད་བྱས་པར་ལོ་ངོ་ས་ཡ་ ༣།༦ ཙམ་གྱི་ལོ་རྒྱུས་ཡོད་པ་ཤེས་རྟོགས་བྱུང་འདུག  

༢༠༡༠ ལོར་མཁས་དབང་ཚན་( Dr Tseng ) དང་ཁོང་གི་སྐྱེ་དམན་ཇོན་ལེ་ཡིས་མགོ་ཁྲིད་པའི་གནའ་ཤུལ་ཞིབ་འཇུག་ཚོགས་ཆུང་ཞིག་གིས་བོད་ཀྱི་ལྷོ་ནུབ་ས་ཁུལ་རྩ་མདའ་ལུང་གཞོང་གི་ཆུ་རྒྱུན་ཆད་པའི་བྲག་རོང་ཞིག་ནས་རུས་པ་ ༡༠༠ དང་ཞི་མིའི་ཁྱིམ་རྒྱུད་ཀྱི་མགོ་རུས་ཆེན་པོ་ཞིག་བཅས་རྙེད་སོན་བྱུང་ཞིང་། དེའི་སྐོར་ལ་ཁོང་གིས་བྷེ་བྷེ་སི་གསར་ཁང་དུ། “ ང་ཚོས་ལུང་གཞོང་དེ་འདྲ་ཞིག་ནང་རྩ་ཆེའི་འགྱུར་རྡོ་རྙེད་ཐུབ་པ་དེ་ནི་ཧང་སངས་དགོས་པ་ཞིག་རེད། དུས་རྒྱུན་ང་ཚོར་གཙོད་དང་བསེ་རུའི་འགྱུར་རྡོ་ལས་རྙེད་ཀྱི་མེད་ཀྱང་། ད་རེབ་རྩ་ཆེའི་འགྱུར་རྡོ་དེ་འདྲ་ལག་སོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང” ཞེས་བརྗོད་འདུག བོད་ཀྱི་ས་ཁུལ་ནས་གསར་རྙེད་བྱུང་བའི་འགྱུར་རྡོ་དེ་དག་ཁྲོད་གྲུམ་པ་དང་སྲེ་མོང་། སྤྱང་ཀི་སོགས་གཅན་གཟན་རིགས་དང་། ཉུང་མཐར་ཞི་མིའི་ཁྱིམ་རྒྱུད་གསུམ་ལས་མཆེད་པའི་ཆག་སྐྱོན་ཅན་གྱི་མགོ་རུས་ཁག་ ༧ དང་མགོ་རུས་ཆ་ཚང་ཞིག་བཅས་ཡོད་འདུག ལོ་རྒྱུས་ཡུན་རིང་ལྡན་པའི་འགྱུར་རྡོ་དེ་དག་སྐོར་ལ། ས་རྒྱུས་རྟག་ཞིབ་ཚན་པས་ཞིབ་འཇུག་བྱས་དོན་ལྟར་ན། ལོ་ངོ་ས་ཡ་ ༤།༡༠ དང་ས་ཡ་ ༥།༩༥ བར་གྱི་ལོ་རྒྱུས་ཡོད་པ་དང་། མགོ་རུས་ཆ་ཚང་དེར་ལོ་ངོ་ས་ཡ་༤།༤ ཙམ་གྱི་ལོ་རྒྱུས་ཡོད་པར་ངོས་འཛིན་བྱས་འདུག

ལྦི་སི་ཀྲོལ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་མ་ཎ་བུ་ས་ཁ་མོ་ཀྲོ་ཡིས་ “གསར་དུ་རྙེད་པའི་འགྱུར་རྡོ་འདིས་གནའ་ཤུལ་རིག་པའི་ཞིབ་འཇུག་གི་སྟོང་ཆ་གལ་ཆེན་ཞིག་ཁ་སྐོང་བྱེད་ཐུབ་པ་མ་ཟད། རྩ་སྟོང་དུ་ཕྱིན་པའི་ཞི་མིའི་ཁྱིམ་རྒྱུད་འདིའི་འབྱུང་ཁུངས་ཨེ་ཤ་ཡ་ཡིན་པ་ངོ་སྤྲོད་དང་འབྲེལ་ནས་གདོད་མའི་རི་དྭགས་འདིའི་གཟུགས་དབྱིབས་དང་འཚོ་སྡོད་བྱེད་ས་ག་པར་ཡོད་མེད་སོགས་ཤེས་རྟོགས་ཐུབ་པར་དགའ་ཚོར་བྱུང’’ཞེས་བརྗོད་འདུག

གོང་གསལ་གནས་ཚུལ་དེའི་སྐོར་ལ་ ༢༠༡༤ ལོའི་དབྱར་ཀར། མཁས་དབང་ཚན་ (Dr Tseng) དང་ཁོང་གི་རུ་ཁག་བོད་ཀྱི་ས་ཁུལ་དེར་ཆེད་དུ་བསྐྱོད་དེ་གནས་ཚུལ་ཁུངས་དག་ཡིན་མིན་གྱི་སྒྲུབ་བྱེད་འཚོལ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 2

  1. བོད་དགའ། says:
    ལོ་ 13 སྔོན།

    འདི་ནས་ཡར་བརྩིས་པའི་མི་ལོ་སུམ་སྟོང་བཞི་སྟོང་འཚམས་དེར་བོད་ཡུལ་རྒྱ་མཚོ་ཆེན་པོས་ཁེངས་བསྡད་ཡོད་པ་མིན་ནམ། འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་སྤྲེལ་སྲིན་རྣམས་མ་ཕེབས་གོང་དུ་བོད་དུ་འགྲོ་བའི་རིགས་མེད་པར་གསུངས་པ་མིན་ནམ། ལོ་ས་ཡ་བཞི་ལྔའི་གོང་གི་ཞི་མི་འདི་ཇི་ལྟར་བྱས་ནས་བྱུང་བ་ཡིན་ནམ།

    Reply
  2. རྣམ་རྒྱལ་ཚེ་རིང་། says:
    ལོ་ 13 སྔོན།

    མཚམས་རེར་བོད་པའི་གསར་ལམ་ཁག་གནས་གནས་ཚུལ་འདི་རིགས་འགོད་རྒྱུ་ཧ་ཅང་གལ་ཆེན་རེད། ད་དུང་ཚན་རིག་དང་དཔལ་འབྱོར་སྐོར་ནས་ཀྱང་བོད་པའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་འགན་བོད་པའི་གསར་ལམ་ཁག་ལ་ཡོད་པ་རེད། བོད་ཀྱི་དུས་བབ་ལ་མཚོན་ན་རྒྱལ་ཁབ་ཅིག་གི་གསར་ལམ་སྐད་གྲགས་ཆེ་ཤོས་དེ་རེད། གསར་འགྱུར་ཡིན་ན་འདྲ་རྩོམ་ཡིག་གང་ཐད་ནས་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བའི་ཕྱོགས་ནས་འགོད་སྤེལ་བྱེད་དགོས་རྒྱུ་གལ་ཆེན་རེད། ངྷ་རམ་ས་ལའི་མར་མེ་ཁྲོམ་སྐོར་དང་ལོ་འཁོར་མཛད་སྒོ་རྐྱང་རྐྱང་གིས་ཡོང་ཡ་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese