མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝན་ཚང་གི་གནས་ཚུལ་གསར་པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྙན་གྲགས་ཆེ་བའི་ཨ་རིའི་དངུལ་རྩའི་ཁེ་ལས་ཇི་ཕི་མོར་གྷན་གྱིས་རྒྱ་ནག་གི་སྲིད་བློན་ཟུར་པ་ཝན་ཅཱ་པའོ་ཡི་བུ་མོའི་ཁེ་ལས་ཤིག་དང་མཉམ་འབྲེལ་བྱས་ཡོད་འདུག

དེ་རིང་ནེའུ་ཡོག་དུས་བབ་ནང་གནང་ཚུལ་བཀོད་པ་ལྟར་ན། ཨ་རིའི་ཇི་ཕི་མོར་གྷན་(JPMorgan) ཁེ་ལས་ཀྱིས་རྒྱ་རིགས་བུད་མེད་ལི་ལི་ཅང་( Lily Chang )གི་ཁེ་ལས་(Full mark)དང་མཉམ་འབྲེལ་བྱེད་མགོ་ཚུགས་ཡོད་པ་དང་།  ཁེ་ལས་དེའི་ནང་ལས་ཀ་བྱེད་མཁན་ལི་ལི་ཅང་མོ་རང་ཚུད་པའི་རོགས་པ་བུད་མེད་གཞན་ཞིག་བཅས་མི་གཉིས་ལས་མེད་ཅིང་། ཁོ་གཉིས་ལ་ཨ་རིའི་ཇི་ཕི་མོར་གྷན་ཁེ་ལས་ཀྱིས་ཟླ་རེར་ཨ་སྒོར་ ༧༥།༠༠༠ སྤྲོད་ཀྱི་ཡོད་འདུག དེའི་སྐོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཇི་ཕི་མོར་གྷན་ཁེ་ལས་ཀྱི་གཙོ་འཛིན་གྱིས་བརྗོད་པ་ལྟར་ན། ཨ་རིའི་ཇི་ཕི་མོར་གྷན་གྱིས་མཉམ་ལས་བྱེད་བཞིན་པའི་རྒྱ་ནག་སྐམ་ས་ཆེན་མོའི་ཁེ་ལས་དེའི་མགོ་འཛིན་གྱི་མིང་དངོས་ལ་ལི་ལི་ཅང་ཟེར་གྱི་མེད་པར། མོ་ནི་རྒྱ་ནག་གི་སྲིད་བློན་ཟུར་པ་ཝན་ཅཱ་པའོ་ཡི་བུ་མོ་ཝན་རུ་ཆུན་ (Wen Ruchun) ཡིན་པ་བརྗོད་འདུག

ཇི་ཕི་མོར་གྷན་ཁེ་ལས་དང་ཝན་ཅཱ་པའོ་ཡི་ནང་མིའི་བར་གྱི་ཚོང་འབྲེལ་དེ། ཝན་ཅཱ་པའོ་རྒྱ་ནག་གི་སྲིད་བློན་ཡིན་སྐབས་ནས་བྱུང་བ་ཞིག་ཡིན་ཞིང་། དཔལ་འབྱོར་ཉམས་ཞིབ་པ་མང་པོ་ཞིག་གིས། ཝན་ཅཱ་པའོ་ནི་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཤིག་ཡིན་སྟབས་རྒྱ་ནག་ནང་ཚོང་འབྲེལ་བྱེད་པར་སྟབས་བདེ་པ་དང་། རྒྱ་ནག་གི་གཞུང་འབྲེལ་ཁེ་ལས་དང་དངུལ་ཁང་མང་པོ་ཞིག་དཔོན་རིགས་མཐོ་གྲས་དང་དེ་དག་གི་ནང་མི་སྤུན་མཆེད་ཚོའི་ལག་པར་ཡོད་ཅིང་། ཝན་ནི་རྒྱ་ནག་ནང་ཁེ་ལས་གསར་འཛུགས་དང་མ་འཇོག་བྱེད་ཕྱོགས་ཐད་ནུས་པ་འདོན་མཁན་གཙོ་གྲས་ཤིག་ཡིན་སྟབས། ཇི་ཕི་མོར་གྷན་ཁེ་ལས་ཀྱིས་ཝན་ཅཱ་པའོ་ཡི་བུ་མོ་དང་མཉམ་ལས་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

དངུལ་རྩའི་ཁེ་ལས་དེ་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཆོག་མཆན་བཀའ་འཁྲོལ་ཐོབ་ཆེད་ཝན་ཅཱ་པའོ་ཡི་ལྐོག་རྔན་ཨ་སྒོར་ས་ཡ་མང་པོ་བླངས་ཡོད་པ་དང་། དེའི་སྐོར་ཨ་རིའི་ཚོང་ལས་རྟོག་ཞིབ་ཚོགས་ཆུང་གིས་རྒྱུས་ལོན་བྱེད་པར་བསྐྱོད་སྐབས། ཁེ་ལས་དེས་ཨ་རིའི་ཚོང་ལས་སྒྲིག་སྲོལ་གང་ལའང་འགལ་མྱོང་མེད་ཚུལ་བརྗོད་ཡོད་ཀྱང་། ཝན་ཅཱ་པའོ་ཡི་བུ་མོ་ཝན་གྱི་ཁེ་ལས་ (Fullmark Consultants ) ལ་ཇི་ཕི་མོར་གྷན་ཁེ་ལས་ཀྱིས་ ༢༠༠༦ ནས་ ༢༠༠༨ ལོར་ཆ་སྙོམ་ཨ་སྒོར་ཐེར་འབུམ་ ༡།༨ དང་། ༢༠༠༧ ལོར་ཨ་སྒོར་ཐེར་འབུམ་ ༥ སྤྲད་ཡོད་འདུག

ཝན་ཅཱ་པའོ་ཡི་བུ་མོ་ཝན་གྱི་ཚོང་གཉེར་བྱེད་བཞིན་པའི་ཁེ་ལས་ནི། རྒྱ་ནག་གི་རྒྱལ་ས་པེ་ཅིན་དཀྱིལ་གྱི་ཁང་ཆེན་ཐོག་རྩེག་དགུ་པར་ཡོད་པ་དང་། དེ་ཝན་ཅཱ་པའོ་ཡི་ནང་མིས་དོ་དམ་དང་ཁོ་ཚོའི་མིང་ཐོག་ཏུ་དེབ་སྐྱེལ་བྱས་ཡོད་འདུག ཁེ་ལས་དེ་དང་ཇི་ཕི་མོར་གྷན་གཉིས་ཀྱིས་རྒྱ་ནག་གི་དྲ་རྒྱ་འཚོལ་ཞིབ་ལྟེ་གནས་ (Baidu ) དང་ཉེན་སྲུང་ལྟ་སྐྱོང་ཁེ་ལས་པིན་ཡིང་ (Ping An )ནང་མ་རྩ་ཕོན་ཆེན་བཞག་ཡོད་འདུག

༢༠༠༦ ལོར་ཉེན་སྲུང་ལྟ་སྐྱོང་ཁེ་ལས་པིན་ཡིང་ནང་མ་རྩ་ཨ་སྒོར་ཐེར་འབུམ་ ༡ དང་། ༢༠༠༧ ལོར་ཨ་སྒོར་ཐེར་འབུམ་ ༢ བཞག་ཡོད་འདུག ད་དུང་། ས་ཁང་ཁེ་ལས་(New Horizon Capital ) དང་འཛུགས་སྐྲུན་ལས་གཞིའི་ཁེ་ལས་(BBMG ) ནང་མ་རྩ་ཕོན་ཆེན་བཞག་ཡོད་འདུག ད་ལྟ་མོ་ནི་པེ་ཅིན་ནང་གི་མ་འཇོག་ཕོན་ཆེ་ཤོས་ཀྱི་དཔོན་རིགས་སྲེས་མོ་གཅིག་པུ་དེ་ཆགས་ཡོད་འདུག

ད་ལྟ་མོར་ས་ཁང་ཁེ་ལས་དང་འཛུགས་སྐྲུན་ལས་གཞིའི་ཁེ་ལས། དེ་བཞིན། རྒྱན་ཆ་བཟོ་ཚོང་སོགས་ཚོང་གཉེར་ཁེ་ལས་ ༤ ཡོད་པ་དང་། མ་དངུལ་ཨ་སྒོར་ཐེར་འབུམ་མང་པོ་ཡོད་ཅིང་འགའ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནང་མཁོ་གཏོང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese